མཁན་སྤྲུལ་བླ་མ་རྡོ་རྗེ་སློབ་དཔོན་མཁན་མོ་བཅས་ཀྱི་ཁྲི་འདོན་མངའ་གསོལ་སྐབས། 22.04.23
Вставка
- Опубліковано 19 лис 2024
- ཉིན་གཉིས་པ།
ཕྱི་ལོ་ ༢༠༢༣ ཟླ་ ༠༤ ཚེས་ ༢༢ ཉིན་ཞོགས་པ་ཆུ་ཚོད་ ༧ ཐོག་༧སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ། རྣམ་གླིང་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ། མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ། མཁན་ཆེན་རྣམ་གྲོལ་ཚེ་རིང་རིན་པོ་ཆེ། མཁན་ཆེན་ཚེ་དབང་རྒྱ་མཚོ་རིན་པོ་ཆེ་བཅས་ཚོགས་མགོན་དུ་བཞུགས་ཏེ་འདུས་པ་རྒྱ་མཚོ་ནས་ཀློང་སྙིང་ནང་སྒྲུབ་རིག་འཛིན་འདུས་པའི་དཀྱིལ་འཁོར་གཉན་པོ་ཞལ་ཕྱེ་སྟེ་ཚོགས་འཁོར་དང་། ཆུ་ཚོད་ ༩།༣༠ ནས་ ༡༢།༣༠ བར་སྤྲུལ་སྐུ་ ༡ ཐེག་མཆོག་རྣམ་གྲོལ་གླིང་གི་མཁན་ཐོགས་བརྒྱད་པར་མཁན་པོ་ཞལ་གྲངས་ ༢༠༧ རྣམ་གྲོལ་གླིང་གི་མཁན་མོའི་མཚན་གནས་བཞེས་མཁན་ཐེངས་དང་པོར་མཁན་མོ་ཞལ་གྲངས་ ༧༣ བླ་མ་རྡོ་རྗེ་སློབ་དཔོན་གྱི་མཚན་གནས་བཞེས་མཁན་ ༡༢ བཅས་མཁན་སྤྲུལ་རྡོར་སློབ་མཁན་མོ་ཡོངས་བསྡོམས་ ༢༩༣ ཁྲི་སྟོན་མངའ་གསོལ་གནང་ཡོད། ཉིན་རྒྱབ་ཆུ་ཚོད་ ༢ པ་ནས་༧སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་མཆོག་ནས་འདུས་མང་ཡོངས་ལ་ཚེ་དབང་ཟབ་མོའི་བཀའ་དྲིན་བསྐྱངས་ཤིང་རྣམ་གླིང་འདུས་པ་རྒྱ་མཚོ་དང་ཆོས་ཚོགས་དང་ཚོགས་སྡེ་ཁག་ནས་མཎྜལ་བརྟན་བཞུགས་ཕུལ་ཏེ་མཛད་རིམ་ལེགས་པར་མཐའ་གྲུབ།
The Second Day
On the 22nd of April 2023, at 7 in the morning, the entire congregation of monks and nuns carried out a grand prayer ceremony with feast offering after opening the sacred mandala of Longchen Nyinthik Rigzin Dupa. The prayer was presided by His Holiness Karma Kuchen Rinpoche, Namdroling chiefs Chogtrul Gyangkhang Rinpoche and Chogtrul Mugsang Kuchen Rinpoche, Khenchen Namdrol Tsering Rinpoche and Khenchen Tsewang Gyatso Rinpoche.
From 9.30 a.m. until 12.30 p.m., a grand enthronement ceremony was solemnized whereby 1 tulku, 207 khenpos (the eighth batch), 73 khenmos (the first batch) and 12 dorje lopons were enthroned and awarded their respective certificates and ceremonial hats. This is the first time in the history of Namdroling in which a group of nuns have completed their advanced Buddhist studies and are conferred the title, ‘Khenmo’. There were altogether 293 individuals who were given their due recognitions.
At 2 p.m., HH Karma Kuchen Rinpoche bestowed a profound long life empowerment to all who have gathered for this event, including both the ordained and lay devotees. The ceremony ended successfully after the offering of mandala to Rinpoche by the sangha of Namdroling and the members of various dharma centres and organisations.