The Life of Gelongma Pelmo (དགེ་སློང་མ་དཔལ་མོ། dge slong ma dpal mo)

Поділитися
Вставка
  • Опубліковано 23 чер 2022
  • The Life of Gelongma Pelmo (དགེ་སློང་མ་དཔལ་མོ། dge slong ma dpal mo):
    The Expereince of a Leaper,
    Founder of a Fasting (སྨྱུང་གནས། smyung gnas) Ritual, and
    A Transmitter of Buddhist Teachings on Suffering and Renunciation.
    As narrated by His Eminence Leylop Sangay Dorji.
    རྣམ་ཐར་གསུང་མི:༼ལས་ཚོགས་སློབ་དཔོན ་སངས་རྒྱས་རྡོ་རྗེ།༽
    ལས་ཚོགས་སློབ་དཔོན་ནི། དགེ་འདུན་གྱི་བྱ་བ་ལས་ཀྱི་འཁོར་ལོ་དང་འབྲེལ་བའི་བྱ་སྒོའི་རིམ་པ་ལ་དབང་འཛིན་བྱེད་པའི་སྤྱི་དཔལ་སྦེ་བཞུགས་ཡོད་པའི་འབྲུག་ལུགས་ཀྱི་བསླབ་སྡོམ་དང་ལྡན་ཞིང་དམ་པའི་ངང་ཚུལ་དགུ་ལྡན་ བསྐྱེད་རྫོགས་ལ་མཁས་པ་ཞིག་རྒྱལ་བ་རིགས་ལྔའི་རྣམ་སྤྲུལ་གཞུང་གྲྭ་ཚང་གི་སློབ་ལྷན་རྒྱས་ལྔ་་ཡོད་མི་འདི་ལས་ལྷན་རྒྱས་གཅིག་ཨིན་ནོ།
    ༄༅། ༀ་ འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ།། འཇིག་རྟེན་བླ་མ་སྲིད་པ་གསུམ་གྱིས་བསྟོད་པ་པོ།། ལྷ་ཡི་གཙོ་བོ་བདུད་དང་ཚངས་པས་བསྟོད་པ་པོ།། ཐུབ་པའི་རྒྱལ་མཆོག་བསྟོད་པས་གྲུབ་པར་མཛད་པ་པོ།། འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་ཕྱག་འཚལ་ལོ།། བདེ་གཤེགས་དཔག་མེད་སྐུ་སྟེ་སྐུ་བཟང་འཛིན་པ་པོ།། བདེ་གཤེགས་སྣང་བ་མཐའ་ཡས་དབུ་རྒྱན་འཛིན་པ་པོ།། ཕྱག་གཡས་མཆོག་སྦྱིན་ཡི་དྭགས་བཀྲེས་སྐོམ་སེལ་བ་པོ།། ཕྱག་གཡོན་གསེར་གྱི་པདྨས་རྣམ་པར་བརྒྱན་པ་པོ།། དྲི་ཞིམ་རལ་པའི་ཕྲེང་བ་དམར་སེར་འཁྱུག་པ་པོ།། ཞལ་རས་རྒྱས་པ་ཟླ་བ་ལྟ་བུར་མཛེས་པ་པོ།། སྤྱན་གྱི་པདྨ་མཆོག་ཏུ་བཟང་ཞིང་ཡངས་པ་པོ།། ཁ་བ་དུང་ལྟར་རྣམ་དཀར་དྲི་ངད་ལྡན་པ་པོ།། དྲི་མེད་འོད་ཆགས་མུ་ཏིག་ཚོམ་བུ་འཛིན་པ་པོ།། མཛེས་པའི་འོད་ཟེར་སྐྱ་རེངས་དམར་པོས་བརྒྱན་པ་པོ།། པདྨའི་མཚོ་ལྟར་ཕྱག་ནི་དངར་བར་བྱས་པ་པོ།། སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་གཞོན་པ་པོ།། རིན་ཆེན་མང་པོས་དཔུང་བ་གཉིས་ནི་བརྒྱན་པ་པོ།། ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམ་པ་པོ།། རི་དྭགས་པགས་པས་ནུ་མ་གཡོན་པ་བཀབ་པ་པོ།། སྙན་ཆ་གདུ་བུས་སྒེག་ཅིང་རྒྱན་རྣམས་འཆང་བ་པོ།། དྲི་མ་མེད་པ་པདྨའི་མཆོག་ལ་གནས་པ་པོ།། ལྟེ་བའི་ངོས་ནི་པདྨའི་འདབ་ལྟར་འཇམ་པ་པོ།། གསེར་གྱི་སྐེ་རགས་མཆོག་ལ་ནོར་བུས་སྤྲས་པ་པོ།། སྟ་ཟུར་དཀྲིས་པའི་རས་བཟང་ཤམས་ཐབས་འཛིན་པ་པོ།། ཐུབ་པའི་མཁྱེན་མཆོག་མཚོ་ཆེན་ཕ་རོལ་ཕྱིན་པ་པོ།། མཆོག་བརྙེས་བསོད་ནམས་མང་པོ་ཉེ་བར་བསགས་པ་པོ།། རྟག་ཏུ་བདེ་བའི་འབྱུང་གནས་རྒ་ནད་སེལ་བ་པོ།། གསུམ་མཐར་མཛད་ཅིང་མཁའ་སྤྱོད་སྤྱོད་པ་སྟོན་པ་པོ།། ལུས་ཅན་མཆོག་སྟེ་བདུད་དཔུང་འཁྲུག་ལས་རྒྱལ་བ་པོ།། གསེར་གྱི་རྐང་གདུབ་སྒྲ་ཡིས་ཞབས་ཡིད་འོང་བ་པོ།། ཚངས་པའི་གནས་པ་བཞི་ཡིས་དབེན་པར་མཛད་པ་པོ།། ངང་བའི་འགྲོས་འདྲ་གླང་ཆེན་དྲེགས་ལྟར་གཤེགས་པ་པོ།། ཡོངས་རྫོགས་ཉེ་བར་བསགས་ཤིང་བསྟན་པ་གཉེར་བ་པོ།། འོ་མའི་མཚོ་དང་ཆུ་ཡི་མཚོ་ལས་སྒྲོལ་བ་པོ།། གང་ཞིག་རྟག་ཏུ་ཐོ་རངས་ལངས་ནས་གུས་པ་ཡིས།། སྤྱན་རས་གཟིགས་ཀྱི་དབང་པོ་ཡིད་ལ་སེམས་བྱེད་ཅིང་།། བསྟོད་པའི་མཆོག་འདིས་དག་ཅིང་གསལ་བར་བསྟོད་བྱེད་ན།། འདི་ནི་སྐྱེས་པའམ་བུད་མེད་ཡིན་ཡང་རུང་།། སྐྱེ་བ་འདིའམ་མ་འོངས་སྐྱེ་བ་ཐམས་ཅད་དུ།། འཇིག་རྟེན་འཇིག་རྟེན་ལས་འདས་པའི་དགོས་པ་ཀུན་འགྲུབ་འགྱུར།། ༑༑
    ༊ རྣམ་ཐར་གསུང་མཁྱེན་ འབྲུག་ལུགས་ཀྱི་བསླབ་སྡོམ་དང་ལྡན་ཞིང་དམ་པའི་ངང་ཚུལ་དགུ་ལྡན་ བསྐྱེད་རྫོགས་ལ་མཁས་པ་ཞིག་རྒྱལ་བ་རིགས་ལྔའི་རྣམ་སྤྲུལ་གཞུང་གྲྭ་ཚང་གི་སློབ་ལྷན་རྒྱས་ལྔ་ཡོད༼ལས་ཚོགས་སློབ་དཔོན་ སངས་རྒྱས་རྡོ་རྗེ།༽

КОМЕНТАРІ • 3

  • @nawangchonzom2414
    @nawangchonzom2414 5 місяців тому

    🙏🙏🙏❤️🍀🌷

  • @tseeringdlama1752
    @tseeringdlama1752 5 місяців тому

    🙏🙏🙏🌷🌼🌷🌼🌷🌼🌷☸️

  • @ngawangyangdon7858
    @ngawangyangdon7858 Рік тому

    སྙིང་ཐག་པ་ནས་བཀའ་དྲིན་ཆེ་🙏🏼🙏🏼🙏🏼🌹🌞🌹🙏🏼🙏🏼🙏🏼