༸སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་ནས་སྨན་རྩིས་ཁང་དུ་སངས་རྒྱས་སྨན་བླའི་བཀའ་དབང་བཀའ་དྲིན་བསྩལ་བ། (day2)

Поділитися
Вставка
  • Опубліковано 22 сер 2024
  • ༢༠༢༢ ཟླ་ ༧ ཚེས་ ༢
    སངས་རྒྱས་སྨན་བླའི་བཀའ་དབང་ཉིན་གཉིས་པ།
    དྷ་ས་སྨན་རྩིས་མཐོ་སློབ་ཁང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་ནས་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡ དང་ ༢ ཉིན་གཉིས་རིང་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ། ཆེད་དུ་བྱ་བའི་གདུལ་བྱ་སྨན་རྩིས་མཐོ་སློབ་ཁང་གི་སློབ་མ་རྣམས་དང་། དེ་བཞིན་སྨན་རྩིས་ཁང་གི་དགེ་ལས་དང་། སྨན་པ་དང་སྐར་རྩིས་པ། ཕྱི་ནས་ཕེབས་པའི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ལ་སངས་རྒྱས་སྨན་བླའི་བཀའ་དབང་བཀའ་དྲིན་བསྩལ།
    ཟླ་༧ཚེས་༡ ཉིན་རྒྱབ་ཐོག་མར་སངས་རྒྱས་སྨན་བླའི་བཀའ་དབང་སྟ་གོན་གོང་དུ་སྨན་བླའི་བཀའ་དབང་གི་ངོ་སྤྲོད་ཚུལ་དུ་རྒྱལ་མཆོག་ལྔ་པ་ཆེན་པོས་མཛད་པའི་བདེ་གཤེགས་བདུན་གྱི་མཆོད་པའི་ཆོག་སྒྲིག་ཡིད་བཞིན་དབང་རྒྱལ་གཞུང་ཚན་གཞིར་བཟུང་ལོ་རྒྱུས་དང་འབྲེལ་ཏེ། ཐོག་མར་ཡངས་པ་ཅན་ན་རོལ་མོའི་སྒྲ་ཅན་གྱི་ཤིང་ལྗོན་པའི་དྲུང་ན་བཅོམ་ལྡན་འདས་ཤཱཀྱའི་དབང་པོར་འཕགས་པ་འཇམ་དཔལ་གྱིས་འཕགས་པ་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བརྒྱད་བརྒྱ་པ་འདི་ཞུས་ཏེ་འཇིག་རྟེན་ཁམས་སུ་འབྱུང་ཚུལ་དང་། དེ་ནས་སངས་རྒྱས་སྨན་བླའི་དབང་གི་གདམས་པའི་བརྒྱུད་པ་འདི་བོད་གངས་ཅན་ལྗོངས་སུ་དུས་རབས་བརྒྱད་པའི་ནང་མཁན་སློབ་ཆོས་གསུམ་གདན་འཛོམས་པའི་དུས་མཁན་པོ་བོདྡྷི་སཏྭས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་གནང་། དེ་ནས་ཆོས་རྒྱལ་གྱིས་ཀྱང་ལྷ་ཚོགས་དཀྱིལ་འཁོར་མང་པོ་ཡོད་པའི་དཀྱིལ་ནས་བོད་བསྟན་སྲིད་ཀྱི་བདེ་རྩའི་སླད་དུ་སྨན་བླའི་ཆོ་ག་འདི་ཉམས་བཞེས་གཙོ་བོ་མཛད་པ་མ་ཟད་དབང་གི་གདམས་པའང་བསྩལ་བའི་སྐོར་དང་། དེ་བཞིན་བོད་ཀྱི་ཆོས་རྒྱལ་རིམ་བྱོན་གྱིས་འདི་ཉིད་མཉམ་བཞེས་གནང་ཡོད་པའི་ལོ་རྒྱུས་དང་། དེ་ཡང་མཁན་ཆེན་ནས་བརྒྱུད་པའི་སངས་རྒྱས་སྨན་བླའི་དབང་གི་ཆོ་ག་འདི་ལ། སྨན་བླ་བདེ་བར་གཤེགས་པ་ལྷ་ཚོགས་༥༡ ཡོད་པའི་དབང་རྒྱུན་འདི་མདོ་སྔགས་གཉིས་ལས་སྔགས་ལུགས་ཡིན་པ་དང་། དེ་ལའང་རྒྱུད་སྡེ་བཞིའི་ནང་ནས་བྱ་རྒྱུད། དེ་ལ་དེ་བཞིན་གཤེགས་པ་དང་།
    པདྨ། རྡོ་རྗེའི་རིགས་གསུམ་ལས་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཡིན་པའི་སྐོར་གསུངས། དེ་ནས་སྐྱབས་རྗེ་བྱ་དོ་རིན་པོ་ཆེ་གང་གིས་གདམས་པ་འདིའི་དབང་ལུང་གི་རྒྱུན་རྣམ་རྒྱལ་གྲྭ་ཚང་གི་མཁན་ཟུར་ལྡན་མ་བློ་ཆོས་རིན་པོ་ཆེ་སྐུ་དྲུང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཀའ་དབང་མནོས་པ་ཡིན་པ་དང་། དེ་བཞིན་སྨན་བླའི་བཀའ་དབང་ཞུས་རྗེས་ཁས་ལེན་དམ་བཅའ་ཇི་ལྷར་མཛད་དགོས་ཚུལ་དགེ་སྡིག་བླང་དོར་གྱི་བསླབ་བྱ་རྒྱས་པ་བཀའ་དྲིན་བསྐྱངས་གནང་ཡོད།
    དེའི་རྗེས་བཀའ་དབང་གི་སྟ་གོན་རིམ་པ་ཁག་དང་། ཉིན་གཉིས་པ་ཟླ་ ༧ ཚེས་ ༢ ཉིན་རྒྱབ་བཀའ་དབང་དངོས་གཞི་བསྩལ། མཐར་དད་ལྡན་མང་ཚོགས་ནས་སྐྱབས་རྟེན་དུ་འབུལ་རྫས་ཤོག་ཆག་གང་ཕུལ་བ་ཆ་ཚང་རིན་པོ་ཆེ་མཆོག་ནས་སྨན་རྩིས་ཁང་གིས་ད་བར་རིས་མེད་ནད་པར་འཕྲོད་བསྟེན་ཞབས་འདེགས་ཞུས་པར་བསྔགས་བརྗོད་དང་སྦྲགས་གསོལ་བསྩལ་གནང་སོང་།།

КОМЕНТАРІ • 5

  • @KhandoLungthok-iw1xz
    @KhandoLungthok-iw1xz 10 місяців тому

    🙏🌺🙏🌼🙏🌸🙏🌺🙏🌼🙏🌸🙏🌺

  • @KhandoLungthok-iw1xz
    @KhandoLungthok-iw1xz 10 місяців тому

    🙏🌹🙏🌹🙏🌹🙏🌹🙏🌹🙏🌹🙏🌹

  • @KhandoLungthok-iw1xz
    @KhandoLungthok-iw1xz 10 місяців тому

    🙏🌼🙏🌺🙏🌻🙏🌸🙏🌺

  • @sonamchorolchok6415
    @sonamchorolchok6415 Рік тому

    🙏🙏🙏

  • @tenzingyalpo9798
    @tenzingyalpo9798 11 місяців тому

    🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