བསྟན་འཛིན་ཡེ་ཤེས་ནས་་ཨ་ནེ་ལགས་དང་བོད་པའི་ཡུ་ཏྲུབ་ཚང་མ་ལ་ལན་བསྐུར་འདུག Message to Ani lak n YouTubers

Поділитися
Вставка
  • Опубліковано 24 гру 2024

КОМЕНТАРІ • 85

  • @SangayChimy-t5w
    @SangayChimy-t5w Місяць тому +11

    བསྟན་འཛིན་ཡེ་ཤེས་ལགས་དེ་འདྲ་མ་གསུངས་ན་ལེགས། ཕྲུ་གུ་ཚོར་ཆུང་ཆུང་ནས་རང་གི་སྐད་ཡིག་ཐོག་ལ་བག་ཆགས་མ་བཞག་ན་ཆེན་པོ་ཆག་ཚར་དུས་དངོས་ནས་ཁག་པོ་རེད། དེ་དངོས་ཡོད་གནས་ཚུལ་རེད། ཕྲུ་གུ་ལ་བག་ཆགས་འཇོག་མིན་དེ་ཕ་མ་ཚོ་ལ་ཡང་རག་ལས་ཀྱི་རེད། དཔེ་ན་ཧྥི་རན་སའི་བོད་པའི་ཕ་མ་ཚོར་དཔེ་ལྟོས། རང་གི་ཕྲུ་གུ་ལ་བོད་ཀྱི་སྐད་ཡིག་གི་བག་ཆགས་ཤིག་འཇོག་ཐུབ་ན་བསམས་ནས་ག་འདྲས་དཀའ་ལས་སྐྱོན་གྱི་འདུག ཁྱེད་གཟའ་ཟླ་གཉིས་ཀྱིས་བུ་མོས་བོད་ཀྱི་སྐད་ཡིག་ཤེས་མ་ཤེས་མེད་བསམས་ཀྱི་ཡོད་པ་བཤད་དགོས་མི་འདུག རེད་སོ་སོའི་འདོད་པ་རེད། ཡིན་ན་ལས་དྲ་ལམ་ཐོག་དེ་འདྲ་བཤད་མ་འདུག་་་་་ཕྱོགས་གཅིག་ནས་ཁྱེད་རང་བོད་ལ་སེམས་ཤུགས་ཆེན་པོ་རེད། སྐད་ཆ་བཤད་སྟངས་དེ་ལ་བལྟས་ན་གང་འདྲ་ཡིན་ན་བསམ་གི་འདུག་་་དངོས་ནས་ཡིན། གཅིག་ནས་བོད་ནང་དང་ཕྱི་ཟེར་བ་འདྲ་་་བོད་སྐད་མ་མཏོགས་མ་ཤེས་ན་ཆུ་དང་ལྟོ་རག་གི་མི་འདུག་ཟེར་ཡ་འདྲ་་་དེ་འདྲ་བཤད་འདུག་ནས་རང་ཤུགས་ནས་བོད་ཀྱི་སྐད་དང་རིག་གཞུང་ལ་མཐོང་ཆུང་དང་། བོད་སྐད་སྦྱོང་ཡ་དེ་ལྟོ་ཆུ་ཙམ་གྱི་ཆེད་དུ་ལས་རང་གི་རིག་གཞུང་དོན་དངོས་ཀྱི་རིན་ཐང་དང་མི་རིགས་ཤིག་གི་གསོན་རྩ་ཡིན་མིན་ཤེས་ཀྱི་མེད་པའི་རྣམ་པ་ཞིག་མཐོང་། དེ་འདྲ་ཡིན་ན་ད་ནས་ཁྱེད་རང་གིས་བོད་པའི་སྐོར་ལ་མ་གསུངས་ན་ལེགས། བོད་ཟེར་བ་དེ་གསོན་དགོས་ན་བོད་ཀྱི་སྐད་ཡིག་གི་རིག་གཞུང་དེ་གསོན་དགོས། དེའི་ཐབས་གཙོ་བོ་ནི་མི་རབས་ནས་མི་རབས་བར་ལ་སྐད་ཡིག་དེ་རྒྱུད་འཛིན་ཐུབ་དགོས། དེ་ཡོང་བ་ལ་ཕ་མ་ཚོས་རང་གི་ཕྲུ་གུ་ཚོ་ལ་ཆུང་དུས་ནས་བོད་ཀྱི་སྐད་ཡིག་ལ་ཤ་ཞེན་ཡོང་ཐབས་བྱེད་དགོས་པ་དེ་རེད། ཆུང་དུས་ནས་བོད་སྐད་སྦྱོང་མ་སྦྱོང་ཡོད་མ་རེད་་་དེས་ཟ་རྒྱུ་རག་གི་མ་རེད། འཐུང་རྒྱུ་རག་གི་མི་འདུག་བསམས་ན་དངོས་ནས་ཁྱེད་རང་བོད་པའི་ཐོག་ལ་སེམས་ཤུགས་དང་ལ་རྒྱལ་དེ་ལ་ཐེ་ཚོམ་ཡོང་གི་འདུག གཞན་གྱི་སྐད་ཡིག་ཤེས་ན་རྒྱན་རེད། རང་གི་ཕ་སྐད་བརྗེད་ན་ངོ་ཚ་རེད།

