༼ཨོ་མོ་ཨོ་མོ་མ་ཎི་པདྨེ་ཧཱུྃ༽ Omo Omo Mani Pedme Hung With Lyrics, Bhutanese Folk Song, Cowboy, Rural

Поділитися
Вставка
  • Опубліковано 16 гру 2024
  • Cowboy for a day,
    A Day in the Life of Cowboy/ Cow Herder in Bhutan.
    (Mongar)
    Bhutanese Folk Song- Omo Omo Mani Pedme Hung
    ༼ཨོ་མོ་ཨོ་མོ་མ་ཎི་པདྨེ་ཧཱུྃ༽
    ཨོ་མོ་ཨོ་མོ་མ་ཎི་ཡ་ལ་་་་་པདྨེ་ཧཱུྃ་ལ།།
    དབྱངས་སུ་དམ་པའི་ཆོས་ལ་ཡ་ལ་ནི་་་་་སྐྱབས་སུ་མཆི།།
    ནམ་མཁའ་ཡུལ་ལ་སྐར་མ་ཡ་ལ་་་བརྒྱ་གཅིག་ཤར་ལ།།
    བརྒྱ་ཡི་ནང་ལས་སྐར་མ་ཡ་ལ་ནི་་་སྨིན་དྲུག་ཤར།།
    སྐར་མ་སྨིན་དྲུག་གླིང་བཞི་ཡ་ལ་་་སྐོར་དུ་འགྲོ་ལ།།
    ནམ་མཁའ་སྟོང་པ་ཚེ་སྔོན་ཡ་ལ་ནི་་་ལས་ཀྱི་བསྐོས།།
    ཨོ་མོ་ཨོ་མོ་མ་ཎི་ཡ་ལ་་་་་པདྨེ་ཧཱུྃ་ལ།།
    དབྱངས་སུ་དམ་པའི་ཆོས་ལ་ཡ་ལ་ནི་་་་་སྐྱབས་སུ་མཆི།།
    ལྡུམ་རེ་ནང་ལ་མེ་ཏོག་ཡ་ལ་་་བརྒྱ་གཅིག་ཤར་ལ།།
    བརྒྱ་ཡི་ནང་ལས་གསེར་ཤོག་ཡ་ལ་ནི་་་མེ་ཏོག་ཤར།།
    གསེར་ཤོག་མེ་ཏོག་མཆོད་བཤམ་ཡ་ལ་་་ཁྲ་མོར་ཕུལ་ལ།།
    ལྡུམ་རེ་སྟོང་པ་ཚེ་སྔོན་ཡ་ལ་ནི་་་ལས་རང་མས།།
    ཨོ་མོ་ཨོ་མོ་མ་ཎི་ཡ་ལ་་་་་པདྨེ་ཧཱུྃ་ལ།།
    དབྱངས་སུ་དམ་པའི་ཆོས་ལ་ཡ་ལ་ནི་་་་་སྐྱབས་སུ་མཆི།།
    གཡུས་བཟང་ནང་ལ་སྟག་ཤར་ཡ་ལ་་་བརྒྱ་གཅིག་འཛོམ་ལ།།
    བརྒྱ་ཡི་ནང་ལས་སྟག་ཤར་ཡ་ལ་ནི་་་ཁྱོད་རང་ལེགས།།
    སྟག་ཤར་གཞོན་པ་དམ་པའི་ཡ་ལ་་་ཆོས་ལ་འགྲོ་ལ།།
    གཡུས་བཟང་སྟོང་པ་ཚེ་སྔོན་ཡ་ལ་ནི་་་ལས་རང་མས།།
    ཨོ་མོ་ཨོ་མོ་མ་ཎི་ཡ་ལ་་་་་པདྨེ་ཧཱུྃ་ལ།།
    དབྱངས་སུ་དམ་པའི་ཆོས་ལ་ཡ་ལ་ནི་་་་་སྐྱབས་སུ་མཆི།།

КОМЕНТАРІ •