Buddhist celebrationནང་པའི་དུས་ཆེན།།

Поділитися
Вставка
  • Опубліковано 22 тра 2024
  • བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ན།།
    ཁྱེད་ནི་མཐོ་དམན་ཀུན་གྱིས་བརྙས་པའི་ཚེ།།
    དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ།།
    སེམས་དཔའ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ།།
    སྔོན་དུས་རྒྱལ་པོ་ལ་སོགས་གྱུར་པའི་ཚེ།།
    ཆོས་ཀྱི་ཕྱིར་དུ་ལུས་ལ་མར་མེ་དང་།།
    ལྕགས་ཟེར་སྟོང་གདབ་མེ་དོང་ནང་དུ་མཆོང་།།
    སྙིང་སྟོབས་ཆེན་པོ་ཞབས་ལ་ཕྱག་འཚལ་ལོ།།
    རྒྱལ་སྲས་སེམས་དཔའ་ཆེན་པོས་ཚུལ་བཟུང་ནས།།
    འགྲོ་བ་དུ་མར་བདེ་ལ་བཀོད་མཛད་པའི།།
    སངས་རྒྱས་བྱེ་བ་ཁྲི་ཕྲག་མཉེས་གྱུར་པ།།
    ཐུགས་རྗེས་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ།
    མི་སྐྱེ་ཆོས་ལ་བཟོད་པ་བརྙེས་ནས་བཟུང་།།
    རྣམ་འདྲེན་ལྔ་པས་ཡོངས་འཛིན་ཉིད་བསྟེན་ནས།།
    དབུ་ཡི་གཙུག་ཏུ་འབྲལ་མེད་བསྒོམས་པའི་མཐུས།།
    བྱིན་གྱི་བརླབས་པའི་བྱང་ཆུབ་མཆོད་རྟེན་འཁྲུངས།།
    འགྲོ་བ་དཔག་མེད་ཐར་པའི་རྒྱུ་གྱུར་པ།།
    བསོད་ནམ་ཞིང་མཆོག་ཁྱོད་ལ་ཕྱག་འཚལ་ལོ།།
    དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ།།
    འཇམ་གང་ཞིག་ནི་དབུལ་བར་བྱས་ནས་ཀྱང་།།
    ཉིད་དང་འདྲ་བའི་སྨོན་ལམ་འདེབས་པའི་མཐུས།།
    རྣམ་འདྲེན་བཞི་པར་གྱུར་ལ་ཕྱག་འཚལ་ལོ།།
    སྟོང་རྩ་ལ་སོགས་སངས་རྒྱས་བྱང་སེམས་ཀུན།།
    རྩོད་ལྡན་སྙིགས་མའི་དུས་འདིར་དོར་བའི་ཚེ།།
    ཁྱེད་ཀྱིས་འཇིགས་མེད་ཁྲབ་དང་སྟོབས་ཀྱི་མཚོན།།
    གོ་ཆ་བགོ་མཛད་ཁྱོད་ལ་ཕྱག་འཚལ་ལོ།།
    བྱམས་པ་རྒྱལ་ཚབ་ཉིད་དུ་དབང་བསྐུར་ནས།།
    འཛམ་བུ་གླིང་དུ་གཟིགས་པ་ལྔར་གཟིགས་ཞིང་།།
    ལྷ་བུ་དགའ་ལྡན་གནས་ནས་འཕོ་མཛད་པ།།
    སྒྱུ་འཕྲུལ་ཆེན་པོ་ཞབས་ལ་ཕྱག་འཚལ་ལོ།།
    ཡོན་ཏན་ཀུན་ལྡན་ཡབ་ཡུམ་མཆོག་གཟིགས་ནས།།
    གླང་ཆེན་ཐལ་ཀར་མཆེ་བ་དྲུག་ལྡན་ཚུལ།།
    སྒྱུ་འཕྲུལ་ལྷ་མོའི་ལྷུམས་སུ་ཞུགས་མཛད་པ།།
    ཐབས་མཁས་ཐུགས་རྗེ་ཅན་ལ་ཕྱགས་འཚལ་ལོ།།
    བཀྲ་ཤིས་ལུམྦི་ཚལ་དུ་སྐུ་བལྟམས་ནས།།
    ཕྱོགས་བཞི་གོམ་སྟབས་བདུན་བདུན་སྤོས་ཙམ་གྱི།།
    ལྷ་དང་ལྷ་མིན་ཀུན་གྱིས་མཆོད་གནས་གྱུར།།
    སྐྱེས་བུ་དམ་པ་ཁྱོད་ལ་ཕྱག་འཚལ་ལོ།།
    ཤཱཀྱའི་གྲོང་དུ་གཞོན་ནུ་ལྔ་བརྒྱ་དང་།།
    སྣ་མང་སྒྱུ་རྩལ་འཕོང་དང་སྟོབས་སོགས་འགྲན།།
    ཀུན་ལས་རྒྱལ་ཏེ་བཟོ་གནས་མཁས་མཛད་པ།།
    འགྲན་མེད་ཁྱུ་མཆོག་ཁྱོད་ལ་ཕྱག་འཚལ་ལོ།།
    ས་འཚོ་མ་དང་གྲགས་འཛིན་རི་དྭགས་སྐྱེས།།
    ཡོན་ཏན་ཀུན་ཚང་བུད་མེད་མཆོག་གྱུར་གསུམ།།
    བཙུན་མོ་དམ་པ་འཁོར་དུ་རོལ་མཛད་པ།།
    རྒྱལ་སྲིད་སྐྱོངས་མཛད་ཁྱོད་ལ་ཕྱག་འཚལ་ལོ།།
    གྲོང་ཁྱེར་སྒོ་བཞིར་སྐྱེ་རྒ་ན་འཆི་དང་།།
    ཚངས་སྤྱོད་རབ་ཏུ་བྱུང་བ་གཟིགས་མཛད་པའི། །
    འཁོར་བར་ངེས་པར་འབྱུང་བའི་ཐུགས་སྐྱེས་ནས།།
    རབ་ཏུ་བྱུང་བ་མཛད་ལ་ཕྱག་འཚལ་ལོ།།
    སློབ་དཔོན་གཞན་ལས་སྙོམས་འཇུག་བརྒྱད་ཐོབ་ནས།།
    ཆུ་ཀླུང་ནེ་ར་ཛྙ་ནའི་ཉེ་འགྲམ་དུ།།
    ལོ་དྲུག་དཀའ་བ་སྤྱད་པའི་བརྩོན་བསྐྱེད་པ།།
    བརྩོན་འགྲུས་ཕ་རོལ་ཕྱིན་ལ་ཕྱགས་འཚལ་ལོ།།
    ལེགས་སྐྱེས་མ་དང་ཁྱེའུ་བཀྲ་ཤིས་ཀྱིས།།
    རྫས་མཆོག་ཕུལ་བའི་རྟེན་འབྲེལ་ལེགས་གཟིགས་པའི།།
    བྱང་ཆུབ་ལྗོན་ཤིང་དྲུང་དུ་བཞུགས་མཛད་ནས།།
    མཉམ་པར་གཞག་པར་མཛད་ལ་ཕྱག་འཚལ་ལོ།།
    མ་ག་དྷ་རུ་རྟེན་འབྲེལ་ཟབ་མོ་ལ།།
    མཉམ་གཞག་མཛད་པས་སྲོད་ལ་བདུད་སྡེ་བཅོམ།།
    ཐོ་རེངས་མངོན་པར་རྫོགས་པར་བྱང་ཆུབ་པ།།
    བདུད་བཞི་བཅོམ་མཛད་ཁྱོད་ལ་ཕྱག་འཚལ་ལོ།།
    ཚངས་དང་རྒྱ་བྱིན་གཉིས་ཀྱིས་གསོལ་འདེབས་དང་།།
    དུས་དང་དུས་མིན་ཇི་བཞིན་གཟིགས་པའི་མཐུས།།
    ཝཱ་ར་ཎ་སཱིར་ལ་སོགས་འཁོར་རྣམས་ལ།།
    ཐར་པའི་ལམ་སྟོན་མཛད་ལ་ཕྱག་འཚལ་ལོ།།
    སྟོན་པ་དགུང་གྲངས་བརྒྱད་བཅུ་གྱ་གཅིག་ལོ།།
    རྩ་མཆོག་གྲོང་དུ་གྱད་མི་རྣམས་ཀྱི་ཁྱད།།
    ཞལ་ཆེམས་མཐའ་མ་མཛད་ནས་ཞི་བར་གཤེགས།།
    མཛད་པ་མཐར་ཕྱིན་ཁྱོད་ལ་ཕྱག་འཚལ་ལོ།།
    བོད་ཟླ་བཞི་པའི་ས་ག་ཉ་ཡི་ཉིན།།
    སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་དྲིན་དང་།།
    ཡོན་ཏན་ཟུར་ཙམ་གླིང་དྲན་བྱས་པའི་མཐུས།།
    མ་གྱུར་འགྲོ་ཀུན་བྱང་ཆུབ་ཆེན་པོར་ཤོག།
    ཕྱི་ལོ་༢༠༢༤ ས་ག་ཉའི་ཉིན་མོ་བྲག་དོན་འགྲུབ་རྒྱལ་མཚན་ནས་བྲིས།།
  • Комедії

КОМЕНТАРІ • 1