རྗེ་མི་ལས་བྷ་རོ་འགའ་འཁོར་དང་བཅས་པ་ལ་གསུངས་པ་ཡིན་པ་བདུན་གྱི་མགུར། མཁན་པོ་ནོར་བུ་རབ་རྒྱས།Lyrical Video

Поділитися
Вставка
  • Опубліковано 21 жов 2024
  • རྗེ་མི་ལས་བྷ་རོ་འགའ་འཁོར་དང་བཅས་པ་ལ་གསུངས་པ་ཡིན་པ་བདུན་གྱི་མགུར།
    གསུངས་མཁན། རྗེ་བཙུན་མི་ལ་རས་པ།
    ལེན་མཁན། མཁན་པོ་ནོར་བུ་རབ་རྒྱས།
    སྒྲིག་སྦྱོར་པ། དངོས་གྲུབ་རྒྱལ་མཚན།
    ༼རྗེ་མི་ལས་བྷ་རོ་འགའ་འཁོར་དང་བཅས་པ་ལ་གསུངས་པ་ཡིན་པ་བདུན་གྱི་མགུར་བཞུགས་སོ།།༽
    སྒྲ་སྒྱུར་མར་པའི་ཞབས་ལ་འདུད།།
    བྱང་སེམས་འབྱོངས་པར་བྱིན་གྱིས་རློབས།།
    དོན་བདེན་པའི་ཚིག་དང་མ་འབྲེལ་ན།།
    གླུ་གྲེ་འགྱུར་སྙན་ཡང་པི་ལྦང་ཡིན།།
    ཆོས་མཐུན་དཔེ་ཡིས་མ་མཚོན་པའི།།
    ཚིག་སྡེབ་སྦྱོར་མཁས་ཀྱང་སྒྲ་སྙན་ཡིན།།
    ཆོས་ལག་ལེན་རྒྱུད་ལ་མི་འགེལ་ན།།
    ངས་ཤེས་སོ་ཟེར་ཡང་མགོ་སྐོར་ཡིན།།
    དོན་སྙན་བརྒྱུད་ཀྱི་གདམས་པ་མ་བསྒོམས་ན།།
    གནས་རི་ཁྲོད་བཟུང་ཡང་རང་སྡུག་ཡིན།།
    ཕན་ངེས་པའི་དམ་ཆོས་མི་བྱེད་ན།།
    འཕྲལ་སོ་ནམས་རེམ་ཡང་སྡུག་ལས་ཡིན།།
    ལས་རྒྱུ་འབྲས་ཞིབ་ཏུ་མི་རྩི་ན།།
    ཚིག་ཁ་ཏ་ཆེ་ཡང་སྨོན་པ་ཡིན།།
    ཚིག་དོན་ལག་ཏུ་མི་ལེན་ན།།
    འཕྲལ་བཤད་ལོ་བྱས་ཀྱང་ཁྲམ་པ་ཡིན།།
    ལས་མི་དགེ་སྤངས་ན་ངང་གིས་འགྲུབ།།
    ལས་དགེ་བ་བསྒྲུབས་ན་ཤུགས་ལ་འགྲུབ།།
    འགག་གཅིག་ལ་དྲིལ་ཞིང་ཉམས་སུ་ལོངས།།
    ཚིག་མང་པོས་བཤད་པ་ཕན་པ་ཆུང་།།
    དོན་དེ་བཞིན་ཉམས་སུ་ལེན་འཚལ་ལོ།།
    དོན་དེ་བཞིན་ཉམས་སུ་ལེན་འཚལ་ལོ།།
    Website: www.rinpoche.com​
    Facebook: / thrangumedia​
    Soundcloud: / thrangu-media
    #ThranguMedia​ #Milarepa #KhenpoNorbuRabgye
    Copyright © 2022, Thrangu Media

КОМЕНТАРІ • 19