#happy

Поділитися
Вставка
  • Опубліковано 16 жов 2024
  • ༈ བུ་ཆུང་ང་ཡི་སེམས་ནང།། ནམ་ཡང་བརྗེད་པ་མེདཔའི།། བཀའ་དྲིན་ཅན་གྱི་ཨ་མའི།། ཞལ་རས་ཡིད་ལ་འཁོར་བྱུང།། ། ལོ་དང་ཟླ་བ་སོང་ཡང།། ཨ་མ་ཁྱེད་ཀྱི་བཀའ་དྲིན།། བུ་ཆུང་ང་ཡི་སེམས་ནང།། མ་ཡལ་གསོན་པོར་གནས་ཡོད།། །བྱམས་ལྡན་ཨ་མ་ཁྱེད་ལ།། དཀའ་ངལ་གང་འདྲ་འཕྲད་ཀྱང།། བུ་ཆུང་དྲིན་གྱིས་བསྐྱངས་པ།། ཡིད་ལ་ཡང་ཡང་འཁོར་བྱུང།། །གནམ་ལ་ཡར་གཅིག་བལྟས་བས།། དཀར་གསལ་ཟླ་བ་མཐོང་བྱུང།། བྱམས་ལྡན་ཨ་མའི་ཞལ་རས།། ཡིད་ལ་ཡང་ཡང་འཁོར་བྱུང།། །མི་ཚེའི་འདི་ཡི་ནང་ལ།། ཨ་མ་ཁྱེད་ལས་དྲིན་གཅིག།། འཛམ་གླིང་འདི་ཡི་སྟེང་ལ།། སུ་ཞིག་ཡོད་པ་མེད་དོ།།

КОМЕНТАРІ •