  • @kungyen6688
    @kungyen6688 Місяць тому +4

    ཆུང་དུས་ནས་པུ་གུ་ལ་བོད་སྐད་མ་སློབ་ན་་་་་ཆེན་པོ་ཆགས་ཚར་ན་ཁག་པོ་རེད་དཱ་་་་གྲོགས་པོ།

  • @tseyanglhamo4640
    @tseyanglhamo4640 Місяць тому +2

    བཀྲ་ཤིས་བདེ་ལེགས

  • @nyenyangphonya_collection2693
    @nyenyangphonya_collection2693 Місяць тому +3

    སྐྱེས་པ་ཕོ་འདྲ་པོ་མི་འདུག་གདའ།

  • @tsephun2975
    @tsephun2975 Місяць тому +3

    སྐྱག་ཕྲུག་གི་ཁ་ནང་སྐྱག་དྲོ་ཡ་གཅིག་མ་གཏོགས་བཤད་ཡ་ཅི་མི་འདུག་་་

  • @tsephun2975
    @tsephun2975 Місяць тому +2

    བོད་མི་རིགས་ལ་སེམས་ཤུགས་ཡོད་ཟེར་བ་དེ་ཁ་ཙམ་རེད་འདུག་དོན་དུ་སོ་སོའི་ཕྲུ་གུ་བོད་ཡིག་དང་བོད་སྐད་སློབ་འདོད་མི་འདུག་བ་བོད་ཡིག་དང་བོད་སྐད་སྦྱང་པ་དེ་ལྟོ་གོས་དོན་དུ་མ་རེད་དང་རྩ་དོན་རེད་ཧ་གོ་ཝ་བྱོས་་་

  • @སྒངགྲོངབུ
    @སྒངགྲོངབུ Місяць тому +2

    ཁྱེད་ལ་རྒྱུན་དུ་རྒྱབ་སྐྱོར་ཡོད། འོན་ཀྱང་བུ་མོ་ལོ་ལྔ་ཅན་སློབ་གྲ྄ར་ལ་water ལབ་མ་ཐུབ་དེ་གང་འདྲ་ཡིན་ནམ། ཕྲུ་གུ་ཚོ་ལོ་གསུམ་ནས་སློབ་གྲྭར་འགྲོ་ཡི་ཡོད་རེད།

  • @karmarabten1149
    @karmarabten1149 Місяць тому +3

    རང་མ་གཏོགས་སྐད་རིགས་གཞན་ཤེས་ཀྱི་ཡོད་མ་རེད་མ་བསམ། ཁྱེད་ཚོ་ལ་བོད་ཡིག་མ་བྲིས་ན་སེམས་ཤུགས་མི་འདུག་ལབ་ཀྱི་འདུག་བ་བོད་ཡིག་བྲིས་ན་བོད་ཡིག་མ་གཏོགས་ཤེས་ཀྱི་མ་རེད་ཟེར་གྱི་འདུག་བ། ད་ཁྱེད་ངེད་གཉིས་བསྡུར་དགོས་སྐད་རིག་ག་ཚོད་བྲིས་ཐུབ་མིན་ལྟར་དགོས། ངེད་སྐད་རིགས་ལྔ་ཤེས་ཀྱི་ཡོད། འོན་ཀྱང་གལ་ཆེ་ཤོས་བོད་ཡིག་རྩི་ཡི་ཡོད། ཕ་སྐད་གལ་ཆེན་མིན་དེ་རང་གི་འཚོ་བ་དང་འབྲེལ་བ་ཡོད་མེད་དྲན་མཁན་ནི་རུས་མེད་པའི་མི་ལས་མ་འདས་སོ།

