Parenting Education | ཁྱིམ་ཚང་སློབ་གསོ། | མ་ཟླ་སྒྲོན་དང་བུ་མོ་དབྱངས་ཅན་ལྷ་མོ།
Вставка
- Опубліковано 28 жов 2024
- ངོ་སྤྲོད་དང་དམིགས་ཡུལ།
ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༥ ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་སློབ་སྦྱོང་དྲྭ་ཚིགས་སུ་ཁྱིམ་ཚང་སློབ་གསོའི་གླེང་སྟེགས་ཤིག་དབུ་འཛུགས་ཞུ་རྒྱུ་དང་། དེའི་ནང་ཕྲུ་གུ་གསོ་སྐྱོང་ཐོག་མཁས་པ་དང་ཁྱད་ལས་པ་རྣམས་ནས་ལམ་སྟོན་བཀའ་སློབ་ཞུ་རྒྱུ་དང་། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་རིགས་ཕ་མ་དང་། དེ་ནས་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་རིགས་ཕ་མ་རྣམས་ནས་རང་གི་ཕྲུ་གུ་གསོ་སྐྱོང་གནང་སྟངས་ཐོག་ཉམས་མྱོང་སྤེལ་རེས་གནང་རྒྱུ་ཡིན།
ཕུགས་ཀྱི་དམིགས་ཡུལ།
སྐྱེ་འགྲོ་ཀུན་ལ་ཕན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་རྒྱུ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རེ་གནང་བ་བཞིན་བོད་མི་རྣམས་ནས་འཇིག་རྟེན་ཡོངས་ལ་ཞབས་འདེགས་ཞུ་ཐུབ་པ་བྱེད་རྒྱུ།
འཕྲལ་གྱི་དམིགས་ཡུལ།
• བོད་རིགས་ཕ་མ་རྣམས་ལ་ཕྲུ་གུ་གསོ་སྐྱོང་སྐོར་གོ་རྟོགས་སྤེལ་རྒྱུ།
• བོད་ཕྲུག་ཚོར་བོད་པའི་བསམ་བློ་དང་བོད་པའི་སྐད་ཤོད་ཐུབ་པ།
• ཕྲུ་གུའི་ལུས་ངག་ཡིད་གསུམ་གྱི་ཕྱོགས་ཡོངས་ཀྱི་འཚར་ལོངས་ལ་དོ་སྣང་སྤྲོད་ཐུབ་པ།
• ཕྲུ་གུའི་འཚར་ལོངས་ནང་མ་སྐད་ཧ་ཅང་གལ་ཆེན་པོ་ཡིན་པ་ཚོར་ཐུབ་པ།
• ཕྲུ་གུ་ཚོའི་མ་འོངས་མི་ཚེ་དོན་དང་ལྡན་པ་ཡོང་ཐབས།
• མ་འོངས་པར་བོད་ཕྲུག་རྣམས་བོད་བསྟན་པ་ཆབ་སྲིད་ལ་ཞབས་འདེགས་ཞུ་ཐུབ་མཁན་ཞིག་ཆགས་ཐུབ་པ་བཅས་སོ།།
Subscribe to SherigVideo
SherigVideo gets more interesting and more entertaining in future
Do not forget to LIKE & SHARE the Video
COMMENT and let us know your views and suggestion for SherigVideo Channel
Find Us on:
FACEBOOK: / tibetaneducation
OFFICIAL WEBSITE: sherig.org/
visit our E-Learning Portal: bodyiglobjong.com/
© 2024 Department of Education CTA
Perfect parents.Beautiful Daughter 🎉❤❤❤❤❤ proud of you
Well done Yang la, we are so proud of you. Keep up your great work! Thank you to Dadon la and Thupten la for bringing up us a beautiful child!!
