༧རིག་འཛིན་ཉི་མ་གྲགས་པ་སྐུ་ཕྲེང་བདུན་པའི་མཛད་རྣམ་སྐལ་བཟང་རྣ་བའི་བདུད་རྩི།7th Nyima Dakpa's History!!

Поділитися
Вставка
  • Опубліковано 12 вер 2024
  • ཚིག ཐུབ་བསྟན་འཇམ་དཔལ།
    སྦྱིན་བདག་དཀོན་མཆོག་ཤེས་རབ་དང་ཐུབ་བསྟན་ཉི་མ།
    འཆར་འགོད་པ། སྦྱིན་པ་མཐར་ཕྱིན།
    གླུ་མ། སངས་རྒྱས་དཔལ་མོ།
    སྒྲིག་སྦྱོར་མཁན། སོག་ཤོད་བརྙན་ལས་གླིང་།
    ༄།། བརྩེ་ཆེན་རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་སྙིང་པོ།། 大悲勝眾智慧精華之總集
    གཅིག་བསྡུས་འགྲོ་ཁམས་རྒྱ་མཚོའི་མོས་ངོ་རུ་ཤར་བའི།། 是為輪迴大海有情而現世
    འཕགས་མཆོག་སེམས་ཉིད་ངལ་གསོའི་སྒྱུ་འཕྲུལ་གྱི་རོལ་མོ།། 大聖心性休息幻化所顯現
    རིག་འཛིན་ཉི་མ་གྲགས་པ་ཚེ་རབས་ཀྱི་སྐྱབས་གནས།། 日增尼瑪札巴吾等永皈處
    སྐུ་ཡི་ཕྲེང་བ་ས་གསུམ་འགྲན་ཟླ་དང་བྲལ་ཞིང་།། 世世代代三域無與倫比者
    བསྟན་འགྲོའི་ཕྱག་རྗེས་ངོམ་བཞིན་ནུབ་རི་ལ་ཡིབས་ཀྱང་།། 宣教利眾正興殞落於西山
    ཡང་སྤྲུལ་གསེར་གྱི་ཉི་གཞོན་འཕགས་ཡུལ་གྱི་ཞིང་དུ།། 金黃旭日再升印度殊聖地
    ཕན་བདེའི་དཔལ་དུ་ཤར་བ་སྐྱེ་རྒུ་ཡི་བསོད་ནམས།། 發起利樂盛德眾生之福德
    ས་ལམ་མཐོན་པོར་བཞུགས་པའི་སེམས་པ་དེ་ཆེན་པོ།། 居於地道高位廣大菩薩心
    ཞི་བདེའི་དེད་དཔོན་ཕྱག་ན་པདྨོ་ཡི་ཐུགས་དགོངས།། 和平舵手觀音菩薩心意願
    འཁྲུལ་བྲལ་ཡེ་ཤེས་དག་པའི་གཟིགས་པ་དེའི་ལམ་ནས།། 離迷智慧清淨境界中觀照
    མ་ནོར་ཉི་སྤྲུལ་བདུན་པའི་མཚན་གནས་དེ་གནང་སོང་།། 無謬轉世賜予第七世尼札
    ལས་དང་སྨོན་ལམ་བཟང་པོའི་བླ་སློབ་ཀྱི་དམ་ཚིག། 善業善願堅固師徒金剛誓
    དམ་སེལ་གཡའ་ཡི་མ་གོས་རྫོགས་ཆེན་གྱི་རྒྱུད་འཛིན།། 誓言清淨無染傳承大圓滿
    འཇིགས་མེད་བློ་གསལ་དབང་པོའི་ཞབས་སེན་ལ་རེག་ནས།། 吉美羅薩旺波汝尊親口授
