བློ་བཟང་འཇིགས་མེད། - གྲོ་མོ་རིན་ཆེན་སྒང་། Lobsang Jigme - Dromo Rinchengang (Official Audio)

Поділитися
Вставка
  • Опубліковано 3 жов 2024
  • གྲོ་མོ་རིན་ཆེན་སྒང་ལ། ཐད་མཁན་མི་ཞིག་བྱུང་ན།
    ངའི་ཆེན་པོའི་ལག་རྟགས་མེད་ཀྱང་། ཆུང་བའི་ཡིག་ཆུང་བསྐུར་ཡོད།
    ལྕམ་སྐུ་ཞབས། ག་རེ་གནང་གི་ཡོད།
    མ་མཇལ་ཡུན་རིང་སྐུ་གཟུགས་བདེ་པོ་ཡིན་ནོ།
    ད་བར་དུ་འབྲེལ་བ་གཅིག་ཡས་མ་བྱུང།
    ཕལ་ཆེར་ཁྱེད་རང་ང་བརྗེད་པ་མིན་འགྲོ།
    ཡིག་གི་གཅིག་སྐུར་ནས་བསམ་ཚུལ་བཤད།
    ཁྱེད་རང་གི་བཞིན་རས་ཡིད་ལ་དྲན།
    བརྩེ་སེམས་དེ་ཁྱེད་རང་ལ་སྤྲོད།
    ངའི་བརྩེ་བའི་མི་དི་ཁྱེད་རང་ལས་མེད།
    ལོ་ཁ་ཤས་གོང་གི་གཟའ་ཟླ་བ་གཅིག་ལ།
    ཁྱེད་རང་ང་དང་ཁ་བྲལ་ནས།
    བཀའ་མོལ་ཚིག་གཅིག་ཡས་གསུངས་མེད།
    སྐྱིད་པོའོ་ནས་གཅིག་པོའོ་ཐད།
    ཁྱེད་རང་ལམ་སང་ལོག་ཡོང་གི་རེད་བསམ་བྱུང་།
    ཡིན་ནའི་དུས་ཚོས་ལོ་དི་གས་ཕྱིན་སོང་།
    ངའི་བློ་དི་ཕམ་བྱུང་།
    ཡིན་ནའི་ཉི་མ་དི་མགྱོགས་པོ་འགྲོ་རེད་བསམ་བྱུང་།
    ཡཱ་་་འོ་ན་ལྷ་སའི་གཞུང་ལ་གསུང་ལ་སྙན་པའི་བྱིའུ་ཆུང་འཇོལ་མོ།
    གསུང་སྐད་སྙན་པ་ལཱ།
    སང་གཞེས་གནངས་གཞེས། དབྱིངས་ཀྱི་ནང་ལ་ཚུད་སོང་།
    ཤར་པ་རིན་འཛིན་དགའ་ཡཱ། སྔོན་མོའི་ཆང་གིས་ལ་བཟི་ཡཱ།
    ལྕམ་སྐུ་ཞབས། ག་རེ་གནང་གི་ཡོད།
    ཁྱེད་རང་ང་ལ་སེམས་ཁྲལ་བྱས་མི་དགོས།
    སྣང་བ་སྐྱིད་པོ་འདུག་ བདེ་པོ་ཡིན་དོའོ།
    ཁྱེད་རང་འཁྲིས་ལ་ཡོད་ན་ཕུན་སུམ་ཚོགས།
    གངས་ཕབས་སོང་ལོ་གསར་པ་ཤར་སོང་།
    ཁྱེད་རང་ཡང་སྙིང་ག་དུས་ལོག་ཕེབས་ཡོང་།
    མཉམ་དུ་གནམ་མཚོའོ་འགྲོ་བ་ཁ་ཆད་བྱས་པ་དི་ལག་ལེན་ཐོབ་མ་སོང་།
    གལ་ཡོད་མ་རེད་སེམས་ཕམ་མ་དགོས།
    རྗེས་སུ་གོ་སྐབས་མང་པོ་ཡོད་རེད།
    ང་ནི་སྔར་བཞིན་ཁྱེད་རང་གི་Mr.bee
    འགྱུར་བ་མེད་པའི་melody
    ཁྱེད་རང་ས་དེར་གཟུགས་པོ་བདག་གཅེས་་བྱེད།
    སྣང་བ་སྐྱིད་པོའོ་བྱས་བཞུགས་ཞི།
    ཡིག་གི་དི་གཟིགས་བྱུང་ན་ཡིག་ལན་ཞིག་སྐུར་ན་
    དི་ནི་ང་རའི་རེ་བ་ཡིན།
    གྲོ་མོ་རིན་ཆེན་སྒང་ལ། ཐད་མཁན་མི་ཞིག་བྱུང་ན།
    ངའི་ཆེན་པོའི་ལག་རྟགས་མེད་ཀྱང་། ཆུང་བའི་ཡིག་ཆུང་བསྐུར་ཡོད།
    འཇམ་ཐིང་ཐིང་གི་མཚན་མོ་ཞིག་ལ།
    ཟླ་འོད་འཕྲོ་བའི་མཚོ་ཆུའི་འགྲམ་ལ།
    དུས་ནམ་ཡང་ཁ་མ་འབྲལ་བ་དམ་བཅའ་བཞག་བའི་བསམ་བློ་འཁོར་བ།
    དེ་དུས་གཅིག་སེམས་གཅིག་ལ་འབྲེལ་བ།
    མ་བསྒྲིགས་རང་བསྒྲིགས་ཀྱི་གཏན་གྲོགས་ཡིན་པ།
    ཁྱེད་རང་ལ་སྐུར་བའི་ངས་བྲིས་བའི་རི་མོ།
    འབྱོར་ཡོད་ནམ་ལན་བྱེད་་མཁན་མི་འདུག
    ཁྱེད་རང་ལ་བདེབས་པའི་མེ་ཏོག
    སྔ་ས་ནས་རྣམ་པར་བཞད་སོང་།
    ཚེས་ཆེན་དུས་བཟང་ལ་སླེབས་དུས་།
    ང་འགྲམ་དུ་ཡོད་པའི་བསམ་འདུན།
    ང་གཉིས་མགྱོགས་པོ་ཐུག་ཡོད་པའི་སྨོན་འདུན།
    དང་དེའི་སྐོར་གྱི་གཉིད་ལམ་ནང་འཛུལ།
    ལཱ་་་ག་རེ་གནང་མཁན་ཡིན།
    ལཱ་་་མཆོད་ཆང་བཞེས་མཁན་ཡིན་པས།
    ནོར་འཛིན་གསལ་སྒྲོན་དབྱིངས་ཀྱི་ནང་ལ་ཚུད་སོང་།
    ཤར་པ་རིན་འཛིན་དགའ་ཡཱ། སྔོན་མོའི་ཆང་ལ་བཟི་ཡཱ། #tibetansong #tibetanmusic #tibetansong2022

КОМЕНТАРІ •