ལག་བརྡ། Common Tibetan hand gestures and their meanings
Вставка
- Опубліковано 1 лют 2025
- There are so many hand gestures that humans use to communicate amongst themselves.
Here are some common Tibetan hand gestures.
1. One thumb up
Meaning: Like, praise
དགའ། བསྟོད།
2. Both thumbs up
Meaning: Excellent, like very much
ཤིན་ཏུ་ལེགས། ཧ་ཅང་དགའ།
3. One thumb up
Another meaning: Request
འབོད་སྐུལ།
4. Both thumbs up
Another meaning: Implore
ཞུ་བ་ནན་པོར་འཐེན་པ།
5. Index finger out
Meaning: Show (v)
སྟོན་པ།
6. All fingers out
Meaning: Show politely
གུས་ཏེ་སྟོན་པ།
7. Thumb and index finger out
Meaning: Important, demanding attention
གལ་ཆེན་པོ། དོ་སྣང་དོགས་པ།
8. Little finger out
Meaning: Dislike, criticise
མི་དགའ། སྨོད།
9. Bring the five fingertips together
Meaning: Shut up!
ཁ་ཚུམས།
10. Folded hands with thumbs out
Meaning: Greeting, thank you
འཚམས་འདྲི། འོར་ཆེ།
11. Folded hands with thumbs inside
Meaning: Devotion
དད་གུས།
REFERENCE AND RESOURCES
རྒྱལ་བའི་མཛད་པ་དང་དགོངས་གཞི།. (2023, July 30). ཐལ་མོ་བཅར་ལེབ་བྱེད་མི་རུང་།. Facebook. / 692026629431644
སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག (2012, June 2).
སྐྱེ་བོ་གསོ་ཐིགས་དང་། རྟེན་འབྲེལ་བསྟོད་པའི་གསུང་ཆོས། ༼ ཉིན་དང་པོ། ༽. [Video]. UA-cam. • སྐྱེ་བོ་གསོ་ཐིགས་དང་། ...
International Campaign for Tibet. (2024, April 30). Derge protests put dams back on the agenda, highlight Tibet’s role in powering China. www.savetibet....
མདོ་དབུས་ཁམས་གསུམ་གྱི་གླུ་སྐད་ལ་ཉན་ས།. (2023, July 25). བོད་ཀྱི་བྱིས་གླུ། མཛུབ་མོ་བརྩི་བ། [Video]. UA-cam. • བོད་ཀྱི་བྱིས་གླུ། མཛུབ...
རྫོང་ཁ་གོང་འཕེལ་ལྷན་ཚོགས། Dzongkha Development
Commission. (2021, July 6). མཛུབ་མོ། My fingers [Video]. UA-cam. • མཛུབ་མོ། My fingers
བེ་རི་རྒྱལ་སྲས། Beri Prince. (2022, January 22).སོར་མོ་ལྔ་ཡི་མིང་། Name of five fingers in Tibetan. Facebook. / 985393228853179
བེ་རི་རྒྱལ་སྲས། Beri Prince. (2023, June 28). འོར་ཆེ། འོ་བརྒྱལ་ཆེ།. Facebook. m.facebook.com...
IMAGE AND MUSIC CREDITS
Office of His Holiness the Dalai Lama for the picture of His Holiness the Dalai Lama.
PIXABAY for the Buddha painting
SPECIAL THANKS
Tsering Diki for inspiring this project.
Chabdak Lhamo Kyab for providing encouragement and suggestions for the voiceover script.
