བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་བགྲོ་གླེང།

Поділитися
Вставка
  • Опубліковано 28 вер 2024
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་བགྲོ་གླེང།
    དྷ་ས་བོད་ཀྱི་དཔེ་མཛོད་ཁང་ནས་བོད་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཞེས་པའི་ལས་འཆར་འོག བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་ཞེས་པའི་བརྗོད་གཞིའི་སྟེང་བགྲོ་གླེང་ཚོགས་འདུ་ཉིན་གཉིས་པའི་ཚོགས་ཐུན་དང་པོ།

КОМЕНТАРІ • 4

  • @DipselLhamo-sv2zi
    @DipselLhamo-sv2zi 4 місяці тому

    བོད་ཀྱི་དཔེ་མཛོད་ཁང་ནས་བོད་མི་རིགས་རྒྱུན་འཛིན་ཐུབ་ཐབས་དང་སྲོག་རྩ་བརྟན་པོར་གནས་ཐབས་སུ་ལས་འཆར་འདི་ལྟ་བུ་དང་། སྐབས་བསྟུན་མདུན་བསྐྱོད་ལས་འཆར་གྱི་ངོ་བོ་དང་རྣམ་པ་འདྲ་མིན་རྒྱུན་སྲིང་ཐུབ་པ་ཡིན་ན། དེས་ཚོགས་ཞུགས་པ་འདྲ་མིན་གྱི་སྐད་ཡིག་བསམ་བློའི་རྒྱུན་འཛིན་ནུས་པར་ལྷན་ཐབས་ཀྱི་རམ་འདེགས་བསྐྲུན་པ་ཡིན་ན།
    དེའི་བརྒྱུད་ནས་བོད་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་ཞེས་པའི་ལས་འཆར་གྱི་མངོན་འདོད་ཀྱང་རིམ་གྱིས་འབྲས་བཟང་གཡུར་དུ་ཟ་བ་མངོན་པ་སྲིད་པར་སྙམ།

  • @khangsartsering1959
    @khangsartsering1959 4 місяці тому

    རྒན་མིང་ཆུས་ནས་དུས་ཀྱི་དགོས་མཁོ་དང་འཚམ་པདང་ཕན་འདོགས་ངེས་ཅན་ཡོད་པའི་གཏམ་བཤད་ཧ་ལས་ཡག་པོ་གསུངས་སོང་། བཀའ་དྲིན་ཆེ།

  • @DipselLhamo-sv2zi
    @DipselLhamo-sv2zi 4 місяці тому

    སྐད་ཡིག་གི་སྒྱུ་རྩལ་མི་ཉམས་རྒྱུན་འཁྱོང་ཐུབ་པར་སྐད་ཡིག་གི་ཁྱབ་ཚད་དར་སྤེལ་གཏོང་བར་དང་ཐོག་ཡིག་ངག་མི་མཐུན་པའི་དཀའ་ངལ་སེལ་ཐབས་སུ་རྒྱུན་གཏན་སློབ་ཁྲིད་ཡིག་སྐད་མཉམ་སྤྱོད་ཐུབ་ཐབས་སུ། དམའ་རིམ་འོག་མ་ནས་དགེ་རྒན་གྱིས་ཡིག་སྐད་ཞལ་རྒྱུན་དུ་བཀོལ་སྤྱོད་གནང་སྟེ།
    སློབ་མའི་རྣ་བར་ཡིག་སྐད་ཀྱི་སྒྲའི་རང་བཞིན་རྣ་བར་རྒྱུན་སྲིང་ཐོས་པའི་བག་ཆགས་གཏིང་ཟབ་འཇོག་ཐབས་དང་།
    སློབ་མའི་རྣ་བར་ཡིག་སྐད་ཀྱི་སྒྲ་གདངས་རང་བཞིན་ཡང་ཡང་ཐོས་པ་དང་རྗེས་སུ་འབྲེལ་བའི་སྒྲའི་སྤྱི་རྣམ་དེ་སློབ་མའི་རྒྱུའི་རྣམ་པར་རྟོག་པའི་ངོར་རྒྱུན་ཆགས་སུ་ས་བོན་གྱི་ངོ་བོར་བརྟན་པར་བྱ་དགོས།
    མཐའ་མ་གོང་དུ་བཞག་པའི་བག་ཆགས་ཀྱི་ས་བོན་དེ་སད་ནས་འཚོ་བའི་ཁྲོད་དུ་འབད་པ་མེད་པར་སྔར་ཡིག་སྐད་ཡང་ཡང་ཐོསཔའི་བག་ཆགས་སད་དེ་ངག་རྒྱུན་ནས་གོམས་འདྲིས་དང་སྦྲེལ་བའི་བརྗོད་པ་ལྕེ་རྐན་ལས་ཡིག་སྐད་ལྷུན་གྱིས་བརྗོད་ཐུབ་པ་ཞིག་སྟེ།
    མདོར་ན་བརྒྱུད་རིམ་དེ་དག་ངང་རྒྱུད་རིང་བོའི་ཀུན་སློང་ལ་བརྟེན་ནས་བཟོ་ཐབས་སུ་ངལ་བ་དང་ལེན་གྱི་འབད་པ་བསྟེན་པ་ཡིན་ན། སྐད་ཡིག་གཅིག་འགྱུར་ཞིག་རང་བཞིན་གྱིས་ཡོང་ཐུབ་པ་ཅིའི་ཕྱིར་མ་ཡིན་ནམ།😅😅😅

