Розмір відео: 1280 X 720853 X 480640 X 360
Показувати елементи керування програвачем
Автоматичне відтворення
Автоповтор
ལ་ལ་ལ་་་་སྐད་ཟེར་ནོ་ཡོད་ཀི གོ་ལའི་སྟེང་གི་གླུ་རྒྱལ།
རྐང་ཚའི་གླུ་བ་གྲགས་ཅན་ཚེ་བརྟན་རྒྱལ་ནི་སྐད་ངག་ཤིན་ཏུ་ཡོད་པས་གླུ་བ་གྲགས་ཅན་ཞིག་ཡིན་པར་བོད་མདོ་ཁམས་གཉིས་ཀྱི་གནའ་སྔ་མོའི་སྲོལ་རྒྱུན་གླུ་གཞས་ལ་དུངས་བ་ཟབ་པའི་མི་ཞིག་ཡིན་ལ་ཁོ་བོའི་གླུ་ངག་གི་འགྱུར་ཁུག་སྙན་མོ་དག་ལ་དགའ་བསུ་ ཆེན་པོར་ཐོབ་ཡོད་པར་བཤད་མ་དགོས་ལ། ང་ཡང་ཆུང་་བྱིས་པའི་དུས་ནས་བཟུང་ཁོང་གི་གླུ་སྐད་ལ་ཉན་ནས་འཚར་ལུང་བྱུང་བའི་མི་ཞིག་ཡིན་པས་ཆ་ནས་དེ་རིང་ཡུའོ་ཁྲོ་བྷེ་དྲྭ་ལམ་ནས་གྲགས་ཅན་གླུ་བ་ཁོང་གི་སྐད་ངག་སྙན་ནོ་ལ་ཡང་བསྒྱར་་རོལ་མྱོང་བྱེད་ཐུབ་པས་ཚོར་ཤུགས་ཟབ་མོ་དག་རྒྱ་ཆེ་བའི་གདོང་དམར་བོད་པ་རྣམས་ལ་བརྗོད་འདོད་པས་ཡིན་ལ། ད་དུང་ཉེ་དུས་སུ་བོད་ཀྱི་གཞས་མ་དང་འཁྲབ་སྟོན་པ་གྲགས་ཅན་གཡག་ཕྱུག་མཚོས་སྒྲ་བརྙན་གྱི་ཁྱད་ཆོས་ལྡན་པའི་སྒོ་ནས་་གྱེར་བཞིན་པས་''རྟ་བརྒྱུག་ན་འཇིག་རྟེན་འདི་ནས་སྒྱུག། ཚེ་ཕྱི་མའི་ཡུལ་ན་རྟ་རྒྱུག་མེད་ཞེས་་པའི་''གླུ་བཞས་དེ་ཐོག་མར་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་ནས་མཐོ་བའི་དབྱིངས་དང་སྙན་པའི་ངག་་ལ་གྱེར་མཁན་དེ་རྐང་ཚའི་ཚེ་བརྟན་རྒྱལ་རེད་། ད་ལྟ་ཁོང་དགང་ལོ་ཅུང་ཐོན་ཡོད་ནའང་སྐད་ངག་ནི་སྔོན་་གཞོན་པའི་དུས་དང་ཕལ་ཆེར་གཅིག་མཚུངས་བསྡད་ཡོད་པས་དངོས་གནས་ཧང་སེང་དགོས་པ་ཞིག་རེད་། མདོར་བསྡུས་ན་རྐང་ཚའི་ཚེ་བརྟན་རྒྱལ་གྱིས་གླུ་ངག་གི་འགྱུར་ཁུར་རེ་རེ་ན་མདོ་དབུས་མཐོ་སྒང་དང་ཧི་མ་ལའི་རི་ཀླུང་གི་སྒོ་མོ་ཡོངས་སུ་་ཕྱེས་ནས་འབྲོག་རུ་སྡེ་ཕྲ་མོའི་འཚོ་བའི་སྣང་བརྙན་གསལ་བོ་ཞིག་ཁོང་གི་སྐད་ངག་གི་འགྲོས་དང་བསྟུན་ནས་བླངས་ཡོད་པས་བོད་ཀྱི་སྐད་དང་རིག་གཞུང་ལ་གུས་བརྩི་ཡོད་པའི་སྤུན་ཟླ་རྣམས་ཀྱིས་ཕན་ཚན་ལ་བརྒྱུད་བསྐུལ་བྱེད་རྒྱུ་ཤིན་ཏུ་གལ་ཆེའོ།།བྷ་གསེར་ཆེན་ནས
