བལ་ཡུལ་གྱི་ནང་པའི་གནས་ཆེན་ཁག་ངོ་སྤྲོད། ༡༽ Introduction of Buddhist sacred places in Nepal་ Part 1

Поділитися
Вставка
  • Опубліковано 27 сер 2024
  • ༼བལ་ཡུལ་ནང་པའི་གནས་ཆེན་དང་ལྷ་ཁང་མཆོད་རྟེན་ངོ་སྤྲོད། ༡༽ Introduction of Nepal Buddhist Temples, Stupas and pilgrimage places ༽ Part 1
    ལོ་རྒྱུས་ཆེད་མཁས་པ་རྒན་གཅན་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་བལ་པོའི་རྒྱལ་རབས་ཆོས་འབྱུང་གི་ངོ་སྤྲོད་གཏམ་བཤད་མུ་མཐུད་ནས་གནང་བཞིན་པའི་ནང་ཚན་ནང་པའི་གནས་ཆེན་དང་ལྷ་ཁང་མཆོད་རྟེན་ངོ་སྤྲོད་སྐོར།
    གཏམ་བཤད་མཁན། གཅན་བཀྲ་ཤིས་དོན་གྲུབ།
    བལ་ཡུལ་གྱི་ནང་པའི་གནས་ཆེན་ཁག་ངོ་སྤྲོད་འདིའི་ནང་གནའ་བོའི་བལ་པོའི་ཡུལ་དུ་ནང་བསྟན་ཆོས་ལུགས་ཇི་ལྟར་དར་ཚུལ། རྩ་ཆེའི་ནང་པའི་གནས་ཡུལ་མཆོད་རྟེན་དང་ལྷ་ཁང་རྙིང་པ་ཅི་ཡོད་དག་གི་བྱུང་རབས་ལོ་རྒྱུས་ངོ་སྤྲོད་དང་། ད་ལྟའི་གནས་སྟངས་སོགས་ཡུལ་དངོས་གནས་སྐོར་གྱིས་གྲུབ་དོན་དབྱེ་ཞིབ་ཅུང་འཐུས་ཚང་བྱས་པ་ཞིག་ཡིན་པས།
    ད་ལྟའི་བར་དུ་བོད་སྐད་ནང་བལ་པོའི་ནང་པའི་གནས་ཆེན་ཁག་གི་སྐོར་ནས་གཏམ་བཤད་འཐུས་ཚང་ཤོས་དེ་ཡིན་སྙམ་ཞིང་། ང་ཚོས་རྒན་གཅན་བཀྲ་ཤིས་དོན་གྲུབ་ལགས་ཀྱི་གཏམ་བཤད་རྣམས་སྒྲ་སྒམ་བཟོས་ཏེ་ཨང་རིམ་བཞིན་དྲ་ངོས་སུ་འགོད་རྒྱུ་ཡིན་པས་ཐུགས་སྣང་ཅན་ཚོས་གསན་གཟིགས་གནང་རྒྱུ་མ་སྙེལ་བ་གནང་རོགས་ཞུ།
    ཁྱོད་ཀྱིས་བླ་མཁར་གྱི་གཏམ་བཤད་གང་ཞིག་གསན་གཟིགས་གནང་རྗེས་རང་ལ་དགོངས་ཚུལ་ཅི་ཡོད་གསུང་རྒྱུ་དང་། གཞན་ལ་བརྒྱུད་བསྐུར་དང་མོས་རྟགས་གདབ་རྒྱུ་སོགས་ནི་ཁྱེད་ཀྱིས་ང་ཚོའི་སྒྲ་སྒམ་གཏམ་བཤད་ལ་བཟུང་བའི་རྣམ་འགྱུར་དང་རྒྱབ་སྐྱོར་མཚོན་བྱེད་དུ་འགྱུར་ངེས་ན་དེ་ལྟར་ཐུགས་འཇགས་འཚལ། PLEASE SUBSCRIBES, SHARE and COMMENTS

КОМЕНТАРІ • 4