37 Bodhisattva Yoga (photo) བྱང་ཆུབ་སེམས་དཔའི་ཡོ་ག་སོ་བདུན་མའི་པར་རིས།

Поділитися
Вставка
  • Опубліковано 12 січ 2025
  • བྱང་ཆུབ་སེམས་དཔའི་ཡོ་ག་སོ་བདུན་མ་ཟེར་མི་འདི་ཡང་། ཕུར་པ་རྡོ་རྗེ་རང་ཉིད་ཀྱིས་སྲོལ་རྒྱུན་གྱི་ཕྱི་པ་དང་ནང་པའི་ཡོ་ག་ཚུ་ལུ་གཞིར་བཞག་ཞིནམ་ལས། མཁས་པའི་ལེགས་བཤད་ཚུ་གིས་ཟུར་བརྒྱན་ཏེ། རྒན་གཞོན་བར་གསུམ་དང་ཡོ་ག་ལུ་སྦྱངས་བ་ཡོད་མེད་ཀུན་གྱི་དོན་ལུ་དང་། ལྷག་པར་དུའང་རང་ཉིད་དུས་རྒྱུན་དུ་རྩེ་ནི་གི་དོན་ལུ་བྱང་ཕྱོགས་ཀྱི་ཆོས་སོ་བདུན་གྱི་གྱངས་ཁ་དང་མཐུནམ་སྦེ་ཕྱོགས་བསྒྲིགས་འབད་འབདཝ་ཨིན།
    ཡོ་ག་འདི་གི་ལེའུ་འདི་ཚུ་གི་གོ་རིམ་དང་བསྡུ་སྒྲིག་ཚུ་ཡང་ཕན་གནོད་ཀྱི་ཞིབ་འཚོལ་དང་བགྲོ་གླེང་ཚུ་གིས་མཐའ་དཔྱད་ཀྱི་ཐོག་ལས་བསྒྲིགས་ཏེ་ཡོདཔ་ཨིན།
    ཡོ་ག་འདི་གི་ཐོག་ལུ་རང་ཉིད་ལོ་ངོ་གསུམ་དེ་ཅིག་གི་རིང་རྩེ་ཡི་མཐའ་མར། སྤྱི་ལོ་ ༢༠༢༢ ཀྱི་སྤྱི་ཟླ་ ༦ པ་ནང་ལས་འབྲུག་གཞུང་གྲྭ་ཚང་གི་ལས་ཚོགས་སློབ་དཔོན་སངས་རྒྱས་རྡོ་རྗེ་མཆོག་གི་ཐུགས་དགོངས་བཞིན་དུ། བདེ་སྲུང་ནང་ཆོས་རིག་རྩལ་སྦྱོང་བརྡར་འབད་མི་ན་གཞོན་ཚུ་ལུ་སྟོན་ནི་འགོ་བཙུགས་ཏེ། ད་ཚུན་གྱི་རིང་བདེ་སྲུང་པ་ ༡༠༠ ལྷག་ཙམ་གྱིས་སྦྱངས་ཏེ་ཡོད་པའི་ཁར་མུ་འཐུད་དེ་ཡང་སྦྱང་སྟེ་ཡོདཔ་ཨིན། ལྷག་པར་དུ་ཡང་ཡོངས་འབྲེལ་ Facebook དང་ Telegram གི་ཐོག་ལས་མི་གྲངས་ ༢༠༠༠ ལྷག་ཙམ་གྱིས་ལྷབ་སྦྱངས་འབད་དེ་ཡོདཔ་ཨིན།
    རྒྱུ་མཚན་འདི་ཚུ་ལུ་གཞིར་བཞག་སྟེ་ད་རེས་ང་གིས་བྱང་ཆུབ་སེམས་དཔའི་ཡོ་ག་སོ་བདུན་མའི་པར་རིས་ཆ་ཚང་ཅིག་གློག་བརྙན་གྱི་ལམ་ནས་སྤྱན་འབུལ་ཕུལཝ་ཨིན། ཡོ་གའི་པར་རིས་འདི་ཚུ་ལེགས་ཤོམ་ཅིག་མེད་དེ་འབད་རུང་། གཟིགས་མི་ཚུ་གིས་པར་རིས་འདི་ཚུ་ལུ་བརྟེན་ཡོ་ག་རྩེ་ནི་གི་ཐུགས་བཞེད་གནང་སྟེ། ཡོ་ག་རྩེ་བའི་ཐོག་ལས་ལུས་སེམས་བདེ་སྐྱིད་ཀྱི་ངང་ལུ་བཞག་པའི་རེ་སྨོན་ཡོད་ཟེར་ཞུ་ནི་ཨིན།
    37 Bodhisattva yoga is presented by myself, Phurpa Dorji, which is based on both non-Buddhist and Buddhist practice of yoga.
    It can be practiced by all the ages of three Viz;(The elders, teenagers and an adults)and either by the experienced ones and an untrained learners.
    Furthermore, through these 37steps, anyone can easily be participated with less challenges. These steps and compilation of yoga is finalized based on research analysis of it's impacts according to five elements in our body and mind.
    I have been practicing yoga intensively for last three years and I have started to guide and teach 37yoga for the desuups undergoing Buddhist Skilling Program from June 2022 under the direction of His Eminence the Leytshog Lopen Sangay Dorji from CMB (Central Monastic Body)
    Until now, more than hundred Desuups have trained and currently it is still continuing. In addition, more than 2000 numbers have taken a part in learning this 37 Bodhisattva yoga through online. In the wake of this reason,I am presenting all 37 steps in the following clips with the intent of genuine Bodhisattva to benefit all the beings to the greatest extent.
    With the very hope that the audience might also be encouraged, inspired and stir up to practice yoga, despite my imperfections.
    I wish everyone be acquired with peace and wellbeing of both body and mind with this 37 Bodhisattva yoga!

КОМЕНТАРІ •

  • @yarkapemasangmo7469
    @yarkapemasangmo7469 Рік тому

    🙏🙏🙏

  • @크라시바야-c7u
    @크라시바야-c7u Рік тому

    Thank you for uploading this video! I hope to see more videos on your channel. I'm interested about Deity practices could you please make a video about this?
    Thank you!

    • @phurpadorji5972
      @phurpadorji5972  Рік тому

      Thank you very much for you kind comments, and ok I’ll try my best

  • @KinleyWangmo-f6v
    @KinleyWangmo-f6v 5 місяців тому

    🙏🙏🙏

  • @GawaGuwa
    @GawaGuwa 2 місяці тому

    🙏🙏🙏