Thread of beads Analysis of China’s renaming of places in Arunachal

Поділитися
Вставка
  • Опубліковано 28 сер 2024
  • རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁག་ལ་མིང་གསར་པ་བཏགས་པའི་ལས་གཞིར་དཔྱད་ཞིབ།
    འདི་ལོའི་ཕྱི་ཟླ་ ༣ པའི་འགོ་སྟོད་དུ་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཆེད་བསྐྱོད་ཀྱིས་ཟེ་ལའི་ཕུག་ལམ་དབུ་འབྱེད་གནང་བའི་སྔ་རྗེས་སུ་རྒྱ་གཞུང་གིས་ཨ་རུ་ནཱ་ཅལ་དེ་བཞིན་རྒྱ་ནག་གི་ཆ་ཤས་ཡིན་པ་ཐེངས་བཞི་བཤད་ཡོད་པ་མ་ཟད། སླར་ཡང་ཨ་རུ་ནཱ་ཅལ་གྱི་ས་སྡེ་དང་རི་བོ་། ཆུ་བོ་སོགས་ཁྱོན་སུམ་ཅུ་ལ་མིང་གསར་པ་བཏགས་ཏེ། དེ་དག་ལ་བདག་དབང་རྩོད་ཡོད། རྒྱ་ནག་གི་བྱ་སྤྱོད་དེར་རྒྱ་གར་གྱི་སྲིད་བློན་གཙོས་པའི་གཞུང་འབྲེལ་དཔོན་རིགས་དང་། ཨ་རི་སོགས་ནས་སྐྱོན་བརྗོད་དང་། ལྷག་པར་རྟ་དབང་གཞོན་སྐྱེས་ལས་འགུལ་བ་དང་རྟ་དབང་བོད་རང་བཙན་སློབ་ཕྲུག་ཚོགས་པས་ངོ་རྒོལ་གྱིས། ཨ་རུ་ནཱ་ཅལ་དེ་ཉིད་རྒྱ་ནག་གི་ཆ་ཤས་མིན་པའི་ལས་འགུལ་སྤེལ་བ་མ་ཟད། ཉེ་ལམ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Foundation for Non-Violent Alternatives (FNVA) འམ་འཚེ་བ་མེད་པའི་ཐབས་ལམ་གྱི་གདམ་ཀའི་ཐེབས་རྩའི་ཞིབ་འཇུག་པ་ཁག་གཅིག་གིས་དམིགས་བསལ་སྙན་ཐོ་འདོན་སྤེལ་བརྒྱུད། རྒྱ་ནག་གི་བྱེད་བབ་དེར་འགག་ལན་དང་རྒྱ་དཀར་ནག་གཉིས་ཀྱི་གཞུང་ལ་སྐུལ་འདེབས་ཁག་གཅིག་ཕུལ་འདུག
    གཤམ་ལ་ལྡི་ལིར་ཡོད་པའི་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་དཔའ་ཆེན་རྡོ་རྗེ་ལགས་ཀྱིས་ཐེབས་རྩ་ཁང་དེའི་ཞིབ་འཇུག་པ་བསྟན་འཛིན་དགྲ་འདུལ་ལགས་སུ་སྙན་ཐོ་དེའི་སྐོར་བཅར་འདྲི་ཞུས་པ་ཞིག་གསན་རོག་གནང་།
    Guest: Tenzin Dhamdul, Research Associate at FNVA
    Find more from Voice Of Tibet:
    Website: www.vot.org
    UA-cam: / voiceoftibet
    Twitter: / vot_tibetan
    Instagram: / voice.of.tibet
    Facebook: / voiceoftibet
    #VoiceOfTibet

КОМЕНТАРІ • 6

  • @HLucasC7
    @HLucasC7 4 місяці тому

    Nice

  • @redlark
    @redlark 4 місяці тому

    Thanking Voice of Tibet for this showcasing this Issue Brief and China’s renaming spree in 🇮🇳 sovereign region, shows importance of Tibet and its centrality in Asia and the world👍

  • @10om99
    @10om99 4 місяці тому

    Good analysis Damdul, proud of you🙏

  • @icyyt6533
    @icyyt6533 4 місяці тому

    Impressive Damdul la 🔥🙏

  • @taidelek9994
    @taidelek9994 4 місяці тому

    What is the benefits for Tibet ?

  • @tsewangsonam1875
    @tsewangsonam1875 4 місяці тому

    མོན་ཏ་དབང་ས་ཆ་སྔ་མོ་བོད་ཀྱི་ས་ཆ་རེད། ད་ལྟའི་ཆ་ལ་རྒྱ་གར་གྱི་འོག་ཏུ་ཡོད་རེད། རྒྱ་མིའི་མིང་ག་འདྲ་ཞིག་ཞིག་རྟག་མིན་ལ་མ་ལྟོས་པར་སྔ་མོའི་ལོ་རྒྱུས་ལ་གཞི་བཅོལ་ནས་འགྲོ་དགོས་རེད།