Tibetan Song | ཟླ་བའི་གླུ་དབྱངས། | Song of the Moon | སྔོན་གཟང་ཚེ་རིང་དབྱངས་དཀར། | Tsering Yangkar

Поділитися
Вставка
  • Опубліковано 12 вер 2024
  • #tibet #tibetan #tibetanmusic #tibetansong #karaoke #2024 #lyrics #lyricvideo #moon #tsering #yangkar
    གཞས། ཟླ་བའི་གླུ་དབྱངས།
    ལེན་མཁན། སྔོན་གཟའ་ཚེ་རིང་དབྱངས་དཀར།
    ཤར་ཕྱོགས་རི་བོའི་རྩེ་ནས།
    དཀར་གསལ་ཟླ་བ་ཤར་བྱུང་།
    མ་སྐྱེས་ཨ་མའི་ཞལ་རས།
    ཡིད་ལ་འཁོར་འཁོར་བྱས་བྱུང་།
    ཟླ་བ་ལ་མཐོང་དུས།
    བརྩེ་གྲོགས་དྲན་དུས།
    རླུང་བུ་ཡི་དཀྱིལ་ནས་གླུ་ཞིག་འཕུར་ཡོང་།
    གནའ་སྔ་མོའི་གཏམ་རྒྱུད།
    ལྷད་མེད་ཀྱི་བརྩེ་བ།
    གྲང་བའི་སེམས་པ་འདི་ལ་དྲོ་སྐྱིད་སྦྱིན་བྱུང་།
    སྙན་ངག་གི་ལམ་ནས་སེམས་ཀྱི་བརྩེ་བ་ཆེན་པོ་མཚོན་ནས།
    མགུར་གླུའི་མཆོད་པ་ཕུལ།
    སྙན་ངག་འདི་ལས་སྙན་པ་བརྩེ་བ་འདི་ཟབ་པ།
    འཇིག་རྟེན་ནང་མེད།
    ཤར་ཕྱོགས་རི་བོའི་རྩེ་ནས།
    དཀར་གསལ་ཟླ་བ་ཤར་བྱུང་།
    མ་སྐྱེས་ཨ་མའི་ཞལ་རས།
    ཡིད་ལ་འཁོར་འཁོར་བྱས་བྱུང་།
    རི་བོ་གཙང་པོས་བཅད་ཀྱང་།
    བརྩེ་སེམས་ལ་འགྱུར་བ་མེད།
    ལོ་དང་ཟླ་བ་བྲལ་ཡང་།
    དྲན་སེམས་ལ་འགྱུར་བ་མེད།
    རིགས་དྲུག་སེམས་ཅན་དྲན་བྱུང་།
    ཟླ་བ་ལ་མཐོང་དུས།
    བརྩེ་གྲོགས་དྲན་དུས།
    རླུང་བུ་ཡི་དཀྱིལ་ནས་གླུ་ཚིག་འཕུར་ཡོང་།
    གནའ་སྔ་མོའི་གཏམ་རྒྱུད་དེ།
    ལྷད་མེད་ཀྱི་བརྩེ་བ།
    གྲང་བའི་སེམས་པ་འདི་ལ་དྲོ་སྐྱིད་སྦྱིན་བྱུང་།
    ཤར་ཕྱོགས་རི་བོའི་རྩེ་ནས།
    དཀར་གསལ་ཟླ་བ་ཤར་བྱུང་།
    མ་སྐྱེས་ཨ་མའི་ཞལ་རས།
    ཡིད་ལ་འཁོར་འཁོར་བྱས་བྱུང་།

КОМЕНТАРІ • 1

  • @tibmusichouse
    @tibmusichouse  4 місяці тому +1

    གཞས། ཟླ་བའི་གླུ་དབྱངས།
    ལེན་མཁན། སྔོན་གཟའ་ཚེ་རིང་དབྱངས་དཀར།
    ཤར་ཕྱོགས་རི་བོའི་རྩེ་ནས།
    དཀར་གསལ་ཟླ་བ་ཤར་བྱུང་།
    མ་སྐྱེས་ཨ་མའི་ཞལ་རས།
    ཡིད་ལ་འཁོར་འཁོར་བྱས་བྱུང་།
    ཟླ་བ་ལ་མཐོང་དུས།
    བརྩེ་གྲོགས་དྲན་དུས།
    རླུང་བུ་ཡི་དཀྱིལ་ནས་གླུ་ཞིག་འཕུར་ཡོང་།
    གནའ་སྔ་མོའི་གཏམ་རྒྱུད།
    ལྷད་མེད་ཀྱི་བརྩེ་བ།
    གྲང་བའི་སེམས་པ་འདི་ལ་དྲོ་སྐྱིད་སྦྱིན་བྱུང་།
    སྙན་ངག་གི་ལམ་ནས་སེམས་ཀྱི་བརྩེ་བ་ཆེན་པོ་མཚོན་ནས།
    མགུར་གླུའི་མཆོད་པ་ཕུལ།
    སྙན་ངག་འདི་ལས་སྙན་པ་བརྩེ་བ་འདི་ཟབ་པ།
    འཇིག་རྟེན་ནང་མེད།
    ཤར་ཕྱོགས་རི་བོའི་རྩེ་ནས།
    དཀར་གསལ་ཟླ་བ་ཤར་བྱུང་།
    མ་སྐྱེས་ཨ་མའི་ཞལ་རས།
    ཡིད་ལ་འཁོར་འཁོར་བྱས་བྱུང་།
    རི་བོ་གཙང་པོས་བཅད་ཀྱང་།
    བརྩེ་སེམས་ལ་འགྱུར་བ་མེད།
    ལོ་དང་ཟླ་བ་བྲལ་ཡང་།
    དྲན་སེམས་ལ་འགྱུར་བ་མེད།
    རིགས་དྲུག་སེམས་ཅན་དྲན་བྱུང་།
    ཟླ་བ་ལ་མཐོང་དུས།
    བརྩེ་གྲོགས་དྲན་དུས།
    རླུང་བུ་ཡི་དཀྱིལ་ནས་གླུ་ཚིག་འཕུར་ཡོང་།
    གནའ་སྔ་མོའི་གཏམ་རྒྱུད་དེ།
    ལྷད་མེད་ཀྱི་བརྩེ་བ།
    གྲང་བའི་སེམས་པ་འདི་ལ་དྲོ་སྐྱིད་སྦྱིན་བྱུང་།
    ཤར་ཕྱོགས་རི་བོའི་རྩེ་ནས།
    དཀར་གསལ་ཟླ་བ་ཤར་བྱུང་།
    མ་སྐྱེས་ཨ་མའི་ཞལ་རས།
    ཡིད་ལ་འཁོར་འཁོར་བྱས་བྱུང་།