བོད་ཀྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བརྒྱད་པ། རྒྱུད་སྐུད་ཀྱིས་དཀྲོལ་བའི་སེམས་འདུན། སྟོད་ཆ།

Поділитися
Вставка
  • Опубліковано 20 жов 2024

КОМЕНТАРІ • 6

  • @KunchokKunga
    @KunchokKunga 2 місяці тому

    ཆ་ཚང་ཏག་ཏག་བཀོད་པ་བཀའ་དྲིན་ཆེ། ཡག་ཐ་ཡ

  • @sonamthinlay5053
    @sonamthinlay5053 2 місяці тому

    🎉🎉🎉🎉🎉

  • @AMonk-gh4up
    @AMonk-gh4up 2 місяці тому +1

    👍👍👍

  • @tenzinchomphel3927
    @tenzinchomphel3927 2 місяці тому +2

    བྱ་དགའི་དགོངས་ཚོགས་ཧ་ལས་པ་ཡག་པོ་བང་རིམ་འགྲིག་པོ་འདུག་ཐུགས་རྗེ་ཆེ་སྙན་སོང་།

  • @laksheywangpo3562
    @laksheywangpo3562 2 місяці тому

    བོད་ཀྱི་རྡུང་ལེན་འགྲན་བསྡུར་ལ་བལྟ་བ།།
    གླུ་དང་རོལ་མོ་བཀྲོལ་ལེན་མི་མཆོག་ཀྱང་།།
    གངས་ཅན་གླུ་གར་ཞིང་ལ་སྐྱེས་པ་ཡིས།།
    བདག་ནི་བོད་ཀྱི་རྡུང་ལེན་འགྲན་བསྡུར་ལ།།
    དགའ་ཞིང་སྤྲོ་བས་བལྟ་བ་ངང་གིས་ཤོར།།
    ཆོལ་ཁ་རེ་ལ་རྡུང་ལེན་ཁྱད་ཆོས་རེ།།
    བསྣམས་ནས་གངས་ཅན་ཕོ་མོ་ཁྱུ་ཚོགས་གཅིག །
    འབབ་ཡུལ་གར་སྟེགས་སྟེང་ནས་འགྲན་ཁ་བསྡུར།།
    རྒྱལ་དང་ཕམ་པ་ཡོང་བ་ཆོས་ཉིད་རེད།།
    སྤྱིར་ན་གངས་ཅན་བུ་དང་བུ་མོ་ལ།།
    དྲི་གཟི་དབྱངས་ལྟར་སྙན་པའི་སྐད་ངག་དང་།།
    དེ་དང་འཚམ་པའི་རྡུང་ལེན་བཀྲོལ་མཁས་སོགས།།
    ལྟ་ན་སྡུག་པའི་སྒྱུ་རྩལ་དུ་མ་མཐོང་།།
    མཐའ་མའི་འདུས་ལ་སླེབས་པའི་འགྲན་བཞུགས་ཚོ།།
    མང་པོའི་ནང་ནས་ཁྱད་དུ་འཕགས་པ་སྟེ།།
    སྐད་ངག་སྙན་མོ་གཅིག་ལས་གཅིག་ཡག་དང་།།
    རྡུང་ལེན་བཀྲོལ་རྩལ་གཅིག་ལས་གཅིག་མཁས་རེད།།
    མཐའ་མ་རྣམ་ལ་ཨང་ཀི་སྤྲད་དགོས་ན།།
    ཞིབ་མོས་བློ་ཡིས་དཔྱད་ཀྱང་འབྱེད་པར་དཀའ།།
    ཡིན་ཡང་གཟུ་བོའི་བློ་ཡིས་བལྟས་པ་ན།།
    ཨང་ཀི་དང་པོ་ཇི་ལྟར་འཐོབ་པ་འཚར།།
    ཨང་ཀི་དང་པོ་ལེན་པའི་སྟག་ཤར་ཁྱེད།།
    ལྷན་སྐྱེས་སྐད་ངག་སྙན་པ་ཀུན་ཤེས་རེད།།
    བོད་ལ་ལ་རྒྱ་ཡོད་པ་ཡོངས་ཤེས་རེད།།
    བསོད་ནམས་ཅན་ཁྱོད་གངས་ཅན་བོད་མའི་རྒྱན།།
