Tibetan Song karaoke with lyrics སྐྱིད་པའི་ཞབས་བྲོ། གླུ་ཚིག་དང་རོལ་མོ། སྒྲ་རྐྱང།

Поділитися
Вставка
  • Опубліковано 25 сер 2024
  • Tibetan Song karaoke with lyrics སྐྱིད་པའི་ཞབས་བྲོ། གླུ་ཚིག་དང་རོལ་མོ།
    སྐྱིད་པའི་ཞབས་བྲོ།
    ཚིག་དང་དབྱངས། ཨ་གྲགས། ལེན་མཁན། ཨ་གྲགས།
    འཛམ་གླིང་ཉི་མ་སེར་པོ་གཅིག།། དཀར་གསལ་དུང་གི་ཟླ་བ་གཉིས།། ཤར་མགྱི་སྐར་ཚོགས་ཁྲ་མོ་གསུམ།། ཨ་སྔོན་དགུང་གི་རྒྱན་ཆ་རེད།།
    གསེར་གྱི་བྲོ་ར་ཁྲ་མོ་གཅིག།། དངུལ་གྱི་བྲོ་པ་ལོ་ཆུང་གཉིས།། གླུ་བ་དུང་དཀར་གཡས་འཁྱིལ་གསུམ།། འདིར་ཚོགས་ཁྲོམ་པའི་རྒྱན་ཆ་རེད།།
    དགའ་བ་ལ་་་་་་སྐྱིད་པ་ལ་་་་
    དེ་རིང་དགའ་བའི་གླུ་དབྱངས་ལེན།། དེ་རིང་སྐྱིད་པའི་ཞབས་བྲོ་འཁྲབ།།
    ང་མཚོ་ཁ་བའི་ལྗོང་གྱི། ལོ་ཆུང་བུ་དང་བུ་མོ། བྲོ་ར་འདི་ནང་འཕེབས་དང། ཞི་བདེའི་བཞབས་བྲོ་འཁྲབས་དང།
    སྐྱབས་གནས་དཀོན་མཆོག་རྣམ་གསུམ་གཅིག།། ཕ་སྐད་དབྱངས་གསལ་སོ་བཞི་གཉིས།། འཚེ་མེད་ཞི་བདེ་སྤྱོད་པ་གསུམ།། གངས་ཅན་བོད་ཀྱི་རྒྱན་ཆ་རེད།།
    གསེར་གྱི་བྲོ་ར་ཁྲ་མོ་གཅིག།། དངུལ་གྱི་བྲོ་པ་ལོ་ཆུང་གཉིས།། གླུ་བ་དུང་དཀར་གཡས་འཁྱིལ་གསུམ།། འདིར་ཚོགས་ཁྲོམ་པའི་རྒྱན་ཆ་རེད།།
    དགའ་བ་ལ་་་་་་སྐྱིད་པ་ལ་་་་
    དེ་རིང་དགའ་བའི་གླུ་དབྱངས་ལེན།། དེ་རིང་སྐྱིད་པའི་ཞབས་བྲོ་འཁྲབ།།
    ང་མཚོ་ཁ་བའི་ལྗོང་གྱི། ལོ་ཆུང་བུ་དང་བུ་མོ། བྲོ་ར་འདི་ནང་འཕེབས་དང། ཞི་བདེའི་བཞབས་བྲོ་འཁྲབས་དང།
    རིག་གཞུང་ནོར་བུའི་བང་མཛོད་གཅིག།། ལོ་རྒྱུས་གཙང་མའི་རྡོ་རིང་གཉིས།། ས་སྐྱོང་བཙན་པོའི་རྒྱལ་རྟགས་གསུམ།། ཆེན་པོ་བོད་ཀྱི་རྒྱན་ཆ་རེད།།
    གསེར་གྱི་བྲོ་ར་ཁྲ་མོ་གཅིག།། དངུལ་གྱི་བྲོ་པ་ལོ་ཆུང་གཉིས།། གླུ་བ་དུང་དཀར་གཡས་འཁྱིལ་གསུམ།། འདིར་ཚོགས་ཁྲོམ་པའི་རྒྱན་ཆ་རེད།།
    དགའ་བ་ལ་་་་་་སྐྱིད་པ་ལ་་་་
    དེ་རིང་དགའ་བའི་གླུ་དབྱངས་ལེན།། དེ་རིང་སྐྱིད་པའི་ཞབས་བྲོ་འཁྲབ།། དེ་རིང་སྐྱིད་པའི་ཞབས་བྲོ་འཁྲབ།།
    ང་མཚོ་ཁ་བའི་ལྗོང་གྱི། ལོ་ཆུང་བུ་དང་བུ་མོ། བྲོ་ར་འདི་ནང་འཕེབས་དང། ཞི་བདེའི་བཞབས་བྲོ་འཁྲབས་དང།

КОМЕНТАРІ • 1