  • @tchoekyi8334
    @tchoekyi8334 Місяць тому +2

    ངའི་བུ་མོ་ལོ་གཉིས་དང་ཕྱེད་ཀ་ནས་ཧྥ་རན་སི་སློབ་གྲྭར་ཕྱིན་པ་རེད་་་དེ་དུས་མོས་ཆུ་དང་སྐྱག་གཅེན་གསུམ་མ་གཏོགས་ཧྥ་རན་སི་སྐད་ཤེས་ཀྱི་མེད་ཡིན་ནའང་དེ་ཙམ་དཀའ་ངལ་འཕྲད་མ་སོང་་་

  • @dorjeetsethar8644
    @dorjeetsethar8644 Місяць тому +2

    བོད་སྐད་བཤད་ནས་བག་ཆག་ག་་རེ་བཞག་ཡོད་ ལབ་ན་ ད ཁྱེད་སྨྱོ་པ་ཆག་མ་རེད་

  • @lobsangwangmo975
    @lobsangwangmo975 Місяць тому +1

    Dongba bha khikyo dhi

  • @lobsangwangmo975
    @lobsangwangmo975 Місяць тому +1

    Kyakpa sha khyorang

  • @buniversal2846
    @buniversal2846 Місяць тому +1

    Mila nyoma laph ne, Ta khorang nyompa chashaaa 😅

  • @snowlion3638
    @snowlion3638 Місяць тому +3

    བོད་སྐད་དང་བོད་ཡིག་གིས་རིགས་གཞུང་འཛིན་མ་ཐུབ་ན་དེ་ག་རེའི་བོད་པའི་རིགས་གཞུང་འཛིན་དགོས་རེད་གཏོར་མ་ཡེ་ཤེས་ལགས། ཁྱེད་རང་གི་བུ་མོའི་བོད་སྐད་མ་ཤེས་པ་རྒྱུ་མཚན་བྱས་ནས་བོད་སྐད་དང་བོད་ཡིག་གིས་བོད་པའི་རིགས་གཞུང་འཛིན་མི་ཐུབ་ཟེར་མཁན་ཁྱེད་རང་གཅིག་པུ་ཡིན་རྒྱུ་རེད།

  • @tsephun2975
    @tsephun2975 Місяць тому +2

    ད་དེ་རིང་དར་ནག་ཚོགས་པའི་སྐད་ལས་ཐབ་སྐྱོ་བ་བཤད་སོང་ཨ་ཡོ་ཤེས་ཚད་མེད་ཐག་ཆོད་རེདའདུག་ག་་་་

  • @TseringDolkar-l6r
    @TseringDolkar-l6r Місяць тому

    Tashi delek🙏

  • @tsephun2975
    @tsephun2975 Місяць тому +2

    སྐྱེས་པ་ཕོ་ད་བཞག་རོགས་དཔྱད་པ་བྱེད་པའི་རྣམ་དཔྱོད་ཀྱི་ས་མཚམས་ལས་རྒལ་ནས་མི་གཞི་སྐྱོན་བརྗོད་གང་ལ་འགྲོ་སོང་བ་ད་ཁྱོ་མ་རེད་ལས་ཀ་ལས་ས་སོང་ཁོ་རེད་་་

  • @TenzinTsering-k6k
    @TenzinTsering-k6k Місяць тому +2

    So sad bro … totally empty vessel …lack of knowledge.. NYINGGJEYYY

  • @ཉིམཚེསགསུམ
    @ཉིམཚེསགསུམ Місяць тому

    ༄༅།། Tashi Dheleks, too good programes, keep it up.Long live world peace for ever and ever ever BHOEH GYALOH.Watching from South India...

  • @tsephun2975
    @tsephun2975 Місяць тому +1

    བོད་སྐད་ཤེས་ན་ག་བྱེད་ཡོད་ཟེར་ན་ཅི་སྐད་ཆ་ཐབ་སྐྱོ་པོ་ཞེས་པོ་བཤད་སོང་་་

  • @sherabt.t7479
    @sherabt.t7479 Місяць тому +1

    དེ་ལ་གོ་རྒྱུ་མི་འདུག་

  • @passdoma1302
    @passdoma1302 Місяць тому

    Tenzin Yeshi ! Ani la, doesn't wear nun cloth all day at home.

