༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།།

Поділитися
Вставка
  • Опубліковано 5 лип 2024
  • Join this channel to get access to perks:
    / @tibetanlanguageforum
  • Розваги

КОМЕНТАРІ • 4

  • @J-mu9ph
    @J-mu9ph 19 днів тому

    དངོས་གནས་ཡག་བྱུང་།

  • @user-sn2xl2rb6s
    @user-sn2xl2rb6s 27 днів тому +1

    Love Live His Holiness 🪷📿🤍👏💐🌻

  • @thuptenrinchen843
    @thuptenrinchen843 27 днів тому

    འཁྲུངས་སྐར་བསུ།
    ཁྱེད་བཞིན་ཟླ་བའི་འཛུམ་ཞལ་མཇལ། །
    ཐོག་མེད་ཉོན་མོངས་ཚ་གདུང་སེལ། །
    དགེ་བའི་བག་ཆགས་ཀུ་མུད་བཞད། །
    གཞན་གྱི་བསྟན་ལ་དད་པ་ལྷོད། །
    མགོན་ཁྱེད་སྐུ་་གསུང་ཐུགས་ཀྱི་མཚོར། །
    བདག་ཡིད་པདྨའི་འདབ་མ་གྲོལ། །
    ཉེས་སྐྱོན་ནག་ནོག་མ་གོས་པའི། །
    རྒྱལ་བའི་དབང་པོའི་བཀའ་དྲིན་དྲན། །
    རིགས་དྲུག་སོ་སོའི་བདེ་སྡུག་གཟིགས། །
    ཉིན་མཚན་ཀུན་ཏུ་སྤྱན་མི་ཟུམ། །
    དགྲ་གཉེན་བར་མར་ཆགས་སྡང་བྲལ། །
    བྱམས་བརྩེའི་གཏེར་ཆེན་ཁྱེད་ཉིད་དྲན། །
    མགོན་ཁྱོད་ཡིད་ལ་དྲན་ཙམ་གྱིས། །
    དགོས་འདོད་ཐམས་ཅད་རེ་བ་སྐོང་། །
    ལུས་ཅན་རྣམས་ཀྱི་འདི་ཕྱིའི་སