ཆམ་ནད་ཀྱིས་རྐྱེན་པས་ལུས་སེམས་མི་བདེ་བར་གྱུར་བ།

Поділитися
Вставка
  • Опубліковано 11 жов 2024
  • WhatsApp: +91 8217734395
    21 ཆམ་ནད་ཀྱིས་རྐྱེན་པས་ལུས་སེམས་མི་བདེ་བར་གྱུར་བ།
    ཆམ་ནད། ་་་་་་་་་་་་་་་་་་ཆམ་པའི་ན་ཚ། common cold/普通感冒
    རྐྱེན་པས།་་་་་་་་་་་་་་་་་ because of that /因為那個
    ལུས་སེམས།་་་་་་་་་་་་་ལུས་དང་སེམས། body and mind /身心
    མི་བདེ་བ།་་་་་་་་་་་་་་བདེ་པོ་མེད་པ། not comfortable /不舒服
    གྱུར་བ།་་་་་་་་་་་་་་་་ཆགས་པ། became / change /成為/改變
    ཨེམ་ཆི་བསྟན།་་་་་་་་ see doctor/看醫生
    ཡག་གི་རེད།་་་་་་་་་་ཡག་ག་ཡོད་རེད། better /更好的
    རོགས་པ་བྱེད།་་་་་་་ to help /幫助
    གྲ་སྒྲིག་གནང་་་་་་་་་་གྲ་སྒྲིག་བྱེད། to make ready /做好準備
    མགྱོགས་པོ།་་་ quick /快的
    མགྱོགས་པོ་་་་་(བྱ་ཚིག) མགྱོགས་པོ་འགྲོ། quickly go /快走
    སྔོ་པོ་འཐོན།་་་་་་་་་ leave earlier /早點離開
    འབྱོར།་་་་་་་་་་་་་་་བསླེབས་པ། arrive /到達
    སྤ་སེ།་་་་་་་་་་་་་་ticket /票
    འཚོང་་་་་་་་་་་་་ to sell /賣光
    ཨང་གྲངས་གཞིར་བཟུང་བྱས།་་་་་་་ according to token number /根據代幣編號
    གསུང་གནང་།་་་་་་་་་ to call (by name)/ 叫xx的名字
    སྙུང་། ་་་་་་་་་་་་་་་ན། to get sick /生病
    སྣ་ཆུ་དོན།་་་་་་་་ running nose/流鼻水
    མིད་པ་ཚ་་་་་་་་ throat pain /喉嚨痛
    གློ་རྒྱག་་་་་་་་་་་ to cough /咳
    གཟུགས་པོ་ཡོངས་རྫོགས་ན།་་་་་་་ whole body in pain /全身都在疼痛之中
    ཚ་བ་འབར།་་་་་་་་་་་་་ to get fever /發燒
    མགོ་ན།་་་་་་་་་་་་་་་་་་ to get headache /頭痛
    དེ་ག་རང་།་་་་་་་་་་་་ just that /只是
    གཉིད་ཁུག་་་་་་་་་་་་ to sleep /睡覺
    དུས་ཐོག།་་་་་་་་་་་་ on time /準時
    བཀྲ་ཤིས།་་་་་་་་་་་རྡོར་རྗེ། ཁྱེད་རང་གློ་ཞེ་དྲག་རྒྱག་གི ཨེམ་ཆི་བསྟེན་ན་ཡག་
    གི་རེད་ད།
