རྒྱན་གོས་ཇུས་འགོད་པ་དབྱངས་མཚོ། Tibetan Fashion Designer Yangtso

Поділитися
Вставка
  • Опубліковано 12 вер 2024
  • བོད་ཀྱི་རྒྱན་གོས་ཇུས་འགོད་པ་བཀྲ་ཤིས་དབྱངས་མཚོ་ལགས་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གསེར་རྟ་རྫོང་དུ་སྐྱེས། ཕ་མའི་ཤུགས་རྐྱེན་དང་རང་གི་དགའ་ཕྱོགས་ལྟར་ཆུང་དུས་ནས་བོད་གོས་དང་ཁྱད་པར་དུ་ཚོན་མདངས་སྣ་ཚོགས་ལ་དགའ་པོ་ཡོད།སློབ་གྲྭ་ཆེན་མོ་ལས་མཐར་ཕྱིན་རྗེས་མུ་མཐུད་དེ་རྒྱན་གོས་ཇུས་འགོད་སྐོར་ལ་སློབ་སྦྱོང་དང་།སྤྱི་གཉེར་ཁང་བཙུགས་པ།པཉྩ་ལི་ཀའི་ཚོང་རྟགས་གཉེར་བ་སོགས་རང་ཉིད་དགའ་བའི་བོད་གོས་ཇུས་འགོད་ཀྱི་ལས་ལ་འབད། བཀྲ་ཤིས་དབྱངས་མཚོ་རང་ཉིད་ཀྱིས་འབད་བརྩོན་བྱས་པ་ལྟར་དབྱི་ཏ་ལི་མིས་ལན་རྒྱལ་སྤྱིའི་དུས་གོས་གཟའ་འཁོར་ལ་ཞུགས་ནས་བོད་གོས་འགྲེམ་སྟོན་དང་། དུས་རྒྱུན་དུ་འཕྲིན་ཕྲན་དང་འདར་དབྱངས་སོགས་དུས་རབས་ཀྱི་འཕྲིན་སྦྱོར་ལག་རྩལ་བེད་སྤྱད་ནས་བོད་ཀྱི་རྒྱན་གོས་རིག་གནས་དྲིལ་སྒྲོག་དང་འགྲེམ་ཚོང་བྱེད་བཞིན་ཡོད།

КОМЕНТАРІ • 1