  • @BB-fe8dc
    @BB-fe8dc Місяць тому +1

    ❤❤❤❤

  • @tseringtsang1857
    @tseringtsang1857 Місяць тому +1

    བསྟན་འཛིན་ཡི་ཤེས་ལགས་། མི་དགེར་ལ་འཛུབ་མོ་རྩུག་ན་ཡག་པོ་ཡེད་མ་རེད་། མོ་སྤྱིར་བོད་དོན་ལ་སེམས་ཤུག་ཡོད་མཁན་ཞིག་རེད་འདུག་བསམ་།

  • @anitseyangtseyang6313
    @anitseyangtseyang6313 Місяць тому +1

    ག་རེ་ཡིན་

  • @ཉིམཚུལཁྲིམས
    @ཉིམཚུལཁྲིམས Місяць тому

    ཨ་ནེ་ལགས་ལ་གང་ཡིན་པའི་སྒོ་ནས་སྐྱོན་ཐེར་འདོན་བྱས་པ་དེ་ཧ་ཅང་ཡག་པོ་རེད།👏🏻👌🏻

  • @karmarabten1149
    @karmarabten1149 Місяць тому +2

    བོད་པའི་ཟུང་ཁྲག་ཆགས་པའི་ཉིན་ནས་བཟུང་མ་འཆི་བར་ཕ་སྐད་ལས་གལ་ཆེ་བ་མི་རིགས་ཤིག་ངོས་ནས་མེད་ལ་དེ་འཚོ་བ་དང་གཞན་དབང་སྟབས་བསྟུན་ཡིན་ཚུལ་དང་འབྲེལ་བ་མེད་ཚུལ་དང་གལ་མི་ཆེ་བསམ་མི་ཉན་ཕ་བཟང་གི་བུ་ཚོ། ཕ་ས་ཕ་སྐད་དོན་དུ་འཆི་ནུས་པའི་སྙིང་སྟོབས་དགོས་པ་ལས་སྡར་མའི་འདར་སྐར་གྲགས་མ་ཡོང་། སྐྱེས་པ་པོ་ཚོ།

  • @ЕленаИванихина-я9э
    @ЕленаИванихина-я9э Місяць тому +1

    😁👏

  • @Tentse80
    @Tentse80 Місяць тому +1

    མི་དེའི་སྐད་ཉན་མེད་འདོད་་་མཆན་བོད་ཡིག་བྲིས་མཁན་མང་པོ་འདུག་་དེ་དག་ཐམས་ཅད་ལ་བསྔགས་བརྗོད་ཞུ། 🎉

  • @ཉིམཚུལཁྲིམས
    @ཉིམཚུལཁྲིམས Місяць тому +1

    བོད་སྐད་བཤད་པ་ལ་བརྟན་ནས་ཉི་མ་གཅིག་ལ་ཆུ་མ་རག་པ། བོད་སྐད་ཤེས་ན་བག་ཆགས་གང་བཞག་ཡ་མི་འདུག་ཟེར།🥵

  • @tsephun2975
    @tsephun2975 Місяць тому +1

    ཁྱོད་ཀྱི་བུ་མོ་ཆུང་དུས་བོད་སྐད་མ་སླབ་ན་ཆེ་ནས་བོད་སྐད་བཤད་ཟེར་བ་སེམས་ཐག་རེད་གང་ཡིན་ཞེན་ལྕེ་ལེགས་བོད་སྐད་སྒྲ་མདང་དང་བོད་ཡིག་སྒྲ་མདང་ཡག་པོ་ཁ་དོན་ཁག་པོ་རེད་་་

