New Tibetan Gorshey 2024 // ཉིང་ཁྲིའི་སྨོན་ལམ།

Поділитися
Вставка
  • Опубліковано 9 вер 2024
  • ༼ཉིང་ཁྲིའི་སྨོན་ལམ་༽
    བྲག་གསུམ་མཚོ་ཡི་སྒང་ལ།།
    མཚོ་བཟང་དགོན་པ་བཞེངས་ཡོད།།
    མཚོ་བཟང་དགོན་པའི་ནང་ལ།།
    གུ་རུ་སྐུ་དྲག་བཞུགས་ཡོད།།
    བྲག་གསུམ་མཚོ་ཡི་ནང་ལ།།
    ཀླུ་ཡི་བང་མཛོད་ཆག་ལ་ཡོད།།
    ཀླུ་ཡི་བང་མཛོད་ནང་ལ།།
    རིན་ཆེན་ནོར་བུ་བརྒྱངས་ཡོད།།
    གནམ་ལྕགས་འབར་བའི་སྒང་ལ།།
    གསེར་གྱི་ཉི་མ་ཤར་ལ་ཡོད།།
    ཨ་མ་ཀོང་བཅུན་དེ་མོ།།
    ཉི་འོད་ནང་ལ་བཞུགས་ཡོད།།
    གནམ་ལྕགས་འབར་བའི་རྩེ་ལ།།
    དར་གྱི་རླུང་རྟ་རྒྱབ་ཡོད།།
    དར་གྱི་རླུང་རྟའི་སྒང་ལ།།
    གསོལ་བ་སྨོན་ལམ་བཏབ་ཡོད།།
    བྲག་གསུམ་མཚོ་མོ་ཡིད་དུ་འོང་བའི་བཀྲ་ཤིས་ཤོག།།
    གནམ་ལྕགས་འབར་བ་བརྗིད་ཉམས་ལྡན་པའི་བཀྲ་ཤིས་ཤོག།།
    ཤུག་པའི་རྒྱལ་པོ་ལོ་འདབ་རྒྱས་པའི་བཀྲ་ཤིས་ཤོག།།
    འཛམ་བུ་གླིང་ལ་ཞི་བདེ་ཡོང་བའི་བཀྲ་ཤིས་ཤོག།།
    ་་་་་་་་་་་་་་་་་་་་་་་༼སྟོང་པ་༽
    ཀོང་པོ་གཡུ་ཡི་ལུང་པར།།
    ཤུག་པའི་རྒྱལ་པོ་བཞུགས་ལ་ཡོད།།
    ལྷ་ཤིང་ཤུག་པའི་རྒྱལ་པོ།།
    ཚེ་རིང་ཤིང་གི་རྒྱུ་རེད།།
    ཀོང་པོ་གཡུ་ཡི་ལུང་པར།།
    ཤུག་པའི་རྒྱལ་པོ་བཞུགས་ལ་ཡོད།།
    ལྷ་ཤིང་ཤུག་པའི་རྒྱལ་པོ།།
    གཡུ་ཡི་མནྜལ་འདྲ་བྱུང།།
    བུ་ཆུ་བླ་མ་གླིང་ལ།།
    ཟངས་མདོག་དཔལ་རི་ཆགས་ཡོད།།
    ཟངས་མདོག་དཔལ་རིའི་སྒང་ལ།།
    རྩ་བའི་བླ་མ་བཞུགས་ཡོད།།
    རྩ་བའི་བླ་མ་མཆོག་ལ།།
    མཇལ་དར་སེར་པོ་ཕུལ་ནས།།
    འཛམ་བུ་གླིང་ལ་ཞི་བདེ།། ཡོང་བའི་གསོལ་བ་སྨོན་ལམ་འདེབས།།
    བྲག་གསུམ་མཚོ་མོ་ཡིད་དུ་འོང་བའི་བཀྲ་ཤིས་ཤོག།།
    གནམ་ལྕགས་འབར་བ་བརྗིད་ཉམས་ལྡན་པའི་བཀྲ་ཤིས་ཤོག།།
    ཤུག་པའི་རྒྱལ་པོ་ལོ་འདབ་རྒྱས་པའི་བཀྲ་ཤིས་ཤོག།།
    འཛམ་བུ་གླིང་ལ་ཞི་བདེ་ཡོང་བའི་བཀྲ་ཤིས་ཤོག།།
    བྲག་གསུམ་མཚོ་མོ་ཡིད་དུ་འོང་བའི་བཀྲ་ཤིས་ཤོག།།
    གནམ་ལྕགས་འབར་བ་བརྗིད་ཉམས་ལྡན་པའི་བཀྲ་ཤིས་ཤོག།།
    ཤུག་པའི་རྒྱལ་པོ་ལོ་འདབ་རྒྱས་པའི་བཀྲ་ཤིས་ཤོག།།
    འཛམ་བུ་གླིང་ལ་ཞི་བདེ་ཡོང་བའི་བཀྲ་ཤིས་ཤོག།།
    #gorshey #2024 #tibetandance #tibetan #tibetancircledance #newtibetansong #explorepage #dancecover

КОМЕНТАРІ • 13