The law of Cause and Effect ལས་རྒྱུ་འབྲས་། by H.E. Nubpa Rinpoche

Поділитися
Вставка
  • Опубліковано 12 вер 2024
  • ༄༅། །ང་རང་ཚོས་ལས་རྒྱུ་འབྲས་ཟེར་བའི་དེ་རྣམ་གྲངས་གཅིག་པུ་ཤེས་པ་བྱས་ནས་མ་བཞག་པར། ལས་ཟེར་བ་དེ། ལས་དགེ་སྡིག་དཀར་ནག་གང་འདྲ་ཞིག་བསགས་པ་ཡིན་ན་ཡང་། དེའི་འབྲས་བུ་དེ་སུས་ཀྱང་ལྡོག་ཐབས་མེད་པས། དེ་ཡིན་དུས། དགེ་བའི་ལས་གང་ཐུབ་ཅི་ཐུབ་ཀྱིས། དགེ་བ་སྣ་གཅིག་ལས་མེད་ནའང་བསྒྲུབ། སྡིག་པ་སྣ་གཅིག་ལས་མེད་ནའང་སྤོང་དགོས་པ་ཧ་ཅང་གལ་ཆེན་པོ་རེད་འདུག
    དེའི་ཐོག་ནས་ང་རང་ཚོའི། ལུས་ངག་ཡིད་གསུམ་གྱི་འགྲོ་འདུག་སྤྱོད་ལམ་གྱི་བྱ་སྤྱོད་གང་འདྲ་ཞིག་ཡིན་ནའང་། དེའི་སྒང་ནས་ལས་དགེ་སྡིག་དཀར་ནག་ཟེར་བ་དེ་ལ་བསམ་བློ་གཏང་ནས། དགེ་སྣ་གཅིག་ལས་མེད་ནའང་། དགེ་བ་ཁ་ཤོར་ལག་ཤོར་གྱིས་སྒྲུབ་གལ་ཆེ། འགྲོ་བའི་ཞོར་ལ་སྐུ་གསུང་ཐུགས་རྟེན་དང་། མཆོད་ཁང་ལྷ་ཁང་། མཆོད་རྟེན་ལ་སོགས་པར་སྐོར་བ་གཡས་སྐོར་གཅིག་ལས་མ་ཐེབ་ན་ཡང་། འགྲོ་བའི་ཞོར་ལ་དགེ་བ་ཞིག་སྒྲུབ་སྡད་པ་རེད།
    དེ་ཡིན་དུས་ལས་རྒྱུ་འབྲས་ཟེར་བ་དེ་ཤེས་དུས་རྩ་ནས། མདོ་ལས། སྡིག་པ་ཆུང་ངུ་དག་ལ་ཡང་། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་སྟག་ཆུང་ངུས་དག་གིས་ཀྱང་། རྩ་ཕུང་རི་ཙམ་བསྲེག་པར་བྱེད། །ཅེས་མེ་སྟག་ཆུང་ངུ་གཅིག་ཡིན་ན་ཡང་། རྩ་ཕུང་རི་རབ་ཙམ་བསྲེག་གི་རེད་གསུངས་པ་དང་། དགེ་བ་ཆུང་ངུ་དག་ལ་ཡང་། །མི་ཕན་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་བསགས་པ་ཡི། །སྣོད་ཆེན་རིམ་གྱིས་གང་བར་འགྱུར། །ཞེས་མདོ་ལས་གསུངས་པ་ནང་བཞིན། ང་ཚོས་དགེ་བ་དེ་ཆེ་ཆུང་གང་འདྲ་ཞིག་ལས་མེད་ན་ཡང་། ཐ་ན་དངོས་གནས་སྤོས་རྐང་གཅིག་ལས་མེད་ནའང་ཕུལ་ཡ་དང་། མེ་ཏོག་རྐང་གཅིག་ལས་མེད་ནའང་ཕུལ་ཡ་ཡིན་ནའི་འདྲ། གང་ལྟར་སྣ་གཅིག་ལས་བསྒྲུབས་མ་ཐུབ་པ་ཡིན་ན་ཡང་། གང་སྒྲུབ་ཐུབ་པ་དེ་སྒྲུབ་པ་ཡིན་ན། དེ་ལ་ཕན་ཡོན་ཆེན་པོ་ཞིག་ཡོང་གི་ཡོད་པ་དགོངས་པ་བཞེས་ནས། ལས་རྒྱུ་འབྲས་ཤེས་ན། དགེ་སྡིག་དཀར་ནག་ལ་གདོང་ལེན་བྱེད་ཤེས་མཁན་ཞིག་ཆགས་པ་ཡིན་ན། ལས་རྒྱུ་འབྲས་ལ་བསམ་བློ་བཏང་བའི་དོན་གོ་ཆོད་པ་རེད་བསམ་གྱི་འདུག

КОМЕНТАРІ •