Techung-Tibetan Music Preservation Project

Поділитися
Вставка
  • Опубліковано 2 вер 2019
  • Tibetan Music Preservation Project
    Tibetan Music Preservation (TMP) aims to preserve and promote Tibetan traditional music through authentic recording, distribution, performance and interaction. More importantly, the TMP will build an archive of audio recordings of Nangma and Toeshey songs, which are two classical music traditions from Tibet, particularly Lhasa, the capital city of Tibet. The project will be undertaken by Tibetan musician Techung who will put his own stamp on this vanishing traditional classical songs from Tibet. The audio archive and collection of lyrics will be made available to researchers as well as general public free of charge.
    In House Fundraising Concert
    Long Island, NY August 31, 2019
    Hosted by Rinzing Wangyal family
    Artists:
    Techung
    Jesse Paris Smith
    Mike BEasy
    Michael Hallock
    Rinzing Wangyal
    Video by Karma Dechen Wangyal
    Video editing by Rinzing Wangyal
    Speicial Thanks to:
    Wendy Cheung
    Chhunju Andruksurba
    Jigme Kashimay
    Sisa Salgado
    Sonam Sherpa
    ༈ གྲོགས་པོ་ལྷན་རྒྱས་ལ།
    གུས་པ་བོད་ཀྱི་གཞས་པ་བཀྲས་ཆུང་ནི་བཞུགས་སྒར་བོད་ཀྱི་ཟློས་ནང་མི་ལོ་བཅུ་བདུན་ལྷག་རྩམ་རིག་གནས་སློབ་སྦྱོང་དང་དེ་རྗེས་ཨ་རིར་ཕྱི་ལོ་༡༩༨༨ཡས་མས་ནས་ད་བར་སྲོལ་རྒྱུན་
    རོལ་དབྱངས་དང་ཟློས་གར་སྒྱུ་རྩལ་གྱི་ལམ་ནས་བོད་ཀྱི་རིག་གཞུང་དང་ཞར་དུ་བོད་དོན་གནས་ཚུལ་འཁྱབས་སྒྲགས་ཀྱི་ལས་དོན་རིམ་པ་འདྲ་མིན་གང་ཐུབ་ཞུ་མི་ཞིག་ཡིན། ད་བར་སྲོལ་རྒྱུན་དང་དེང་དུས་བོད་གཞས་ཀྱི་འོད་སྡེར་བཅོ་ལྔ་ལྷག་འདོན་སྤེལ་ཞུས་ཡོད། བར་ལམ་ཕྲན་གྱིས་འབད་པ་ཆེན་པོས་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་སྒྲ་འཇུག་ལས་འགུལ་ཞིག་བརྩམས་ནའང་དཔའ་བོ་དམག་ལ་འགྲོ་བར་མཚོན་ཆ་མེད་པ་ལྟར་དཔལ་འབྱོར་འདུ་འགོད་ཀྱི་ཆ་རྐྱེན་ཞན་པས་ད་བར་ཇི་ལྟར་ནར་འགྱངས་སོང་ཚུལ་གྱི་ཡིག་ཆ་ཆ་ཚང་ཞིག་འདིར་སྤྱན་འབུལ་ཞུས་ཡོད་པས་ཐུགས་ཞིབ་ཡོང་བ་ཅི་ནས་འཚལ། ལས་འགུལ་འདིའི་དམིགས་ཡུལ་རིམ་པ་འགའ་ཞིག་མཆིས་པ་ནས་གཙོ་ཆེ་ཤོས་ཤིག་ནི་གུས་པས་དེ་སྔ་བོད་ཀྱི་ཟློས་གར་ནང་སྲོལ་རྒྱུན་རོལ་དབྱངས་ལ་མཁས་པའི་དགེ་རྒན་དམ་པ་རྣམས་དང་། དེ་བཞིན་རོལ་དབྱངས་མཁས་པ་རྒན་རབ་གཞན་དག་རྣམས་ཀྱི་ཞལ་ནས་བོད་ཀྱི་སྲོལ་རྒྱུན་ནང་མ་སྟོད་གཞས་རིམ་སྦྱང་ཞུས་པ་རྣམས་སྒྲ་འཇུག་ཆ་ཚང་ཞུས་ནས་སླད་འཆར་མི་ཉམས་རྒྱུན་འཛིན་གྱི་ལས་འགུལ་དང་ཞར་དུ་རྒྱལ་སྤྱིའི་ནང་བོད་ཀྱི་རོལ་དབྱངས་ལ་དོ་སྣང་ཅན་རྣམས་ལའང་ངོ་སྤྲོད་དང་དམིགས་གསལ་ཐུགས་སྣང་ཡོང་སླད་ཁོ་ནའི་ཆེད་དུདམིགས་པ་ཞིག་ཡིན་ལགས། མི་ལོ་གཉིས་རིང་སྒྲ་འཇུག་ཞུ་རྒྱུའི་གཞས་གྲངས་སུམ་བཅུ་ལྷག་ཙམ་འདི་ལོ་༢༠༡༩ ནང་སྒྲ་འཇུག་སྤུས་ལེགས་ཞུས་འཕྲལ་དྲ་རྒྱའི་ཐོག་རིན་མེད་དུ་མི་མང་ལ་གསན་འཇུག་རྒྱུ་དང་དེ་བཞིན་འོད་སྡེར་ཐོག་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་དང་སློབ་གྲྭ་ཆེ་ཆུང་ཁག་བཅས་ལ་ཞལ་འདེབས་འབུལ་འཆར་ཡིན། དེར་བརྟེན་ལས་འགུལ་འདིའི་ཆེད་འགྲོ་གྲོན་ཁྱོན་བསྡོམས་ཨ་སྒོར་ཉི་ཁྲི་ལྔ་སྟོང་ཙམ་དགོས་གལ་ཆེ་བས་ད་བར་ཆིག་ཁྲི་ལྔ་སྟོང་ཉེ་བ་ཞལ་འདེབས་ཐོབ་ཡོད་ལ་ད་དུང་ཨ་སྒོར་ཆིག་ཁྲི་ཞལ་འདེབ་དགོས་གལ་ལ་རྒྱལ་སྤྱིའི་མང་ཚོགས་ནས་རྒྱབ་སྐྱོར་ཡོང་བ་ཞུ།། ད་བར་སྒྲ་འཇུག་ཞུས་ཟིན་པ་རྣམས་དྲ་རྒྱ་འདི་ནང་གསན་ཐུབ། www.soundcloud.com/techung
  • Фільми й анімація

КОМЕНТАРІ •