Kathesimbu Stupa འཕགས་པ་ཤིང་ཀོད་ས་ལྷག་རྡོ་ལྷག་མཆོད་རྟེན།

Поділитися
Вставка
  • Опубліковано 17 вер 2024
  • Kathesimbu Stupa འཕགས་པ་ཤིང་ཀོད་ས་ལྷག་རྡོ་ལྷག་མཆོད་རྟེན།
    ࿑ ཀཊ་སྭ་ཡམ་བྷུའི་མཆོད་རྟེན།
    《 ས་གནས། 》Thamel. (Kathesimbu Stupa)
    《 གནས་ཀྱི་ངོ་སྤྲོད་སྙིང་བསྡུས།》
    ཀ་ཊ་ཤིམ་བྷུའི་མཆོད་རྟེན་ནི་དུས་རབས་བདུན་པའི་ནང་བཞེངས་པ་ཞིག་ཡིན་ཞིང་། མཆོད་རྟེན་འདིའི་བུམ་པ་དང་། གསེར་ཟངས་ཀྱི་པདྨ་སོགས་ཀྱི་བཟོ་དབྱིབས་རྣམས་འཕགས་པ་ཤིང་ཀུན་གྱི་རང་བྱུང་མཆོད་རྟེན་ཆེན་པོ་དང་ཧ་ཅང་འདྲ་པོ་ཡོད།
    རེ་འགས་མཆོད་རྟེན་འདི་ཡང་རང་བྱུང་མཆོད་རྟེན་གྱི་ཕྱིའི་བུམ་པ་སོགས་བཞེངས་པའི་ས་ལྷག་རྡོ་ལྷག་གིས་བརྩིགས་པར་བཤད་ཅིང་། མཆོད་རྟེན་འདིའི་སྙིང་པོར་ཤཱ་རིའི་བུའི་དབུ་སྐྲ་དང༌། ན་བཟའ། སངས་རྒྱས་འོད་སྲུང་གི་རིང་སྲེལ་སོགས་གཟུངས་གཞུག་ཏུ་ཕུལ་ཏེ་ཡོད་པར་གྲགས་སོ།།
    ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་ (1584-1630) གི་ལམ་ཡིག་ནོར་བུ་སྤེལ་མའི་ཕྲེང་བ་ལས། ཤིང་ཀུན་ཆུང་བ་ཡིན་ཟེར་བའི་མཆོད་རྟེན་བུམ་པའི་ཕྱོགས་བཞིར་རྒྱལ་བ་རིགས་ལྔའི་སྐུ་བཞུགས་པ་ཁྱད་པར་ཅན་དང༌། དེའི་ཤར་ཕྱོགས་སུ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་དང༌། ཆོས་དབྱིངས་གསུང་དབང་གི་དཀྱིལ་འཁོར་རྡོ་ལ་བརྐོས་པ་ཡོད་པའི་ལྷ་ཁང་དང༌།
    གཞན་ཡང་ཕྱོགས་ཁོར་ཡུག་ཏུ་སྟོན་པ་དང༌། ཁ་སར་པཱ་ཎི། བྱམས་པ། འཇམ་དཔལ། སྒྲོལ་མ་སོགས་བཞུགས་པའི་ལྷ་ཁང་དང་མཆོད་རྟེན་མང་པོས་བསྐོར་བ་རྣམས་མཇལ། ཞེས་གསུངས་སོ།།

КОМЕНТАРІ • 2