  • @TseringChoephel-w1r
    @TseringChoephel-w1r Місяць тому

    Nyakto la

  • @tibetboy6318
    @tibetboy6318 Місяць тому

    We see you as Khergo and 29 luu, 😜

  • @johnny10471
    @johnny10471 Місяць тому +1

    རྡ་ས་བཙན་བྱོལ་བོད་མི་སྒྲིག་འཛུགས་ནང་ལ་ཡང་བོད་ཡིག་ཤེས་ན་ལས་ཀ་དང་འཚོ་བའི་མདུན་ལམ་མེད་ན་ཕྱི་རྒྱལ་ལུང་པ་ཁག་ལ་དེ་བས་ཀྱང་ག་ལ་ཡོད། དབྱིན་སྐད་ནི་མི་ཚེའི་འདིའི་དཀའ་ངལ་སེལ་ཐུབ་པའི་སྐད་རིགས་ཡག་ཤོས་ཤིག་རེད།

  • @Passang-p3q
    @Passang-p3q Місяць тому

    This Right

  • @KonchokTenzin-lq6fb
    @KonchokTenzin-lq6fb Місяць тому

    སྐྱག་པ་བཟོ གི་ཡོད་་བེ

  • @Survivor-t4e
    @Survivor-t4e Місяць тому

    ❤❤❤👍👍👍

  • @wangakhargangtsang
    @wangakhargangtsang Місяць тому

    པུ་གུ་ཆུང་ཆུང་སྐབས་བོད་སྐད་དབྱིན་སོགས་སློབ་ཁྲིད་བྱེད་དགོས་པ་ཧ་ཅང་ག་ཆེན་དོན་ཆེན་རེད་ལགས་་་་་་དམིགས་བསལ་ཆུང་ཆུང་སྐབས་བོད་སྐད་སློབ་ཐུབ་ན་བཟང་་་་་་་ཆེན་པོ་ཆགས་ཚར་དུས་བོད་ཡིག་བོད་་སྐད་སོགས་སྦྱོང་ཡ་ངོ་མ་དཀའ་མོ་རེད་་་་་་དེ་རིང་ཁྱོད་ཀྱི་སྐད་ཆ་ལ་་མོས མཐུན་མེད་ལགས།

  • @OM10000
    @OM10000 Місяць тому

    a person needs to have a skill to make money, I guess?

  • @dhonduppalden2374
    @dhonduppalden2374 Місяць тому

    👍👍👍

  • @tibetsongsla8241
    @tibetsongsla8241 Місяць тому

    ཡག་པོ་བཤད་བྱ་་་

  • @garabg2814
    @garabg2814 Місяць тому

    Tashi Delek

  • @tashitseten2023
    @tashitseten2023 Місяць тому

    Haha

  • @gade9825
    @gade9825 Місяць тому

    སོ་སོས་བོད་སྐད་བོད་ཡིག་ཤེས་བཞིན་དུ་སོ་སོའི་སྙིང་ནས་བརྩེ་བའི་བུ་མོ་ལ་བོད་སྐད་བོད་ཡིག་བསླབ་རྒྱུ་མཐོང་མི་ཐུབ་པའང་ཚོར་མི་ཐུབ་པ་དེ་ཕམ་པ་ལ།
    ཆེན་པོ་ཆགས་ཚར་དུས་ཁག་པོ་རེད།

  • @dorjedamdul1214
    @dorjedamdul1214 Місяць тому

    ཉི་མ་དེ་རིང་ནས་ཁྱེད་རང་བོད་སྐད་བཤད་མ་ཡོང་ཨ!

  • @chodaa3726
    @chodaa3726 Місяць тому

    མི་རིགས་་་བདག་པོ་རྒྱབ་དགོས་ན་བོད་ཡིག་གལ་ཆེ་་པོ་ལོ་

  • @lobsangchomphel3799
    @lobsangchomphel3799 Місяць тому

    My question is, without us, then where comes a country so we should put us first 😅

  • @AgloeGyalpo
    @AgloeGyalpo Місяць тому

    གངས་ཅན་པ་དཔྱད་བརྫོད་གྲགས་ཅན་ལ་བཀྲིས་བདེ་ལེགས་ཞུ་

  • @theboyonhisbike2771
    @theboyonhisbike2771 Місяць тому

    I’m not against you tbh you still have to learn more..be wiser.

  • @IronOx-nu3bk
    @IronOx-nu3bk Місяць тому

    ཚ་པོ་ཛོ་ལེད་རེད་

  • @tsephun2975
    @tsephun2975 Місяць тому

    བསྟན་འཛིན་ལུང་རྟོགས་ལ་སློབ་སྦྱོང་བྱོས་་

  • @tashiyann3262
    @tashiyann3262 Місяць тому

    Religion is a matter of a personal caste, and language is a country's matter, so do not mix them up and speak; the goals of both are different. In France, language is the most important to the nation, not religion, so there is a culture of criticism of religious pop on cartoons so people can see such a monk like you, who is religion more important than the country.