    འོན་ཀྱང་རྟིང་རྩོད་འགྲན་བསྡུར་མཐའ་མའི་སྐབས།།
    སྐད་ངག་དེ་ཙམ་སྙན་ཤོས་མ་འཚོར་ལ།།
    རྡུང་ལེན་བཀྲོལ་རྩལ་ཡག་ཤོས་མ་མཐོང་བས།།
    ཨང་ཀ་དང་པོ་འདི་ལ་ཐེ་ཚོམ་ཤོར།།
    དཔྱད་འདེབས་རྣམ་པ་ཆང་གིས་གཟི་བའམ།།
    ཡང་ན་དབང་དང་སྒོར་མོས་བསླུས་པའམ།།
    འོ་ན་ཞེན་ཀོག་སྐམ་པོས་བསླུས་བསམ་ཅི།།
    གཟུ་གནས་བློ་དེ་རྒྱང་ལ་འཕེན་དོན་ཅི།།
    རྒྱ་ཡི་གར་སྟེགས་ཆེན་པོ་མང་པོའི་སྟེང་།།
    བོད་ཀྱི་ཕོ་རབ་མོ་མཛེས་དུ་མ་ཡང་།།
    གཟུ་བོའི་བློ་ཡིས་དཔྱད་འདེབས་འཕེན་པ་ལས།།
    ཨང་ཀི་དང་པོ་ལེན་མཁན་མང་པོ་བྱུང་།།
    རང་གི་རིགས་ལ་དྲང་པོ་མེད་པའི་རྣམ་པ་འདི།།
    ལྐོག་འགྱུར་གཞན་གྱི་དབང་ཤུགས་མ་འཐེབ་ན།།
    ཕྱིས་ནས་འདི་རིགས་གཟབ་པར་མ་འཚལ་ན།།
    རང་རིགས་རང་གི་རླག་པའི་ཉེན་ཁ་རེད།།
    མཐའ་མ་བྱ་དགའ་སྟེར་བའི་དགོང་ཚོགས་འདི།།
    གྲྭ་རྒྱས་ཕན་སུམ་ཚོགས་ཅིང་ངོ་འཚར་ཆེ།།
    མིག་གི་ལྟད་མོ་རྣ་བའི་ཉན་རྒྱུ་འདུག །
    བོད་ལྗོངས་གླུ་གར་རྒྱ་མཚོ་རྒྱས་གྱུར་ཅིག །
    ཅེས་ད་ལོའི་བོད་ཀྱི་རྡུང་ལེན་འགྲན་བསྡུར་སྐབས་བརྒྱད་པའི་སྐབས་ཆོལ་ཁ་གང་ས་ནས་སྐད་ངག་སྙན་ཞིང་རྡུང་ལེན་བཀྲོལ་རྩལ་ལ་བྱང་ཆུབ་པའི་ན་གནོན་ཕོ་མོ་གང་མང་ཞིག་གསར་དུ་འཇལ་ཞིང་། བོད་ནི་གླུ་གར་གྱི་རྒྱ་མཚོ་ཞེས་པ་དངོས་གནས་མིང་དོན་མཚུང་འདུག་སྙམ་པ་དགའ་བ་སྐྱེས་བྱུང་། འོན་ཀྱང་། མཐའ་མའི་འགྲན་བསྡུར་ཁྲོད་ན་རང་གི་བསམ་ངོ་དང་བསྟུན་ན་དཔྱད་འདེབས་པ་ཚོས་དེ་ཙམ་དྲང་པོ་བྱས་མ་སོང་སྙམ་པའི་མི་བདེ་བའི་འཚོར་བ་ཞིག་ངང་གི་འཕེལ་ཞིང་།། རེད་དེ་རང་ཉིད་གླུ་གར་སྒྱུ་རྩལ་རིགས་ལ་ཆ་རྒྱུས་གཞན་སྟབས་མཐོང་ཚུལ་ནོར་ཡོད་ན་དགོང་སེལ་ཞུ་རྒྱུ་དང་།
    མཐའ་དོན་བྱ་དགའ་སྟེར་བའི་དགོང་ཚོགས་འདི་གྲ་རྒྱས་པོ་དང་ཚགས་ཚུད་པོ་ཧ་ལས་ཞིག་སྤེལ་འདུག་པས་ལོ་རྒྱུས་དང་རིག་གཞུང་གྱི་ཕྱུག་པའི་མི་རིགས་ཞིག་གི་ཁྱད་ཆོས་ལྷག་ཏུ་མངོན་འདུག་སྙམ་ཧ་ཅང་དགའ་བོ་བྱུང་།།

  • @jamyangosal3926
    @jamyangosal3926 2 місяці тому +1

    བྱ་དགའ་གནང་བའི་དགོང་ཚོགས་ཡག་པོ་འདུག