དཔའ་བོ་ཞིག་གི་རྗེས་ཤུལ་དུ།

Поділитися
Вставка
  • Опубліковано 12 вер 2024
  • ༄༄།། དཔའ་བོ་ཞིག་གི་རྗེས་ཤུལ་དུ།
    གྲོགས་མཆོག་དོན་གྲུབ་ཀྱིས་རྗེས་དྲན་གདུང་འབོད།
    ཕྲན་ཉིད་ལ་ད་དུང་ལས་ཀ་མང་པོ་ཞིག་འཇུག་སྐྱོང་རྒྱུ་ལྷག་ཡོད། དེ་བས་ལས་དོན་མང་པོ་ཞིག་རང་གིས་མྱོང་མེད་པའི་རྐྱེན་གྱིས་འཐུས་ཤོར་དང་སེམས་ངལ་གྱི་དབང་གིས་མཐུས་སྒོ་མི་མཚམས་པ་དང་ཆད་ལྷག་ཤོར་བ་ཡང་མང་པོ་བྱུང་ཡོད་པ་བརྗོད་མི་དགོས་པ་ཞིག་རེད།དོན་ཚན་དང་པོ། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ནང་མི་ཟེར་ན་འདྲ། ཆབ་སྲིད་བཙོན་ཟུར་རམ་འཐབ་གྲོགས་ཟེར་ན་ཡང་འདྲ་ང་རང་གཅིག་པུ་ཡིན་སྟབས། འདས་པའི་ཞག་མ་དེ་དག་ངའི་ངོས་ནས་བཤད་ན་ཆེས་དཀའ་ཁག་གི་དུས་ཚོད་ཞིག་ཡིན། ཉིན་དེ་དག་ལ་ས་གནས་སུ་གུས་མོར་རོགས་པ་བྱེད་མཁན་དང་ལྷག་པར་དུ་མཆོད་འབུལ་དང་པོ་དང་སྐུ་ཕུང་གཞུགས་འབུལ་དེ་བཞིན་ཞེ་དགུའི་མཆོད་འབུལ་སོགས་སུ་ཕེབས་མཁན་མང་པོ་ཞིག་ལ་རང་ཉིད་ནས་མི་རེ་ངོ་རེ་ཐུགས་རྗེ་ཆེ་ཞེས་ཞུ་ཐུབ་མ་སོང་བས་མཚམས་འདིར་ཁྱེད་རྣམས་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།གཉིས་པ། དམ་པ་ཁོང་གློ་བུར་དུ་འདས་གྲོངས་སུ་གྱུར་བར་སེམས་སྡུག་ཚད་མེད་ཅིག་དང་སྐྱོ་ངལ་བཟོད་གླགས་བྲལ་བ་དེ་དག་འཕྲོད་ལས་འགན་མང་པོ་ཞིག་གཅིག་ཐོག་གཉིས་བརྩེགས་ཀྱི་དུས་ཐུང་ནང་ཚར་དགོས་པ་ཡིན་སྟབས། བརྙན་ཐུང་དང་པར་རིས་དེ་བཞིན་རྩོམ་ཡིག་སོགས་མང་པོ་ཞིག་ཕྱོགས་བསྒྲིགས་ཞུས་པ་ལས་བསོད་ནམས་རྡོ་རྗེ་ལགས་དང་གྲོགས་མཆོག་དོན་གྲུབ་གཉིས་ཀྱི་བརྙན་ཐུང་ཕྱོགས་བསྒྲིགས་ཞུས་སྐབས་ཆད་ལྷག་ཤོར་འདུག་ན་གུས་མོས་ཁྱེད་གཉིས་ལ་བཟོད་གསོལ་ཞུ་རྒྱུ་ཡིན། སྤྱིར་ང་ཚོ་ཚང་མས་དཔའ་བོ་ཁོང་གི་ཆེད་དུ་མཉམ་བཞུགས་གནང་བ་ཡིན་པ་ལས་སོ་སོ་རང་ཉིད་ཀྱི་ཆེད་དུ་མིན་སྟབས་ཁྱེད་གཉིས་ཀྱིས་དེའི་ཐོག་སེམས་འཛིན་ཡོད་རྒྱུ་མ་རེད་སྙམ་པ་ང་ལ་ཡིད་ཆེས་ཡོད།

КОМЕНТАРІ • 4