Tibetan Song | སེམས་ཀྱི་ལྷ་མོ། | My Angel | ནོར་བུ་བསམ་གྲུབ། | Norbu Samdup | མཛའ་གླུ། | Love Song

Поділитися
Вставка
  • Опубліковано 12 вер 2024
  • #tibet #tibetan #tibetanmusic #tibetansong #karaoke #2024 #lyrics #lyricvideo #lovesong #norbusamdup
    གཞས་པ་ནོར་བུ་བསམ་གྲུབ་ཀྱི་གཞས་སེམས་ཀྱི་ལྷ་མོ།
    • Norbu Samdup 2019 - སེ...
    ཁྱེད་མཛེས་ལྡན་ལྷ་མོ་ནང་བཞིན་ང་ཡི་འཚོ་བར་སླེབས།
    དེ་ནས་ངའི་སྙིང་ཁར་ཁྱེད་ཀྱི་མདའ་དེ་ཕོག་པ་འདྲ།
    ཁྱེད་དྭངས་གཙང་ཆུ་མོ་བཞིན་དུ་ང་ཡི་ཡིད་སེམས་དེར།
    དྭངས་གཙང་གི་ལྷད་མེད་བརྩེ་བ་ཁྱེད་ལ་བཅངས།
    ས་ཐག་བྲལ་ཀྱང་བུ་ངའི་སེམས་ཀྱི་གཏིང་ལ་ཡོད་བུ་མོ།
    སེམས་ཀྱི་མེ་ཏོག་ཁྱེད་ཀྱི་ཕྱོགས་ལ་བཞད།
    འོན་ཁྱང་དྲག་ཆར་དང་རླུང་ཚུབ་གང་ཡང་ལྷད་མེད་ཀྱི་བརྩེ་བ་དེ།
    དུས་ནམ་ཡང་བུ་ངའི་སེམས་པའི་ནང་དུ་དྲོ།
    སེམས་ཀྱི་ལྷ་མོ།
    ཁྱེད་ང་ཡི་ཕྱོགས་ལ་གཅིག་གཟིགས་དང་།
    བུ་ངའི་འཛུམ་མདངས་འདི་ནི་ཁྱེད་ཀྱི་ཆེད་དུ་ཤོར།
    སེམས་ཀྱི་ལྷ་མོ།
    ཁྱེད་ང་ཡི་ཕྱོགས་ལ་གཅིག་གསན་དང་།
    མཛེས་པའི་གླུ་གཞས་འདི་ཁྱེད་ཀྱི་ཆེད་དུ་བྲིས།
    ང་ཡི་སེམས་ཀྱི་ལྷ་མོ།
    མཛེས་ལྡན་ལྷ་མོ་འཚོ་བར་སླེབས་བྱུང་།
    ང་ཡི་སྙིང་ཁར་མདའ་དེ་ཕོག་བྱུང་།
    དྭངས་གཙང་ཆུ་མོ་ལྷད་མེད་བརྩེ་སེམས།
    སེམས་ཀྱི་ལྷ་མོ་ཁྱེད་ལ་ཕུལ་ཡོད།
    དྲག་ཆར་དང་རླུང་ཚུབ་ཡོད་ཀྱང་བུ་ངའི་སེམས་ནང་ནམ་ཡང་དྲོ་བྱུང་།
    མཛེས་པའི་གླུ་གཞས་ཁྱེད་ཀྱི་ཕྱོགས་སུ་ཕུལ།
    ཁྱེད་མཛེས་ལྡན་ལྷ་མོ་ནང་བཞིན་ང་ཡི་འཚོ་བར་སླེབས།
    དེ་ནས་ངའི་སྙིང་ཁར་ཁྱེད་ཀྱི་རྨ་དེ་བཟོས།
    སྤོབས་སེམས་དང་གཟི་བརྗིད་རང་ཤེད་གང་ཡང་མ་བསྡ་པར།
    དྭངས་གཙང་གི་ལྷད་མེད་བརྩེ་བ་ཁྱེད་ལ་བཅངས།
    དབྱར་དགུན་སྟོན་དཔྱིད་གྲངས་མང་ཕྱིན་སོང་སེམས་ལ་ཡོད་བུ་མོ།
    གནང་བའི་རྨ་ཁ་འདི་བུ་ངའི་སེམས་ནང་སྦས།
    འོན་ཀྱང་འགྱོན་སེམས་དང་བློ་ཕམ་ལ་སོགས་སྤུ་ཙམ་ཡང་མེད་པས།
    ཁྱེད་ཀྱི་མཛུམ་མདངས་དེ་བུ་ངའི་སེམས་ནང་དྲོ།
    སེམས་ཀྱི་ལྷ་མོ།
    ཁྱེད་ཚེ་འདིར་འཕྲད་པར་ཐུགས་རྗེ་ཞུ།
    སྐྱིད་སྡུག་མཉམ་མྱོང་དེ་ནི་ཚེ་སྔོན་གསག་པའི་ལས།
    སེམས་ཀྱི་ལྷ་མོ།
    ཁྱེད་མཆི་མ་ལྷུང་བ་མ་གནང་དང་།
    ཚེ་འདིར་བསྟན་གྲོགས་ཁྱེད་ཡིན་ན་ངའི་རེ་བ་ཡིན།
    སེམས་ཀྱི་ལྷ་མོ།
    ཁྱེད་ང་ཡི་ཕྱོགས་ལ་གཅིག་གཟིགས་དང་།
    བུ་ངའི་འཛུམ་མདངས་འདི་ནི་ཁྱེད་ཀྱི་ཆེད་དུ་ཤོར།
    སེམས་ཀྱི་ལྷ་མོ།
    ཁྱེད་ང་ཡི་ཕྱོགས་ལ་གཅིག་གསན་དང་།
    མཛེས་པའི་གླུ་གཞས་འདི་ཁྱེད་ཀྱི་ཆེད་དུ་བྲིས།
    ང་ཡི་སེམས་ཀྱི་ལྷ་མོ།
    ང་ཡི་སེམས་ཀྱི་ལྷ་མོ།

КОМЕНТАРІ • 25