  • @tashiyann3262
    @tashiyann3262 Місяць тому

    Religion is a matter of a personal caste, and language is a country's matter, so do not mix them up and speak; the goals of both are different. In France, language is the most important thing to the nation, not religion, so there is a culture of criticism of religious pop on cartoons, where people can see such a monk like you, who is religion more important than the country.

  • @ThuptenChonjor
    @ThuptenChonjor Місяць тому

    མཆོག་ཏུ་འགྱུར་བ།ཧཧཧཧ

  • @TseringBaili
    @TseringBaili Місяць тому +2

    Chakpa sa

  • @pemaaani2760
    @pemaaani2760 Місяць тому +1

    🎉🎉🎉🎉🎉🎉🎉🎉🎉🎉🎉🎉

  • @kyara1959
    @kyara1959 Місяць тому

    གཞན་ལུགས་དང་རང་ལུགས་གཉིས་བསྲེས་རྒྱུ་དེ་ནོར་འཁྲུལ། ང་ལ་མཚོན་ན་བོད་སྐད་བོད་ཡིག་སྐོར་སློབ་གྲྭ་ཆེན་པོའི་དགེ་རྒན་ཡིན། གཞན་རྒྱ་གར་སྐད། རྒྱ་ནག་སྐད། དབྱིན་ཇིའི་སྐད་ཆ་ཚང་ཤེས། འོན་ཀྱང་དྲྭ་ཐོག་ལ་དབྱིན་ཡིག་མ་གཏོགས་མེད་མཁན་གྱི་མི་དེ་ཚོར་མཐའ་གཅིག་ཏུ་དགག་པ་རྒྱག་མཁན་ཞིག་ཡིན།

  • @sonamgyaltsen7452
    @sonamgyaltsen7452 Місяць тому

    སྐད་རིགས་དྲུག་ཤེས་མཁན་སྐད་ཆ་བཤད་དུ་བོད་སྐད་གཙང་རྒྱགས་མཁན་དེ་འདྲ་འདུག།

  • @ཉིམཚུལཁྲིམས
    @ཉིམཚུལཁྲིམས Місяць тому

    བསྟན་འཛིན་ཡེ་ཤེས་སྤྱིའི་ཆ་ནས། རྒྱལ་ཞེན་དང་དྲང་བདེན་ཅན་ཞིག་རེད། འོན་ཏེ་བོད་ཀྱི་སྐད་ཡིག་ཐོག་ནས་སྐྱོན་ག་ཚད་བརྗོད་ཡོང་ན་དེ་ལ་དོ་སྣང་བྱེད་དགོས་པ་ལས། དེ་ལ་ཕོག་དགོས་ཡ་དང་སེམས་པ་སྐྱོ་དགོས་ཡ་གང་ཡང་ཡོད་མ་རེད། དཔེར་ན་མི་གང་ཡང་རུང་བ་ཞིག་ལུས་ལ་ན་ཚ་ཡོད་ན། དེ་ལ་གཞན་ཞིག་གིས་ཁྱོད་རང་གདོང་གཤིས་ཡག་པོ་རང་མི་འདུག སྨན་བསྟེན་ན་ཡག་ཚུལ་བཤད་ན་རླུང་ལངས་དགོས་ཡ་ཡོད་མ་རེད། དེ་བས་སེམས་པ་སྐྱོ་དགོས་ཡ་གཏན་ནས་ཡོད་མ་རེད། མ་ཚད་དེ་ལས་ལྡོག་ཏེ་ཁ་ནང་དུ་སྐོར་ནས་རང་ཉིད་འཕྲོད་བཞེས་ལ་ཐུགས་སྣང་གནང་ཐོབ་ན་རང་ཉིད་ཀྱི་ཚེ་སྲོག་སྐྱོབས་པའི་གོ་སྐབས་ཡག་པོ་ཡོད་པ་ལོས་ཤེས། མདོར་ན་བོད་པའི་ཚེ་སྲོག་ནི་སྐད་ཡིག་རེད། དེས་ན་ཚེ་སྲོག་ལས་གལ་ཆེ་བ་མེད་པ་འགྲོ་བ་མི་ཞིག་ཡིན་ན་ཤེས་ངེས་རེད། བོད་ཀྱི་གཏམ་དཔེ་ལ་ཕ་གསད་བུ་ལ་རྒྱུ་མཚན་མང་དག་བཤད་རྒྱུ་ཡོད་ཟེར་བ་དེ་རེད།

