རྗེ་བཙུན་མི་ལའི་གསུང་མགུར་དང་འགྲེལ་བའི་མེ་སྒོམ་རས་བའི་སྐོར་ལས།།

Поділитися
Вставка
  • Опубліковано 20 сер 2024
  • མེ་སྒོམ་རས་བའི་སྐོར་ལས། འཁྱེར་བདེ་བའི་ཞལ་གདམས་ཤིག་གནང་རོགས་ཞུ་ངོར་གསུངས་པའི་མགུར་ནི། རྣལ་འབྱོར་མི་ལ་རས་བ་ངས།། ཅེར་གྱི་བལྟས་བས་ངོ་བོར་མཐོང་།། སྤྲོས་བྲལ་ནམ་མཁའ་ལྟ་བུར་མཐོང་།། ཅོག་གིས་བཞག་པས་གནས་ལུགས་རྟོགས།། དངོས་ཀུན་སྟོང་པའི་ངོ་བོར་རྟོགས།། ལྷོད་ཀྱིས་གློད་པས་རང་ས་ཟིན།། རིག་པའི་ཆུ་བོ་དྭངས་སྙིགས་ཕྱེད་།། ལིངས་ཀྱིས་བོར་བས་དྲན་རྟོག་ཆད།། རིགས་དྲུག་གཡང་ས་རྦད་ཀྱི་ཆོད།། སངས་རྒྱས་སེམས་སུ་ངོ་ཤེས་པས།། ཞེ་འདོད་བསྒྲུབ་བྱ་མ་མཆིས་སོ།། རྟོགས་པ་ནང་ནས་ཤར་ཙ་ན།། མུན་པར་ཉི་མ་ཤར་བ་བཞིན།། ཉོན་མོངས་རྣམ་པར་རྟོག་ཚོགས།། བཅོས་མེད་རང་སར་ཡལ་ནས་ཐར།། ༤

КОМЕНТАРІ • 6