Yo-Juu - Short Film

Поділитися
Вставка
  • Опубліковано 25 сер 2024
  • Yo-Juu is a short film
    Please subscribe to support my channel
    དེ་འབདཝ་ལས་ དགའ་སྐྱིད་ལྡན་པའི་རྒྱལ་ཁབ་འདི་ འགྱུར་བ་མེད་པར་གནས་ཐབས་ལུ་ ང་བཅས་ར་ མི་སེར་ཡོངས་ཀྱིས་ བསོད་ནམས་ཡང་ མི་ཉམས་གོང་འཕེལ་ཐོག་བཞག་ཐབས་འབད་ནི་འདི་ གནམ་མེད་ས་མེད་གལ་ཆེ་བས་ཟེར་ཞུ་ནི་ཨིན།
    དེ་སྦེ་ བསོད་ནམས་ མི་ཉམས་གོང་འཕེལ་ཐོག་ བཞག་དགོཔ་འདྲཝ་ཅི་འབད་བ་ཅིན་ ལུང་བསྟན་ཅན་གྱི་ ཆོས་རྒྱལ་གཅིག་གི་མངའ་འོག་ལུ་ ཡོད་པའི་ འབངས་འཁོར་ཆ་ཁྱབ་ སྤྱི་མཐུན་དང་གཅིག་སྒྲིལ་ལས་བརྟེན་ གོང་འཕེལ་གཏང་དགོཔ་ཨིན་པས་ཟེར་ཞུ་ནི།
    དེ་འབདཝ་ལས་ ད་རིས་ ང་བཅས་ཀྱི་ཁྲ་བ་སྟོན་གྱི་བརྗོད་དོན་འདི་ཡང་ རྒྱལ་ཁབ་རང་བཙན་གྱི་ རྩ་བ་ སྤྱི་མཐུན་དང་གཅིག་སྒྲིལ་གྱི་ཐོག་ལས་ དང་པ་ར་ རང་གི་རྒྱལ་ཁབ་ སྒྲིང་སྒྲིང་དང་ རྩ་བརྟན་བཟོ་ནིའི་དོན་ལུ་ སེམས་མཐུན་ལུས་མཐུན་གྱི་སྒོ་ལས་ རྒྱལ་ཁབ་ལུ་ ཕྱག་ཕྱིད་ཞུ་ནིའི་ བློ་སྟོབས་དང་ གཞན་ཕན་གྱི་བསམ་བཟང་འདི་ མི་ངོམ་རེ་རེ་བཞིན་དུ་གི་སེམས་ལུ་བསྐྱེད་ཐོག་ལས་ རང་གི་ རྒྱལ་ཁབ་ལུ་ཧིང་ལས་ར་ ཤ་ཞེན་གྱི་སྒོ་ལས་ ལྷག་བསམ་རྣམ་དག་འབད་ ལཱ་འབདཝ་འདྲཝ་ཅིག་འབད་ཅིན་ མི་ རང་ར་སོ་སོའི་ རེ་འདོད་དང་ འཆར་གཞི་ཚུ་ རང་བཞིན་ཤུགས་ཀྱིས་འབད་འགྲུབ་ནི་ཨིནམ་ལས་ རང་དོན་རྒྱབ་ཁར་སྐྱུར་ རྒྱལ་དོན་གདོང་ཁར་ལེན་ཏེ་ དང་པ་ར་ ང་བཅས་ འབྲུག་མི་ཡོངས་ཀྱིས་ རྒྱལ་ཁབ་ ཞི་བདེ་དང་དགའ་སྐྱིད་ཀྱི་མཐའ་དོན་འདི་ དང་པ་འགྲུབ་གེ་ཟེར་བའི་ བརྗོད་དོན་ཐོག་ལུ་ ཁྲབ་སྟོན་འདི་ བཟོ་སྟེ་ཡོདཔ་ཨིན་ཟེར་ཞུ་ནི་ཨིན།

КОМЕНТАРІ • 23