    རྡོར་རྗེ།་་་་་་་་་་་་་་་་་ཡོང་ང་། དེ་རིང་ང་སྨན་ཁང་ལ་འགྲོ་གི་ཡིན། རང་གིས་ང་ལ་
    རོགས་པ་བྱེད་ཨ།
    བཀྲ་ཤིས།་་་་་་་་་་་ཡོང་ང་། ཁྱེད་རང་གྲ་སྒྲིག་མགྱོགས་པོ་གནང་དང་། ང་གཉིས་སྔ་
    པོ་འཐོན་གོ
    སྨན་ཁང་ལ་འབྱོར་བ།
    བཀྲ་ཤིས།་་་་་་་་་་་རྒན་ལགས། ནད་པའི་སྤ་སེ་གཅིག་འཚོང་རོགས་གནང་།
    སྨན་སྤྲོད་པ།་་་་་་་ནད་པའི་མཚན་ག་རེ་རེད། ནད་པ་བུ་རེད་བུ་མོ་རེད། ལོ་ག་ཚོད་
    རེད།
    བཀྲ་ཤིས།་་་་་་་་་ནད་པ་བུད་མེད་རེད། ལོ་ཉི་ཤུ་རྩ་ལྔ། མིང་ལ་རྡོར་རྗེ་རེད་འདུག
    སྨན་སྤྲོད་པ།་་་་་ད་ཁྱེད་རང་ཕ་གིའི་རྐུབ་བཀྱག་སྒང་ལ་སྒུག་གནང་ཨ། ཨང་
    གྲངས་གཞིར་བཟུང་བྱས་ཏེ། ཨེམ་ཆི་ལགས་ཀྱིས་གསུང་གནང་གི་རེད།
    བཀྲ་ཤིས།་་་་་་་ལགས་སོ། ཐུགས་རྗེ་ཆེ།
    བརྟག་དཔྱད་ཁང་།
    སྨན་པ།་་་་་་་་་རྡོར་རྗེ་སུ་ཡིན་པ། ཕེབས་ཤོག
    རྡོར་རྗེ།་་་་་་་་་ལགས་ང་ཡིན།
    སྨན་པ།་་་་་་་་བཞུགས་དང་། ཁྱེད་རང་ག་རེ་སྙུང་གི་འདུག
    རྡོར་རྗེ།་་་་་་་་་ སྣ་ཆུ་དོན། མིད་པ་ཚ། གློ་རྒྱག གཟུགས་པོ་ཡོངས་རྫོགས་ན་གི
    སྨན་པ།་་་་་་་་ཨ་ལས། ཚ་བ་འབར། མགོ་ན་བྱེད་ཀྱི་འདུག་གས།
    རྡོར་རྗེ།་་་་་་་་་ལགས་འོང་། དེ་ག་རང་བྱེད་ཀྱི
    སྨན་པ།་་་་་་ཆམ་ནད་ཀྱིས་རྐྱེན་པས། མིད་པ་ན་བ་དང་། ཚ་བ་འབར་བ་དེ་ཚོ་
    ཚང་མ་ཡོང་གི་ཡོད་རེད། ཨ་ནི་མཚན་ལ་གཉིད་ཡག་པོ་ཁུག་གི་འདུག་གས།
    རྡོར་རྗེ།་་་་་་་་་མཚན་ལ་གློ་མང་པོ་བརྒྱབས་ན་གཉིད་ཡག་པོ་ཁུག་ཐུབ་ཀྱི་མི་འདུག
    སྨན་པ།་་་་་་་་ངས་གསོལ་སྨན་ཁག་གཉིས་ཕུལ་ཡོད། འདི་ཚོ་དུས་ཐོག་ལ་མཆོད་ན་
    གའི་གནང་གི་མ་རེད།
    རྡོར་རྗེ།་་་་་་་་ལགས་སོ། ཨེམ་ཆི་ལགས། ཐུགས་རྗེ་ཆེ་གནང་། བཞུགས་གདན་
    འཇགས་གོ།

КОМЕНТАРІ • 2

  • @liubovtokareva3676
    @liubovtokareva3676 11 місяців тому

    I am glad i found your channel! Very useful for beginners. 🙏🙏🙏

  • @user-tt4hh5wx1n
    @user-tt4hh5wx1n Рік тому

    ཨང་གྲངས་གཞིར་བཟུང་བྱས།་按照號碼