བརྡ་སྤྲོད་འདྲི་རྩད། Tibetan grammar quiz-16

Поділитися
Вставка
  • Опубліковано 8 сер 2024
  • Let’s take a Tibetan grammar quiz.
    PRACTICE
    Which is the correct answer to complete the sentence?
    ངས་ཇ་ཞིག་ __ གི་ཡིན།
    I will drink a tea.
    ཀ༽བཏུང་ (correct)
    ཁ༽འཐུང་
    ངས་ཇ་ཞིག་བཏུང་གི་ཡིན།
    THE QUIZ HAS 5 QUESTIONS
    ༼༡༽ པར་འདི་ཡི་ __ ནི་གསལ་པོ་མི་འདུག།
    The description of this photo is not clear.
    ཀ༽ འགྲེལ་བཤད་ (correct)
    ཁ༽ འབྲེལ་བཤད་
    ༼༢༽ སང་ཉིན་ __ གྱི་ཉིན་མོ་ཞིག་རེད།
    Tomorrow is a special day.
    ཀ༽ དམིགས་བསལ་ (correct)
    ཁ༽ དམིགས་གསལ་
    ༼༣༽ __ ཐབས་མང་པོ་ཡོད།
    There are may ways to solve a problem.
    ཀ༽ དཀའ་ངལ་བསལ་
    ཁ༽ དཀའ་ངལ་སེལ་ (correct)
    ༼༤༽མོས་ __ བྱས་པ་དེ་ལ་འདོད་པ་ཁེངས་མ་སོང་།
    I am not satisfied with the clarification that she gave.
    ཀ༽ གསལ་བཤད་ (correct)
    ཁ༽ བསལ་བཤད་
    ༼༥༽ ང་ཚོ་ཞི་བདེའི་ངང་སྡོད་རྒྱུ་ཡོད་པ་ __ པོ་རེད།
    We are lucky that we are able to live in peace.
    ཀ༽ སྐྱེ་བ་བཟང་
    ཁ༽ སྐལ་བ་བཟང་ (correct)
    It’s excellent if you got 5/5 correct.
    REFERENCE AND RESOURCES
    དབྱངས་ཅན་གྲུབ་པའི་རྡོ་རྗེ། (n.d.). སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་དབང་། (Leg shad jon wang - The Tibetan grammar poem). Department of Education, CTA. Retrieved from bodyiglobjong.... Accessed on 24 January 2023.
    Department of Education. (n.d.). ཚིག་ཕྲད།. Central Tibetan Administration.
    bit.ly/3F7dGDD
    Jinpa, T. (2010). Brda sprod gsar bsgrigs smra sgo’i lde mig (Modern Tibetan Grammar: A Key Opening the Gateway of Speech). Institute of Tibetan Classics. tibetanclassic... Accessed 24 January 2023
    འབྲོང་ངུར་ཆོས་རྗེ་བཅུ་དྲུག་པ་ངེས་དོན་བསྟན་པའི་རྒྱལ་མཚན། (2010).བྱ་ཚིག་གི་རྣམ་གཞག་གསལ་བར་བཤད་པ་ལག་ལེན་བཅུད་བསྡུས།་(A Concise Practical Guide for an Elucidation of Verbs).
    drongngurchoje.... Accessed 20 March 2024
    རྡོ་དགོན་གསང་བདག་རྡོ་རྗེ།. (2020, May 7). དེང་དུས་ཐོན་པའི་བྱ་ཚིག་སོགས་བརྗོད་ཚུལ་མ་དག་པ་ཡོ་བསྲང་བྱ་ཐབས་བཤད་པ།. utsangculture.....
    Accessed 10 June 2023
    IMAGE AND MUSIC CREDITS
    Dejhor Samten created most of the images and animations.
    Few images were obtained from PIXABAY.
    Sound effect credits:
    - magedu__buzzer-boardgame-01 on freesound (freesound.org/)
    SPECIAL THANKS
    We thank Chabdak Lhamo Kyab for inspiring this project.
    VOICE OVER SCRIPT
    བོད་སྐད་ཀྱི་བརྡ་སྤྲོད་འདྲི་རྩད་ཅིག་བྱེད་དོ།
    འདྲི་རྩད་འདི་ལ་དྲི་བ་༥ ཡོད།
    ལན་འདེམས་པར་སྐར་ཆ་༡༠ ཡོད།
    དུས་ཡུན་རིང་ཙམ་དགོས་ན་མཚམས་བསྒག་ཆོག།
    ཐོག་མར་ཚོད་ལྟ་ཞིག་བྱེད་དགོས།
    ཚིག་གྲུབ་འདི་ཡི་ཁ་སྐོང་དགོས། གདམ་ཁ་གཉིས། ཀ༽དང་ ཁ༽ ལས་གང་འགྲིག་པ་རེད།
    ངས་ཇ་ཞིག་ __ གི་ཡིན།
    I will drink a tea.
    ཀ༽བཏུང་
    ཁ༽འཐུང་
    ངས་ཇ་ཞིག་བཏུང་གི་ཡིན།
    ད་འདྲི་རྩད་ངོ་མ་དེ་ཡིན་ད།
    ༼༡༽ པར་འདི་ཡི་ __ ནི་གསལ་པོ་མི་འདུག།
    The description of this photo is not clear.
    ཀ༽ འགྲེལ་བཤད་
    ཁ༽ འབྲེལ་བཤད་
    པར་འདི་ཡི་འགྲེལ་བཤད་ནི་གསལ་པོ་མི་འདུག།
    ༼༢༽ སང་ཉིན་ __ གྱི་ཉིན་མོ་ཞིག་རེད།
    Tomorrow is a special day.
    ཀ༽ དམིགས་བསལ་
    ཁ༽ དམིགས་གསལ་
    སང་ཉིན་དམིགས་བསལ་གྱི་ཉིན་མོ་ཞིག་རེད།
    ༼༣༽ __ ཐབས་མང་པོ་ཡོད།
    There are many ways to solve a problem.
    ཀ༽ དཀའ་ངལ་བསལ་
    ཁ༽ དཀའ་ངལ་སེལ་
    དཀའ་ངལ་སེལ་ཐབས་མང་པོ་ཡོད།
    ༼༤༽མོས་ __ བྱས་པ་དེ་ལ་འདོད་པ་ཁེངས་མ་སོང་།
    (I) am not satisfied with the clarification that she gave.
    ཀ༽ གསལ་བཤད་
    ཁ༽ བསལ་བཤད་
    མོས་གསལ་བཤད་བྱས་པ་དེ་ལ་འདོད་པ་ཁེངས་མ་སོང་།
    ༼༥༽ ང་ཚོ་ཞི་བདེའི་ངང་སྡོད་རྒྱུ་ཡོད་པ་ __ པོ་རེད།
    We are lucky that we are able to live in peace.
    ཀ༽ སྐྱེ་བ་བཟང་
    ཁ༽ སྐལ་བ་བཟང་
    ང་ཚོ་ཞི་བདེའི་ངང་སྡོད་རྒྱུ་ཡོད་པ་སྐལ་བ་བཟང་པོ་རེད།
    དྲི་བ་ག་ཚོད་ལ་ལན་འགྲིག་པར་འདེབས་ཐུབ་སོང་།
    ༥ ནས་ ༥ འགྲིག་ཡོད་ན་ནི་ཤིན་ཏུ་ལེགས།
    ཁྱེད་ལ་ཅུང་ཟད་ཕན་ན།
    ང་ཡི་བསམ་དོན་གྲུབ་བོ།

КОМЕНТАРІ •