ཧ་ཅང་ཡག་པོ་དང་྄སྙན་པོ་འད྄ུག་བཀའ་དྲིན་ཆེ་་བོད་རྒྱལ་ལོ་་ གངས་ཅན་པ་❤👍👍👍🌻💐
ལ་ལ་ལ་་་་སྐད་ཟེར་ནོ་ཡོད་ཀི གོ་ལའི་སྟེང་གི་གླུ་རྒྱལ།
རྐང་ཚའི་གླུ་བ་གྲགས་ཅན་ཚེ་བརྟན་རྒྱལ་ནི་སྐད་ངག་ཤིན་ཏུ་ཡོད་པས་གླུ་བ་གྲགས་ཅན་ཞིག་ཡིན་པར་བོད་མདོ་ཁམས་གཉིས་ཀྱི་གནའ་སྔ་མོའི་སྲོལ་རྒྱུན་གླུ་གཞས་ལ་དུངས་བ་ཟབ་པའི་མི་ཞིག་ཡིན་ལ་ཁོ་བོའི་གླུ་ངག་གི་འགྱུར་ཁུག་སྙན་མོ་དག་ལ་དགའ་བསུ་ ཆེན་པོར་ཐོབ་ཡོད་པར་བཤད་མ་དགོས་ལ། ང་ཡང་ཆུང་་བྱིས་པའི་དུས་ནས་བཟུང་ཁོང་གི་གླུ་སྐད་ལ་ཉན་ནས་འཚར་ལུང་བྱུང་བའི་མི་ཞིག་ཡིན་པས་ཆ་ནས་དེ་རིང་ཡུའོ་ཁྲོ་བྷེ་དྲྭ་ལམ་ནས་གྲགས་ཅན་གླུ་བ་ཁོང་གི་སྐད་ངག་སྙན་ནོ་ལ་ཡང་བསྒྱར་་རོལ་མྱོང་བྱེད་ཐུབ་པས་ཚོར་ཤུགས་ཟབ་མོ་དག་རྒྱ་ཆེ་བའི་གདོང་དམར་བོད་པ་རྣམས་ལ་བརྗོད་འདོད་པས་ཡིན་ལ། ད་དུང་ཉེ་དུས་སུ་བོད་ཀྱི་གཞས་མ་དང་འཁྲབ་སྟོན་པ་གྲགས་ཅན་གཡག་ཕྱུག་མཚོས་སྒྲ་བརྙན་གྱི་ཁྱད་ཆོས་ལྡན་པའི་སྒོ་ནས་་གྱེར་བཞིན་པས་''རྟ་བརྒྱུག་ན་འཇིག་རྟེན་འདི་ནས་སྒྱུག། ཚེ་ཕྱི་མའི་ཡུལ་ན་རྟ་རྒྱུག་མེད་ཞེས་་པའི་''གླུ་བཞས་དེ་ཐོག་མར་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་ནས་མཐོ་བའི་དབྱིངས་དང་སྙན་པའི་ངག་་ལ་གྱེར་མཁན་དེ་རྐང་ཚའི་ཚེ་བརྟན་རྒྱལ་རེད་། ད་ལྟ་ཁོང་དགང་ལོ་ཅུང་ཐོན་ཡོད་ནའང་སྐད་ངག་ནི་སྔོན་་གཞོན་པའི་དུས་དང་ཕལ་ཆེར་གཅིག་མཚུངས་བསྡད་ཡོད་པས་དངོས་གནས་ཧང་སེང་དགོས་པ་ཞིག་རེད་། མདོར་བསྡུས་ན་རྐང་ཚའི་ཚེ་བརྟན་རྒྱལ་གྱིས་གླུ་ངག་གི་འགྱུར་ཁུར་རེ་རེ་ན་མདོ་དབུས་མཐོ་སྒང་དང་ཧི་མ་ལའི་རི་ཀླུང་གི་སྒོ་མོ་ཡོངས་སུ་་ཕྱེས་ནས་འབྲོག་རུ་སྡེ་ཕྲ་མོའི་འཚོ་བའི་སྣང་བརྙན་གསལ་བོ་ཞིག་ཁོང་གི་སྐད་ངག་གི་འགྲོས་དང་བསྟུན་ནས་བླངས་ཡོད་པས་བོད་ཀྱི་སྐད་དང་རིག་གཞུང་ལ་གུས་བརྩི་ཡོད་པའི་སྤུན་ཟླ་རྣམས་ཀྱིས་ཕན་ཚན་ལ་བརྒྱུད་བསྐུལ་བྱེད་རྒྱུ་ཤིན་ཏུ་གལ་ཆེའོ།།
བྷ་གསེར་ཆེན་ནས
ཧ་ཅང་ཡག་པོ་དང་྄སྙན་པོ་འད྄ུག་བཀའ་དྲིན་ཆེ་་བོད་རྒྱལ་ལོ་་ གངས་ཅན་པ་❤👍👍👍🌻💐