  • @tashitsomo1394
    @tashitsomo1394 Місяць тому

    བཙན་བྱོལ་ནང་མི་མང་པོ་ཞིགགིས། དབྱིན་ཡིག་ཚི་དག་ཆ་ཇི་མ་ཇི་བཞིན་མེད་པ་དང་། ནང་དོན་བོད་སྐད་ཡིན་པ་འབྲི་མཁན་མང་པོ་ཡོད་པ་རེད། བོད་ཡིག་འབྲི་ས་གོ་སྐབས་ཡོད་ཀྱང་འབྲི་འདོད་མི་འདུག་ག། དེ་དག་ལ་ངོས་ལེན་ག་རེ་ཡོད།

  • @jamyang2124
    @jamyang2124 Місяць тому +1

    བསྟན་འཛིན་ཡེ་ཤེས་ལགས། ག་དུས་ཡིན་ན་ཡང་དབྱིན་ཇི་ཏོག་ཙམ་བཤད་ཡོང་དུས་ཚོགས་གཏམ་བཏང་མཁན་དེ་ཚོ་མང་ཆེ་བ་བོད་ཡིག་མ་གཏོགས་སྟོན་རྒྱུ་མེད་མཁན་དེ་ཚོ་རེད། ང་ཚོ་མི་ཡུལ་དུ་བསྡད་ཡོད་ཙང་མི་སྐད་ལོས་བརྒྱབ་དགོས།

