New Tibetan Song 2022 | Zamling Zeygyan | Sogshod Dhargye | Official Video སོག་ཤོད་དར་རྒྱས།

Поділитися
Вставка
  • Опубліковано 11 жов 2024
  • འཛམ་གླིང་མཛེས་རྒྱན།
    ཚིག སོག་ཤོད་དར་རྒྱས།
    གདངས། སོག་ཤོད་དར་རྒྱས།
    གཞས་པ། སོག་ཤོད་དར་རྒྱས།
    སེམས་ལ་ཡོད་པའི་མཛེས་མ་དེ་བུ་མོ་སྒྲོལ་མ་རེད།།
    སྤང་ལྗོངས་སྟེང་གི་མཛེས་ཤོས་དེ་སེར་ཆེན་མེ་ཏོག་རེད།།
    སྙན་པའི་ནང་གི་སྙན་ཤོས་དེ་མངའ་རིས་སྒྲ་སྙན་རེད།།
    ང་ཡི་སེམས་པ་ཆགས་ས་དེ་ཕ་ཡུལ་གངས་ལྗོངས་རེད།།
    ཨ་་་་་ཨ་་་། བུ་མོ་སྒྲོལ་མ། སེར་ཆེན་མེ་ཏོག མངའ་རིས་སྒྲ་སྙན།
    ང་ཡི་སེམས་པ་ཆགས་ས་དེ་ཕ་ཡུལ་གངས་ལྗོངས་རེད།
    ཨ་རེ་ལོ། བུ་མོའི་བརྩེ་བ་ཟབ་སོང།།
    མེ་ཏོག་དྲི་ཞིམ་འཐུལ་སོང།།
    ང་ཡི་ཕ་ཡུལ་གངས་ལྗོངས།།
    འཛམ་གླིང་མཛེས་པའི་རྒྱན་རེད།།
    ཡིད་ལ་ཤར་བའི་ཚིག་གསུམ་དེ་ཕ་མའི་བསླབ་བྱ་རེད།།
    ཁ་ལ་ཞིམ་པའི་ཁ་ཟས་དེ་སྦྲང་དཀར་རྩམ་པ་རེད།།
    དྭངས་བའི་ནང་གི་དྭངས་ཤོས་དེ་རྫ་ཆུ་བསིལ་མ་རེད།།
    ང་ཡི་སེམས་པ་ཆགས་ས་དེ་ཕ་ཡུལ་གངས་ལྗོངས་རེད།།
    ཨ་་་་་ཨ་་་་། ཕ་མའི་བསླབ་བྱ། སྦྲང་དཀར་རྩམ་པ། རྫ་ཆུ་བསིལ་མ།
    ང་ཡི་སེམས་པ་ཆགས་ས་དེ་ཕ་ཡུལ་གངས་ལྗོངས་རེད།།
    ཨ་རེ་ལོ། ཕ་མའི་བསླབ་བྱ་བཟང་སོང།།
    རྩམ་པའི་དྲི་ཞིམ་འཐུལ་སོང།།
    ང་ཡི་ཕ་ཡུལ་གངས་ལྗོངས།།
    འཛམ་གླིང་མཛེས་པའི་རྒྱན་རེད།།
    རོལ་དབྱངས་སྒྲིག་སྦྱོར། རཱ་བྷིན།
    བརྙན་ལེན་སྒྲིག་སྦྱོར། སོག་ཤོད་བརྙན་ལས་གླིང་།
    "Zamling Zeygyan"
    Lyrics and Composer: Sogshod Dhargye
    Music and Recording : Rabin Dai ( Alfa A/V Studio) Nepal
    Video Editing: Sogshod Studio
    UA-cam Link:
    / @sogshod
    Face Book:
    / sogshod.dhargye
    Instagram Link:
    / sogshod
    Facebook Page Link:
    / sogshoddhargye1

КОМЕНТАРІ • 37