VOICE OVER SCRIPT
ལག་པའི་མཛུབ་མོ་འགུལ་སྟངས་ཀྱི་ཐོག་ནས་མི་ཕན་ཚུན་ལ་གོ་བརྡ་སྤྲོད་སྲོལ་མི་འདྲ་བ་ཧ་ཅང་མང་པོ་ཡོད། བོད་མིའི་སྤྱི་ཚོགས་ནང་ཁྱབ་ཆེ་བའི་ལག་བརྡ་ཁ་ཤས་ངོ་སྤྲོད་བྱེད་ཆོག།
༡༽དགའ། བསྟོད།
མཐེབ་མོ་གཅིག་ཡར་བསྒྲེངས་ཏེ་བསྟན་ན་ “དགའ་བ་” དང་ “བསྟོད་པ་” མཚོན།
དཔེར་ན།
ཀ༽ ཇ་འདི་ཞིམ་པོ་འདུག།
ཁ༽ ཁོའི་སྤྱོད་པ་ཡག་པོ་འདུག།
༢༽ ཤིན་ཏུ་ལེགས། ཧ་ཅང་དགའ།
དགའ་བའི་ཚོར་བ་ཤུགས་ཆེན་པོ་མཚོན་པའི་ཆེད་དུ་མཐེབ་མོ་གཉིས་ཀ་སྟོན།
དཔེར་ན།
ལེགས་སོ། ལེགས་སོ། ཁྱོད་ཀྱིས་གཞན་ལ་ཕན་པ་ཧ་ཅང་ཆེན་པོ་བསྒྲུབས་འདུག།
༣༽ འབོད་སྐུལ།
མཐེབ་མོ་གཅིག་སྟོན་ཚུལ་ལ་གོ་བ་གཞན་ཞིག་ཡོད། དེ་ནི། འབོད་སྐུལ་བྱེད་པ་མཚོན།
དཔེར་ན།
ང་ལ་རོགས་པ་གནང་རོགས།
༤༽ ཞུ་བ་ནན་པོར་འཐེན་པ།
མཐེབ་མོ་གཉིས་སྟོན་ཚུལ་ལ་ཡང་གོ་བ་གཞན་ཞིག་ཡོད། དེ་ནི། ཞུ་བ་འཐེན་པ་དང་རེ་བ་ནན་པོ་འདོན་པ་མཚོན།
དཔེར་ན།
སྐུ་མཁྱེན། སྐུ་མཁྱེན། ང་ཚོ་རང་གི་ཕ་ཡུལ་ནས་བཙན་དབང་གིས་གནས་སྤོ་མ་བྱེད་རོགས།
༥༽ སྟོན་པ།
གོང་མཛུབ་བཙུགས་ཏེ་ངོ་སྤྲོད་བྱེད་པའམ་འདི་དང་དེ་རེད་ཅེས་སྟོན་པ།
དཔེར་ན།
ཀ༽ མོ་གཡུ་མཚོ་ལྷ་མོ་རེད།
ཁ༽ ཕ་གི་ངའི་ཁང་པ་རེད།
༦༽ གུས་ཏེ་སྟོན་པ།
མི་དང་དངོས་པོ་སོགས་ངོ་སྤྲོད་བྱེད་པའི་སྐབས་གུས་ཞབས་མཚོན་པའི་ཆེད་དུ་མཛུབ་མོ་ལྔ་ག་བརྐྱངས་ཏེ་སྟོན།
དཔེར་ན།
ཀ༽ མོ་བྱུ་རུ་མེ་ཏོག་རེད།
ཁ༽ སངས་རྒྱས་ཀྱི་སྐུ་འདྲ་འདི་གང་ནས་བླུ་ཡོན་ཞུས་པ་ཡིན།
༧༽ གལ་ཆེན་པོ། དོ་སྣང་དགོས་པ།
མཐེབ་མོ་དང་གོང་མཛུབ་གཉིས་བརྐྱངས་ཏེ་བཤད་ན་གང་བཤད་པ་དེ་གལ་ཆེན་པོ་དང་དེ་ལ་དོ་སྣང་དམིགས་བསལ་དགོས་པ་མཚོན།
དཔེར་ན།
ཁ༽ ཁོ་ཚོས་ག་རེ་ཟེར་ནའང་ཟེར། ངའི་བསམ་བློ་འགྱུར་བ་མི་གཏོང་ཐག་ཆོད་ཡིན།
ཁ༽ ངས་ཁོ་ཚོ་ལ་ད་བར་བཟོད་པ་བསྒོམས་ནས་བསྡད་པ་ཡིན། ད་ཡིན་ན་སྒུར་གྱི་མིན།
༨༽ མི་དགའ། སྨོད།
མཐེབ་ཆུང་གཅིག་པོ་བསྟན་ན་མི་དགའ་བའི་རྣམ་འགྱུར་མཚོན་གྱི་ཡོད།
དཔེར་ན།
ཀ༽ མི་དེ་རྒྱུ་ཆེན་པོ་རེད་དེ་ཁོའི་སྤྱོད་པ་འདི་རེད་འདུག།
ཁ༽ ཟ་ཁང་དེའི་མོག་མོག་འདི་རེད་འདུག།
༩༽ ཁ་ཚུམས།
མཛུབ་མོ་ལྔའི་རྩེ་མོ་གཅིག་ཏུ་བསྡུས་ཏེ་བསྟན་ན། “ཁ་ཚུམས།” “ཇུས་གཏོགས་མ་བྱེད།” ཟེར་བའི་དོན་ཡིན།
ལག་བརྡ་འདི་ནི་མོག་མོག་ཁ་བསུམས་པའི་དབྱིབས་དང་འདྲ་ཡི་ཡོད།
༡༠༽ འཚམས་འདྲི། འོར་ཆེ།
མི་གཞན་གྱི་མདུན་དུ་ཐལ་མོ་སྦྱར་བ་ནི། འཚམས་འདྲི་དང་དགའ་བསུ་མཚོན།
“བཀྲ་ཤིས་བདེ་ལེགས་” ཞུ་བ་དང་ “འོར་ཆེ་” ཟེར་བའི་བའི་སྐབས་ཐལ་མོ་སྦྱོར་སྲོལ་ཡོད། ཐལ་མོ་སྦྱོར་ཚུལ་འདི་ལ་ “ཐལ་མོ་བཅར་ལེབ་མ་” ཟེར་བ་ཡིན་འདུག།
༡༡༽ དད་གུས།
ཐལ་མོ་ཁོང་སྟོང་གི་ནང་དུ་མཐེབ་མོ་གཉིས་བཅུག་སྟེ་སྙིང་ཁར་སྦྱར་བ་ཡིས་དད་གུས་མཚོན་གྱི་ཡོད།
བླ་མ་མཇལ་བ་དང་། དཀོན་མཆོག་ལ་གསོལ་བ་འདེབས་པའི་སྐབས་སུ་ཐལ་མོ་སྦྱོར་ཚུལ་འདི་ཡིན།
ཁྱེད་ལ་ཅུང་ཟད་ཕན་ན།
ང་ཡི་བསམ་དོན་གྲུབ་བོ།