བོད་ནས་བཏང་བའི་གཞས། གཞས་མིང་། སྒུག

Поділитися
Вставка
  • Опубліковано 12 вер 2024
  • གཞིས་ལུས་བོད་མིའི་སེམས་གཏིང་གི་རེ་བ་མཚོན་པའི་གཞས།
    གཞས་མིང་ སྒུག
    གཞས་ཚིག རྨ་དཔལ་འབར།
    དབྱངས། བཀྲ་ཤིས་དཔལ་ལྡན།
    གཞས་པ། སྐལ་བཟང་རྣམ་འགྲོལ།།
    བརྙན་ལེན་པ། བྱམས་པ་བཟང་པོ།
    སྒྲིག་བཟོ་པ། བྱམས་པ་བཟང་པོ།
    གཞས་ཚིག
    ཞག་སྣེ་ཞག་གིས་མཐུད།
    ཟླ་སྣེ་ཟླ་ཡིས་མཐུད།
    ལོ་སྣེ་ལོ་ཡིས་མཐུད།
    ཟླ་སྒུག
    ལོ་སྒུག
    ལོ་ངོ་དྲུག་བཅུ་ལྷག་ཅིག་སྒུག་ནས་ཡོད།
    ཨ་མའི་བུ།
    ང་ཚོའི་ལྷན་འཛོམས་ཀྱི་སྐལ་བཟང་དེ་ནམ་ཞིག་ཡིན།
    ཨ་མའི་བུ།
    ནམ་ཞིག་ཡིན་་་་་་་་་ ཨ་མའི་བུ།
    མིག་གིས་ཁྱོད་ལ་ལྟ།
    རྣ་བས་ཁྱོད་ལ་ཉན།
    ཡོད་ཚད་ཁྱེད་རང་སྒུག
    ནང་སྒུག
    ནུབ་སྒུག
    ཉིན་མཚན་དབྱེར་མེད་སྒུག་པའི་སྙིང་སྟོབས་ཡོད།
    ཨ་མའི་བུ།
    ང་ཚོའི་དགའ་སྟོན་གྱི་སྤྲོ་ཚོགས་དེ་ནམ་ཞིག་ཡིན།
    ཨ་མའི་བུ།
    ནམ་ཞིག་ཡིན་་་་་་་་་ ཨ་མའི་བུ།
    ལག་པ་བྲང་ལ་སྦྱར།
    སྙིང་ཆུང་ལྷང་ངེར་ལྡིར།
    སྐྱོ་བའི་མཆི་མ་བཞུར།
    ཉིན་སྒུག
    མཚན་སྒུག
    མ་མཇལ་དུ་སྒུག་པའི་སྤོབས་པ་ཡོད།
    ཨ་མའི་བུ།
    ང་ཚོའི་དགོད་སྒྲ་ཡི་དུས་བཟང་དེ་ནམ་ཞིག་ཡིན།
    ཨ་མའི་བུ།
    ནམ་ཞིག་ཡིན་་་་་་་་་ ཨ་མའི་བུ།
    ང་ཚོའི་དགོད་སྒྲ་ཡི་དུས་བཟང་དེ་ནམ་ཞིག་ཡིན།
    ཨ་མའི་བུ།
    ནམ་ཞིག་ཡིན་་་་་་་་་ ཨ་མའི་བུ།

КОМЕНТАРІ • 2