རྒན་བཀྲིས་ཚེ་རིང་གྲོ་མོ་རིན་ཆེན་སྒང་གི་གཞས་ཚིག་སྐོར། Master Tashi Tsering about Dromo Rinchen Gang

Поділитися
Вставка
  • Опубліковано 7 лис 2021
  • ལྷ་སའི་སྟོད་གཞས་ཀྱི་རྒྱུན་འཛིན་པ། བཀྲ་ཤིས་ཚེ་རིང་།
    དུས་རབས་ཉི་ཤུ་པའི་དུས་འགོར་ལྷ་སའི་ཚོང་པ་ཞིག་རྒྱ་གར་དུ་ཚོང་འདྲེན་པར་འགྲོ་སྐབས། གྲོ་མོ་རིན་ཆེན་སྒང་ལ་རྟག་ཏུ་གནས་ཚང་གཡར་ནས་བསྡད་པ་དང་། དུས་ཡུན་གང་ཙམ་སོང་རྗེས། གནས་ཚང་གི་བུ་མོར་སེམས་པ་ཤོར་ཞིང་། མཐར་ཁོ་གཉིས་བར་བརྩེ་དུང་གི་མདུད་པས་བཅིངས་པ་རེད། དེ་ནས་ལོ་མང་སོང་རྗེས། ལྷ་སའི་ཚོང་པ་ན་སོ་རྒས་པ་དང་། དུས་རྟག་ཏུ་ཆང་ཁང་ནང་ཆང་འཐུང་པ་དང་། གླུ་གཞས་བླངས་ནས་གྲོ་མོར་ཡོད་པའི་སྙིང་སྡུག་དྲན་པའི་སྡུག་བསྔལ་སེལ་ཐབས་བྱེད་པ་དང་། གྲོ་མོ་རིན་ཆེན་སྒང་ལ་འགྲོ་མཁན་བྱུང་ན་སེམས་པའི་ཡིག་ཆུང་བསྐུར་རྒྱུ་ཡོད་ལུགས་བརྗོད་བཞིན་ཡོད་པ་རེད། དེའི་སྐབས་སུ། རང་ལ་བསྐོས་པའི་བཟའ་ཟླ་ནོར་འཛིན་གསལ་སྒྲོན་ཆང་ཁང་དུ་བསླེབས་ཏེ། ཚོང་པའི་ལག་པ་ནས་འཇུས་ཏེ་ཤོ་ལོ་མོ་ལོ་ཀབ་ཅེས་རྒན་པོ་དེ་བསུས་ནས་ཁྱིམ་དུ་ལོག་ཕྱིན་པ་རེད།
    གྲོ་མོ་རིན་ཆེན་སྒང་གི་གཞས་ཚིག།
    གྲོ་མོ་རིན་ཆེན་སྒང་ལ་ཕེབས་མཁན་མི་ཞིག་བྱུང་ན།
    ཆེན་པོའི་ཕྱག་རྟགས་མེད་ཀྱང་སེམས་པའི་ཡིག་ཆུང་བསྐུར་ཆོག
    སང་བྱོན་གནངས་བྱོན་ཡིན་པའི་ཨ་ཇོའི་གཉའ།
    ལགས་འོ་ན་ལྷ་སའི་ཆུང་འདྲིས་གསུང་ལ་སྙན་པ་བྱིའུ་ཆུང་འཇོལ་མོས་གསུང་བཤད་གནང་རོགས་གནང་དང་།
    ལོའོ་ག་རེ་གནང་མཁན་ཡིན་པ། ལོའོ་མཆོད་ཆང་མཆོད་མཁན་ཡིན་པས།
    ནོར་འཛིན་གསལ་སྒྲོན་སྔོན་གྱི་ལས་ལ་བསྐོས་སོང་།
    སྟོད་གཞས་ནི་དང་ཐོག་སྟོད་མངའ་རིས་ནས་དར་བ་དང་། དེ་ནས་དིང་རི་དང་། ལྷ་རྩེ། ས་སྐྱ་ཁུལ་དུ་དར་ཁྱབ་ཆེན་པོ་བྱུང་ཞིང་། ཞབས་བྲོའི་རྡིག་ཤུགས་ཆེ་བ་དང་། གླུ་ཚིག་གསལ་བའི་ཁྱད་ཆོས་ལྡན། ཕྱིས་སུ་དབུས་ཕྱོགས་ལྷ་སར་དར་འཕེལ་བྱུང་ཞིང་། སྒྲ་སྙན་གྱིས་གཙོས་པའི་རོལ་ཆ་ཁག་ལྔ་ཙམ་གྱིས་རམ་འདེགས་ཞུ་བ་དང་། ལྷ་སའི་སྐད་ཀྱི་དབྱངས་གཤིས་དང་སྐད་གཤིས་ལ་བསྟུན་ནས། གླུ་ཚིག་ལྡིང་ཞིང་རྒྱུ་བ། ཞབས་བྲོའི་སྟངས་སྟབས་མཛེས་པ། ལྷག་པར་དུ་ཇེམ་ཙེ་ཁ་ཞེས་གླུ་དང་རོལ་དབྱངས་མཚམས་རེར་གཅིག་ཏུ་སྦྲེལ་བ་དང་། མཚམས་རེར་སོ་སོར་གྱེས་ནས་སྒྱུ་རྩལ་གྱི་ཚད་གཞི་མཐོན་པོར་སླེབས་པར་བྱས་ཡོད།

КОМЕНТАРІ • 1

  • @thanos4352
    @thanos4352 2 роки тому

    🙏🙏🙏🙏
    Please upload more explanation of Nangma songs.
    Tashi deleck