  • @ལྷགསྒྲོལ
    @ལྷགསྒྲོལ 4 місяці тому

    ཤེས་ཡོན་དང་ལྷག་བསམ་ལ་ཕྱུག་པའི་རྒན་མིང་ཆུང་ལགས་སྐུ་ཚེ་ཡུན་རིང་བརྟན་པར་སྨོན། སྐུ་ཉིད་ནི་བོད་ཀྱི་སྐད་ཡིག སྲུང་སྐྱོབ་དང་དར་འཕེལ་གཏོང་གནང་མཁན་གྱི་སྐྱེས་མཆོག་ངོ་མ་ཞིག་ཡིན། སྐུ་ཉིད་ཀྱིས་སྐུ་ངལ་འཛེམས་མེད་བསྐྱོན་ནས་བློ་རིག་བཀྲ་བའི་སློབ་མ་ཚོས་ཆེད་དུ་བཀླག་རྒྱུའི་དཔེ་དེབ་བརྒྱ་ཕྲག་མང་པོ་བརྩམས་དེ་བཞིན་མིང་ཚིག་ཕྱུག་ཏུ་བཏང་རྒྱུའི་སླད་གྱང་སྦྱར་དང་ཤོག་བྱང་དུ་མ་ཞིག་དཔར་བསྐྲུན་ཞུས་པ་མ་ཟད་བོད་དགེ་ཡོངས་ལ་སློབ་འཁྲིད་བྱ་རྒྱུའི་སླད་བསླབ་གཞིའི་ལག་དབེ་ཆེས་མཐུག་ལ་ནང་དོན་ཕུན་སུམ་ཚོགས་པ་བཅས་བྲིས། དོན་དངོས་སུ་རྒན་མིང་ཆུང་ལགས་བོད་ཁྱིམ་སློབ་གྲྭར་ཆེས་བཀའ་དྲིན་ཆེ་བའི་སློབ་དགེ་ཞིག་ཡིན། རྒན་མིང་ཆུང་་ལགས་ཀྱི་ཤེས་སྤྱོད་གཉིས་ཀ་ལ་གུས་མོས་སྙིང་ཁོངས་ནས་གུས་འདུད་ལན་བརྒྱ་ཞུ་བཞིན་ཡོད། སླར་ཡང་ཞུ་རྒྱུ་ལགས་ན་རྒན་མིང་ཆུང་ལགས་སྐུ་ཚེ་ཡུན་རིང་བརྟན་པར་སྨོན། 🌷🌷🌷🌺🌺🌺🌺🌺🏵️💐💐💐💐💐💐💐💐