བོད་ཀྱི་ནད་པ་རོལ་ཚོགས། - རྨ་ཆུ། Bod Kyi Nepa Roltsok - Machu (Audio)

Поділитися
Вставка
  • Опубліковано 12 вер 2024
  • ཐག་རིང་ནས་ཡོང་བའི་སྐྱ་མི་དག་གིས་གནས་འདི་ནས་འཁོར་གཞི་བཟུང
    ཁོ་ཚོས་རི་ཆུ་ལ་གཅེས་མིང་བཏགས་ཤིང་རིགས་རྒྱུད་ཀྱི་མངའ་ཐང་སྤེལ
    རྨ་ཆུ་ནི་ས་ཆ་ཞིག་མི་སྣ་ཞིག་ཡང་ན་བདག་མེད་ཀྱི་སྣང་བ་ཞིག
    རྨ་ཆུ་ནི་མི་མེད་པའི་ས་སྟོང་མཚན་གཅིག་བརྩིགས་པའི་གྲོང་ཁྱེར་ཡིན
    རྨ་ཆུ། རྨ་ཆུ།
    དབུལ་ཕོངས་ཀྱི་རྨ་ཆུ
    བཞོན་རྟ་མེད་པའི་འབྲོག་པ་དག་གིས
    རྐང་ཐང་ལ་རི་དྭགས་རྔོན
    རྨ་ཆུ། རྨ་ཆུ
    འཁྲུལ་སྣང་གི་རྨ་ཆུ
    ཁྱོད་ཀྱི་ཁོག་སྟོད་རྗེན་པའི་སྟེང་ལ
    ལྕགས་ནག་གི་ཆར་བ་འབབ
    འབྲོང་ལམ་ནས་ཐུར་ལ་སྨིས་ལྔ་བརྒྱ་མ་རེད་སྨིས་བདུན་བརྒྱ་ཙམ་སོང་ཚེ་
    གཡས་གཡོན་གྱི་ཁང་བ་ལས་མགར་བ་དང་ཤན་པ་སྨད་འཚོང་མས་འཚང་ཁ་བྱེད
    དེ་ལས་ཁྱོད་ཀྱིས་དངུལ་གྱིས་བཤན་པའི་གྲི་ཆུང་གིས་ཆུང་འདྲིས་ལ་ལག་གདུབ་བརྡུང་ཆོག
    དེ་ལས་ཁྱོད་ཀྱིས་བརྩེ་དུང་མེད་པའི་རྣམ་ཤེས་དང་ཡུན་རིང་འཐམ་འཁྱུད་བྱས་ཆོག
    རྨ་ཆུ། རྨ་ཆུ།
    འདོད་སྲེད་ཀྱི་རྨ་ཆུ
    དད་པ་མེད་པའི་འགྱིག་མི་དག་གིས
    ལྦུ་བ་བཞིན་གང་སར་གཡེང
    རྨ་ཆུ། རྨ་ཆུ
    ཆོ་མེད་པའི་རྨ་ཆུ
    ཕུ་རུང་ལས་བྲོས་པའི་འདབ་ཆགས་ཀྱི་གཤོག་སྒྲས
    སྐར་ཚོམ་གྱི་མཛེས་སྡུག་གཏོར
    རྨ་ཆུ་ནི་སི་ཁྲོན་དང་ཡུན་ནན་དབྱིན་ཇིའི་མི་ཡོད་འོན་ཀྱང་རང་མྱི་མེད
    རྨ་ཆུ་ནི་ཡིད་སྤྲུལ་དང་ལད་མོ་ཚེ་རིང་བའི་མི་ཡོད་འོན་ཀྱང་དྲོད་ཁོལ་མེད
    ཁྱོད་རང་ཐེངས་གཅིག་ལ་རྨ་ཆུ་དང་བྲལ་ཚེ་གནས་འདི་ལ་ལོག་ཐབས་མེད
    ཁྱོད་རང་ཐེངས་གཅིག་ལ་རྨ་ཆུ་ནས་ངུས་ཚེ་གནས་འདི་ནས་སྐྱིད་ཐབས་མེད
    རྨ་ཆུ། རྨ་ཆུ
    གྲང་འཁྱགས་ཀྱི་རྨ་ཆུ
    སྔངས་ཤིང་འདར་བའི་གངས་རི་ཞིག་ནི
    མགོ་ཐོག་ཏུ་ཉིལ་ལ་ཉེ
    རྨ་ཆུ། རྨ་ཆུ
    ལས་ངན་གྱི་རྨ་ཆུ
    ལག་ལ་རྙེད་པའི་གསེར་གྱི་གའུ
    ཁེར་རྐྱང་གིས་བཞུ་ལ་ཉེ
    #thetibetpatient #bodkyineparoltsok #tibetansong2023 #tibetansong

КОМЕНТАРІ •