The legend of Karmapa by Sherten and Tsewang Lhamo, New Tibetan song 2017

Поділитися
Вставка
  • Опубліковано 27 сер 2024
  • རྒྱལ་མཆོག་ཀརྨ་པ་ཆེན་པོའི་འཁྲུངས་རབས་དད་པའི་གསོས་སྨན།
    ཚིག། བཀྲ་ཤིས་སྙན་གྲགས།
    དབྱངས། ཤེར་བསྟན།
    ལེན་མཁན། ཤེར་བསྟན།ཚེ་དབང་ལྷ་མོ།
    མགོན་ས་ར་ཧ་ཡི་སྤྲུལ་པའི་གར།།
    རྗེ་དུས་གསུམ་མཁྱེན་པ་ཀརྨ་པའི།།
    སྐུ་སྐྱེ་ཕྲེང་འཛིན་པ་བཅུ་བདུན་པ།།
    རྗེ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག།
    སྐུ་མཚན་དཔེ་བཞད་ཚུལ་ཇི་ལྟར་ལགས།།
    རུས་ལྷ་ནས་ཆད་པའི་རིགས་རྒྱུད་དང་།།
    དཔུང་ཐོག་ལྟར་རྒོད་པའི་ས་ཡི་ཆ།།
    ཡུལ་དགེ་བཅུ་ཚང་བའི་ལྷ་ཐོག་ཏུ། །
    སྐུ་གོང་མས་མ་འོངས་མངོན་གཟིགས་ལྟར།།
    ལྟས་རྟགས་མཚན་བཟང་པོས་མཚན་དཔེ་བཞད།།
    ཡུལ་གངས་ཅན་སྤྲུལ་སྐུས་སྲོལ་འབྱེད་པ།།
    ལྷ་སྤྱན་རས་གཟིགས་དབང་ཀརྨ་པའི།།
    སྐུ་སྐྱེ་ཕྲེང་འཛིན་པ་བཅུ་བདུན་པ།།
    མགོན་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་ཡིས།།
    ཕྱོགས་རིས་མེད་སློབ་གཉེར་ཇི་ལྟར་གནང་།།
    སྐད་བཞི་ཡི་ལོ་ཙཱ་ཐོགས་མེད་བསླབས།།
    སྒྲ་སྙན་ངག་བཟོ་གསོ་མ་ལུས་དང་།།
    གཞུང་བཀའ་པོད་ལྔ་སོགས་མདོ་སྔགས་བཅས།།
    ལོ་ཉི་ཤུ་ལྷག་ཏུ་སྦྱངས་པ་གནང་།།
    གླིང་ཤར་ནུབ་མཁས་པས་གདེངས་འཇོག་ཐོབ།།
    མཚན་སྙན་གྲགས་འཛམ་གླིང་ཁྱབ་པ་དང་།།
    བོད་གཞིས་བྱེས་རེ་སྨོན་ཆོས་ལུགས་དང་།།
    ༧གོང་སྐྱབས་མགོན་ཐུགས་བརྩེ་ཟབ་པ་སོགས།།
    རྗེ་མཚུངས་མེད་རྒྱལ་མཆོག་ཀརྨ་པའི།།
    སྐུ་གཞོན་རུང་མཛད་ཕྲིན་ཇི་ལྟར་ལགས།།
    ཐོབ་གོ་ས་བསྐྱུར་ནས་གཞན་ཡུལ་ཕེབས།།
    ཐུགས་ཡངས་པས་ཀུན་དང་མཐུན་འབྲེལ་བཙུཊ།།
    སྤྱིར་ས་དགེ་རྙིང་སོགས་དབང་ལུང་ཞུས།།
    སྒོས་བཀའ་བརྒྱུད་དགུན་ཆོས་སྨོན་ལམ་སོགས།།
    སྔར་མེད་པའི་བཤད་སྒྲུབ་འཆད་ཉན་སྤེལ།།
    ལོ་དགུ་བརྒྱའི་ལོ་རྒྱུས་བང་མཛོད་ལ།།
    འོད་འཕྲོ་བའི་ཞབས་རྗེས་ཁོ་ན་ལས།།
    བྱས་ཉེས་པའི་ནག་ཐིག་མི་སྲིད་པས།།
    འདི་བསམ་ཚེ་འཁྲུལ་མེད་སངས་རྒྱས་དངོས།།
    དུས་དེང་ནས་སངས་རྒྱས་མ་ཐོབ་པར།།
    རྗེ་དུས་གསུམ་སངས་རྒྱས་ཀརྨ་པས།།
    ཚེ་འདི་ཕྱི་ཀུན་ཏུ་རྗེས་བཟུང་སྟེ།།
    དཔལ་མཉམ་མེད་བཀའ་བརྒྱུད་རིང་ལུགས་ལ།།
    ཆོས་བཤད་སྒྲུབ་ལག་རྗེས་འཇོག་ནུས་ཤོག།

КОМЕНТАРІ • 4

  • @lhamochoden5021
    @lhamochoden5021 Рік тому

    🙏🏻🍀🌸🍀🌸🙏🏻

  • @murielmottet
    @murielmottet 7 років тому +1

    🙏. Thank you

  • @NieveAndrea
    @NieveAndrea 3 місяці тому

    Can anyone post the translation of the lyrics to English? I love the music and voices, I just don't speak Tibetan 🙏🏻😅