ཨ་ཕ། བདེ་སྐྱིད་ཚེ་རིང་། FATHER BY DEKYI TSERING

Поділитися
Вставка
  • Опубліковано 19 січ 2011
  • translated in english version • བདེ་སྐྱིད་ཚེ་རིང་། Fat...
    ཨ་ཕ། གཞས་ཚིག
    ཁྱིམ་ཚང་ཞིག་གི་ཐབ་ཚང་ནས་གཟིམ་མ་མྱོང་བའི་མར་མེ་ཚེ་འབར་ལགས།
    དྭ་ཕྲུག་ཁྱུ་ཡི་རེ་སྒུག་གི་མདུན་མ་བཅིངས་པའི་སེམས་ཀྱི་ཡབ་ཆེན་ལགས།
    ངས་ཁྱེད་ལ་ཞུ་འཕྲིན་སེམས་ཀྱི་མཆོད་པ་ཕུལ
    ཞོགས་པའི་ལྷ་གསང་གཏོང་དུས་རླུང་རྟ་དགུང་ལ་མཆོད་ཡོད
    ཀི་བསོ་ཡིས་བསྟོད་པའི་དུ་སྤྲིན་ལ་གསོལ་འདེབས་ཀྱི་སྨོན་ཚིག་ཁྲི་འབུམ་བསྐུར་ཡོད
    ཡུན་རིང་བྲལ་བའི་རྒྱང་རིང་གི་སེམས་ཀྱི་ཡབ་ཆེན་ལགས།
    ཁྱེད་རང་སྐུ་ཁམས་བདེ་ལེགས་སམ།
    རང་ཁྱིམ་དྲོད་ཀྱིས་སྟོང་བའི་གཞི་གྱེས་ཀྱི་ཕུ་ནུ་མང་སྲིང་ཚོ།
    ཁྱེད་རྣམ་པ་ཕུང་ཁམས་བདེ་མོ་ཡིན་ནམ
    རྩྭ་ཐང་འཁྱག་གིས་བསྡམས
    སྦྲ་གུར་རླུང་གིས་བསྐྱོད་པའི་ཕ་ཁྱིམ་ན
    བདག་མེད་ཤུལ་ལུས་ཀྱི་སྤུན་ཟླ་མིང་སྲིང་ཚོ
    སྡུག་བསྔལ་གྱི་མིག་ཆུ་ཁྲོམ་ཁྲོམ་ལས་བདེ་སྐྱིད་རྒོད་སྒྲ་ཐོས་མ་མྱོང་།
    དྲན་གདུང་གི་ཤུགས་རིང་ནར་ནར་ལས་ལྷན་འཛོམས་ཀྱི་སྐལ་བ་རྙེད་མ་མྱོང་།
    ཉིན་རེ་ནས་ཉིན་རེ། ཟླ་རེ་ནས་ཟླ་རེ། ལོ་རེ་ནས་ལོ་རེ
    དབྱར་དགུན་གྱི་དུས་ཚིགས་རེས་སུ་འཁོར་ཡང་ང་ཚོའི་ཡུལ་དུ་བུ་ཡུག་རྐྱང་རྐྱང་འཚུབ
    མཁྱེན་མཁྱེན་་་བླ་མ་མཁྱེན
    འོན་ཀྱང་ཨ་ཕ་ལགས། ཁྱེད་རང་ཐུགས་སེམས་སྐྱོ་མི་དགོས
    འུ་ཚང་གི་ཁྱིམ་དུ་བདེ་སྐྱིད་དེ་འདྲ་མེད་ཀྱང་
    ཨ་ཕའི་གདམས་ངག་ལ་སྔར་བཞིན་དྲོད་ཁོལ་ལྡན
    ཕ་ཤུལ་བུ་ཡིས་འཛིན། ཕ་ཆོས་སེམས་ཀྱིས་སྒྲུབ
    ཕ ཡིག་སྦྱོང་ལ་བརྩོན། ཕ་སྐད་གཙང་མ་བཤད
    ཕ་སྲོལ་རྒྱུད་ཀྱིས་འཛིན། ཕ ཟས་རྒྱུན་དུ་རོལ་བའི་ཕ་ཁྱིམ་སྙིང་ནས་བརྩེ་བཞིན་ཡོད།
    ཨ་ཕ་ལགས། ངས་བརྗེད་དཀའ་བ་ནི་ཁྱེད་ཡིན་ལ་དྲན་སླ་བ་ནི་ཁྱེད་ཡིན
    ཁྱེད་ནི་བརྩེ་བའི་ཕ་ཡིན། བྱམས་ལྡན་མ་ཡིན།
    སྐྱབས་སའི་ལྷ་ཡིན། རེ་སའི་དཔོན་ཡིན།
    ཁྱེད་ནི་ཕ་གཞིས་ཀྱི་བདག་པོ་ཡིན་ལ། བུ་ཚང་གིརེ་བ་ཉག་གཅིག་ཡིན།
    ཨ་ཕ་ལགས། ཉིན་མོ་སེམས་སུ་འཁོར་ཡང་། མཚན་མོ་རྨི་ལམ་ནང་ནས་མཇལ།
    ཨ་ཕ་ལགས། ཞོགས་པའི་ཉི་གཞོན་གྱི་གཟི་བྱིན་དང་འགྲོགས་ནས་
    རང་ཡུལ་ཕྱོགས་སུ་ཕེབས་རོགས། ང་ཚོའི་ལོ་ཟླ་སོར་རྩིར་བགྲང་ནས
    ཁྱེད་ལ་རེ་ཞིང་སྒུག་བཞིན་ཡོད།
    སླད་མར་ཁྱེད་ཀྱི་སྐུ་ལུས་གསེར་གྱི་ཉི་མ་ལ། སྤྲིན་ནག་པོས་གཡོར་བ་མེད་པ་རྟག་ཏུ་བརྟན་ཞིང་།
    ཕ་བུ་འདི་ནས་གྱེས་ཀྱང་སླར་ཡང་འདི་རུ་འཛོམས་པའི་སྨོན་ལམ་ཡང་ཡང་ཞུ