    ཕ་རྗེས་བུ་འཛིན་དགོས་པའི་ཞལ་གདམས་དེ་བསྩལ་སོང་།། 賜予教言繼承者吾謹遵從
    ཆུང་ནས་ཤེས་རིག་སྐྱེད་ཚལ་སློབ་གླིང་དུ་འགྲིམས་ནས།། 自小遊學禪林經院習教理
    ཐུན་མོང་རིག་གནས་མེ་ཏོག་མགུལ་རྒྱན་དུ་བཞེས་ལ།། 共同學門妙花飾頸般嫻熟
    ཁྱད་པར་ཐུན་མིན་མདོ་རྒྱུད་གཞུང་ལུགས་ཀྱི་གནད་གསང་།། 尤其不同顯密經論深要義
    དགྱེས་བཞེས་ལང་ཚོ་རྫོགས་པའི་མཛེས་སྡུག་དེ་ངོམ་སོང་།། 韶華年歲圓滿學成精熟矣
    དུས་དེར་སྔ་འགྱུར་བསྟན་པ་རྒྱལ་མཚན་ལྟར་བསྒྲེངས་བའི།། 時乃舊譯寧瑪法幢正高舉
    སྐྱེས་ཆེན་དམ་པའི་གསུང་གི་བདུད་རྩི་ལ་རོལ་ཞིང་།། 享飲聖者士夫法教之甘露
    རྣམ་ཀུན་མཆོག་སྤྲུལ་རྣམ་གཉིས་ལྷག་བསམ་གྱི་འོད་སྣང་།། 殊勝二化一切時處光遍照
    ཀུན་དའི་ཚལ་ལ་ཟླ་བའི་འོད་ཐིག་དང་འདྲ་སོང་།། 如同勝樂太陽白蓮園中月
    ཁྱད་པར་སྦས་པའི་རྣལ་འབྱོར་རྡོ་གྲུབ་ཀྱི་དྲུང་དུ།། 特出隱士瑜伽多竹聖尊前
    བླ་མའི་མན་ངག་ཟབ་མོའི་ཞུན་མཐར་དེ་བཅད་ནས།། 上師甚深竅訣琢磨決斷行
    ལོ་གྲངས་དཀའ་བ་སྤྱད་པའི་ཉམས་ལེན་གྱི་མཛད་པས།། 歷時多年艱辛苦行勤修持
    དོན་རྒྱུད་རྟོགས་པའི་བྱིན་རླབས་ཐུགས་ཀློང་ལ་འདྲེས་སོང་།། 悟達本性加持心內融為一
    གང་གི་རྣམ་ཐར་ལྷད་མེད་གསེར་ནག་གི་རྒྱན་ལ།། 彼之傳記無雜純然清淨辭
    དམ་པའི་ཚུལ་དགུ་མཛེས་པའི་ཕ་ལམ་གྱི་ཕྲ་ཚོམ།། 最上行儀璀璨猶如寶鑽簇
    ཐུགས་རྗེ་བྱིན་རླབས་སྙོམ་པོའི་འོད་རླབས་དེ་གཡོ་བཞིན།། 悲心平等加持似波光蕩漾
    དེང་འདིར་སྐལ་ལྡན་བུ་ཡི་མིག་མདུན་དུ་བཤམས་ཡོད།། 現此陳述有緣弟子之眼前
    ཁྱེད་སྐུ་འགྱུར་མེད་ཞི་དུལ་བག་ཡོད་ཀྱི་སྤྱོད་བཟང་།། 尊身恆時調柔安隱良善行
    ཁྱེད་གསུང་འགག་མེད་རྒྱུ་འབྲས་རྟེན་འབྲེལ་གྱི་དབྱངས་སྙན།། 尊語無礙宣揚因果緣起法
    ཁྱེད་ཐུགས་གཡོ་མེད་ལུང་རྟོགས་དམ་ཆོས་ཀྱི་འབྱུང་གནས།། 尊意堅定教證妙法之根源
    གསང་གསུམ་མི་ཤིགས་མཛད་ཕྲིན་ནམ་མཁའ་ལྟར་ཁྱབ་ཤོག། 祈願三密不壞功業遍虛空

КОМЕНТАРІ • 17