བཟང་བཟང་་བུ་མོ་་བོད་པ་ཡག་པོ་བཟོས་འདུག❤❤❤
ཧ་ལས་པ་ཡག་པོ་འདུག་་་་ཕ་མ་བཟང་པོ་འདུག་ལ་བུ་མོ་ཡང་བཟང་པོ་འདུག་ཐུགས་རྗེ་ཆེ
❤❤❤❤❤
ཕན་ཐོག་ཆེ་བའི་བརྙན་ཐུང་བཟོ་བསྐྲུན་གནང་བ་ལ་བཀའ་དྲཻན་ཆེ་ཞུ།།👍
ཡག་པོ་འདུག❤
ཁྱེད་བཟའ་མི་གསུམ་ལ་ཐུགས་རྗེ་མཁྱེན་མཁྱེན་མཁྱེན།
👌👌👌💐👍
ཧ་ལས་པ་ཡག་པོ🌹🙏🙏🙏
🙏🙏🙏🙏👌👌👌👌👍👍👍👍
ངོ་མ་་ཕ་མ་བཟང་པོ། བུ་ཕྲུག་བཟང་པོ། མ་བུ་གཉིས་ཀའི་ལྷ་སའི་སྐད་གཙང་གཙང་བསྐྱེད་གིན་འདུག ཐུགས་རྗེ་ཆེ། ཧ་ལས་རེད།
བཀྲིས་བདེ་ལེགས་དངོས་གནས་ཡག་པོ་འདུག་ཕ་མ་བཟང་པའི་བུ་ཕྲུག་ཧ་ལས་པ་ཡག་པོ་དངོས་གནས་བཟང་གི་
ལྷ་སའི་སྐད་གཙང་མ་དེ་སྙན་པ་ལ།
ཁྱེད་གཟའ་ཚང་གཉིས་ལ་དངོས་ནས་གཅེས་ཕྲུག་ཉུང་དྲག་པའི་སྐྱོན་འདུག།་གལ་ཏེ་གོ་སྐབས་ཡོད་ན་སླར་ཡང་རེ་བཟུང་བཟོ་རོགས་གནང་།
ཧ་ལས་པའི་ཡག་པོ་འདུག
ཐུགས་རྗེ་ཆེ།
ཕྱི་ལོག་ལ་འཚར་ལོངས་འབྱུང་བཞིན་པའི་བོད་རིགས་ཚོའི་མིག་དཔེར་འོས་པ་རེད།
🎉🎉🎉🎉🎉🎉
སྤྱིར་ཡག་པོ་ཧ་ལས་པ་འདུག་་་་་་ཡིན་ཡང་མོ་རང་ལ་གཅེན་གཅུང་གཅིག་ཀྱང་མེད་པ་དེ་ཅུང་ཙམ་ནོར་བ་མཐོང་སོང་།
དངོས་གནས་ལས་སླ་པོ་མ་རེད་་་འཁོར་ཡུག་དེ་འདྲ་ཞིག་གི་ནང་དུ་་་གོང་ས་མཆོག་གི་དགོངས་བཞེད་ཟབ་མོ་་མིག་མཐོང་ལག་ཟིན་གྱི་སྒྲུབ་འདུག་་་ཕ་མ་བུ་མོ་གསུམ་ག་ཐུགས་རྗེ་ཆེ་❤
ཇེ་སུ་ཡི་རང་ཞུ་
ཕ་མ་གཉིས་དང་བུ་མོ་་བཅས་་ལ་ཐུགས་རྗེ་ཆེ ཁྱིམ་ཚང་སློབ་གསོ་དེའི་ང་ཚོ་ཕྱི་ཡུལ་ལ་ཡོད་པའི་ཁྱིམ་ཚང་མང་པོར་ཕན་ཐོག་ངེས་ཅན་བྱུང་ཡོད་
ཕ་མ་བཟང་པོ་ཡོད་ན་འདི་འདྲ་རེད་་་་་་རང་ཉིད་བོད་མི་ཡིན་པ་བརྗེད་མི་འདུག་བཀའ་དྲིན་ཆེ། ཁ་ནས་བཤད་པ་བརྒྱ་ལས་ལག་ལེན་གཅིག་གི་བཟང་ཟེར་བ་འདི་འདྲ་རེད།
༄། ། ཕ་མའི་ལམ་སྟོན་བཟང་པོ་དང་བོུའི་སེམས་ཤུགས་བཅས་ནས་བོད་མི་གཞན་ལ་ཀུན་སློང་དང་དམིགས་དཔེ་ཡག་པོ་ཞིག་གནང་འདུག། རྗེས་སུ་ཡིད་རང་ཞུ།།
👌👌👌🌷🌹🦜⚘️🍉👏🧚♀️
❤❤❤
❤❤❤