    • @SangayChimy-t5w
      @SangayChimy-t5w Місяць тому

      不要小看任何一个人 尤其是对于自己的文化有深刻感悟的人,说不定最终出不定小丑是自己哦

  • @tsephun2975
    @tsephun2975 Місяць тому +2

    ཕྲུ་གུ་བསྐོར་ཏོག་བཤད་པ་དང་མདོག་ཆ་ཡོང་རྫོགས་དོན་སོང་་

  • @TseringBaili
    @TseringBaili Місяць тому

    Tenzin yashi your life tok

  • @tenzinnorzom611
    @tenzinnorzom611 Місяць тому +1

    ཕ་བཟང་བུ་ཁྱེད་

  • @TseringBaili
    @TseringBaili Місяць тому

    You call videoe me black blu black

  • @kalsangtsering-c7t
    @kalsangtsering-c7t Місяць тому +2

    མོ་གྷོ་ཀྲི་ནས་ཡིང་ བསྟན་འཇིན་ཡི་ཤེས་ལ་བཀྲ་ཤིས་བདེ་ལེགས་

    • @phuntsotendup7138
      @phuntsotendup7138 Місяць тому

      ཏོ་མ་ཡེས་ཤེ་་ལ་😂😂😂😅😅😅

  • @NawangRigsal
    @NawangRigsal Місяць тому +1

    😛😛😛👎👎👎👎👎👎👎

  • @TseringBaili
    @TseringBaili Місяць тому

    I mtiñeynow your stop y ou my giyin😢com

  • @lobsangwangmo975
    @lobsangwangmo975 Місяць тому

    Thukka lodor

  • @yubook3338
    @yubook3338 Місяць тому

    ཁ་བཏགས་རྫུན་མ་བེད་སྤྱོད་ཁྱོན་ནས་མ་གཏོང་རོགས། །ཁ་བཏགས་རྫུན་མ།ཉེས་པ་རེད།

  • @SangayChimy-t5w
    @SangayChimy-t5w Місяць тому +1

    བསྟན་འཛིན་ཡེ་ཤེས་ལགས་དེ་འདྲ་མ་གསུངས་ན་ལེགས། ཕྲུ་གུ་ཚོར་ཆུང་ཆུང་ནས་རང་གི་སྐད་ཡིག་ཐོག་ལ་བག་ཆགས་མ་བཞག་ན་ཆེན་པོ་ཆག་ཚར་དུས་དངོས་ནས་ཁག་པོ་རེད། དེ་དངོས་ཡོད་གནས་ཚུལ་རེད། ཕྲུ་གུ་ལ་བག་ཆགས་འཇོག་མིན་དེ་ཕ་མ་ཚོ་ལ་ཡང་རག་ལས་ཀྱི་རེད། དཔེ་ན་ཧྥི་རན་སའི་བོད་པའི་ཕ་མ་ཚོར་དཔེ་ལྟོས། རང་གི་ཕྲུ་གུ་ལ་བོད་ཀྱི་སྐད་ཡིག་གི་བག་ཆགས་ཤིག་འཇོག་ཐུབ་ན་བསམས་ནས་ག་འདྲས་དཀའ་ལས་སྐྱོན་གྱི་འདུག ཁྱེད་གཟའ་ཟླ་གཉིས་ཀྱིས་བུ་མོས་བོད་ཀྱི་སྐད་ཡིག་ཤེས་མ་ཤེས་མེད་བསམས་ཀྱི་ཡོད་པ་བཤད་དགོས་མི་འདུག རེད་སོ་སོའི་འདོད་པ་རེད། ཡིན་ན་ལས་དྲ་ལམ་ཐོག་དེ་འདྲ་བཤད་མ་འདུག་་་་་ཕྱོགས་གཅིག་ནས་ཁྱེད་རང་བོད་ལ་སེམས་ཤུགས་ཆེན་པོ་རེད། སྐད་ཆ་བཤད་སྟངས་དེ་ལ་བལྟས་ན་གང་འདྲ་ཡིན་ན་བསམ་གི་འདུག་་་དངོས་ནས་ཡིན། གཅིག་ནས་བོད་ནང་དང་ཕྱི་ཟེར་བ་འདྲ་་་བོད་སྐད་མ་མཏོགས་མ་ཤེས་ན་ཆུ་དང་ལྟོ་རག་གི་མི་འདུག་ཟེར་ཡ་འདྲ་་་དེ་འདྲ་བཤད་འདུག་ནས་རང་ཤུགས་ནས་བོད་ཀྱི་སྐད་དང་རིག་གཞུང་ལ་མཐོང་ཆུང་དང་། བོད་སྐད་སྦྱོང་ཡ་དེ་ལྟོ་ཆུ་ཙམ་གྱི་ཆེད་དུ་ལས་རང་གི་རིག་གཞུང་དོན་དངོས་ཀྱི་རིན་ཐང་དང་མི་རིགས་ཤིག་གི་གསོན་རྩ་ཡིན་མིན་ཤེས་ཀྱི་མེད་པའི་རྣམ་པ་ཞིག་མཐོང་། དེ་འདྲ་ཡིན་ན་ད་ནས་ཁྱེད་རང་གིས་བོད་པའི་སྐོར་ལ་མ་གསུངས་ན་ལེགས། བོད་ཟེར་བ་དེ་གསོན་དགོས་ན་བོད་ཀྱི་སྐད་ཡིག་གི་རིག་གཞུང་དེ་གསོན་དགོས། དེའི་ཐབས་གཙོ་བོ་ནི་མི་རབས་ནས་མི་རབས་བར་ལ་སྐད་ཡིག་དེ་རྒྱུད་འཛིན་ཐུབ་དགོས། དེ་ཡོང་བ་ལ་ཕ་མ་ཚོས་རང་གི་ཕྲུ་གུ་ཚོ་ལ་ཆུང་དུས་ནས་བོད་ཀྱི་སྐད་ཡིག་ལ་ཤ་ཞེན་ཡོང་ཐབས་བྱེད་དགོས་པ་དེ་རེད། ཆུང་དུས་ནས་བོད་སྐད་སྦྱོང་མ་སྦྱོང་ཡོད་མ་རེད་་་དེས་ཟ་རྒྱུ་རག་གི་མ་རེད། འཐུང་རྒྱུ་རག་གི་མི་འདུག་བསམས་ན་དངོས་ནས་ཁྱེད་རང་བོད་པའི་ཐོག་ལ་སེམས་ཤུགས་དང་ལ་རྒྱལ་དེ་ལ་ཐེ་ཚོམ་ཡོང་གི་འདུག གཞན་གྱི་སྐད་ཡིག་ཤེས་ན་རྒྱན་རེད། རང་གི་ཕ་སྐད་བརྗེད་ན་ངོ་ཚ་རེད།