КОМЕНТАРІ • 24

  • @gyaltsengonpo9629
    @gyaltsengonpo9629 Рік тому +4

    This part - 🔥
    ཨ་ཕ་ལགས་ ངས་བརྗེད་དཀའ་ནི་ཁྱེད་ཡིན་ལ། དྲན་སླ་བ་ནི་ཁྱེད་ཡིན།
    ཁྱེད་ནི་བརྩེ་བའི་ཕ་ཡིན། བྱམས་ལྡན་མ་ཡིན། སྐྱབས་སའི་ལྷ་ཡིན།
    རེ་སའི་དཔོན་ཡིན།

  • @user-tf6tq9of3h
    @user-tf6tq9of3h 4 роки тому +3

    གཞས་དེ་ལ་ནང་དོན་འདུག་ཕོ་གསོལ་མོ་གསོལ།

  • @kunsangwangmo9687
    @kunsangwangmo9687 9 місяців тому

    ❤❤❤❤❤

  • @sonam21
    @sonam21 13 років тому +8

    Wow!! what a meaningful Tibetan Rap Song!! each words are so touched, hopefully His Holiness will come soon to Tibet and meet Tibetan brothers and sister inside tibet and out side Tibet soon!!

  • @Bhu_lobsang
    @Bhu_lobsang 8 років тому +3

    Very meaningful song...thank u Dekyi Tsering la

  • @kawazeeda2648
    @kawazeeda2648 5 років тому +3

    Thanks for this song, this son has took me long time for happiness place of mind.

  • @drokpabhu
    @drokpabhu 13 років тому +3

    amazing.....great song....will remeber your rap wherever i go.....keep it up....lha gyal lo...

  • @ciren85
    @ciren85 13 років тому +4

    Best songs of all-time!

  • @tnznmileg
    @tnznmileg 13 років тому +4

    shye pe nyembo dhoo ~_^

  • @Rangdol2008
    @Rangdol2008 13 років тому +5

    གཞས་ཚིག་དངོས་ནས་ཡག་པོ་འདུག་ཐུགས་རྗེ་ཆེ།

  • @bibbyni
    @bibbyni 13 років тому +1

    Nice music

  • @user-bh1ii3eh1f
    @user-bh1ii3eh1f 3 роки тому

    ད་བར་གྱི་གཞས་ཚིག་ལེགས་ཤོས་སུ་མཐོང་།

  • @10zintayang
    @10zintayang 13 років тому +3

    this is what I wanted to listen.. long time ago..thanks for song..

  • @lhamotsering1437
    @lhamotsering1437 3 роки тому

    Happy Father's day, ཨ་ཕའི་ཉིན་མོ་ལ་འཚམས་འདྲི་ཞུ་།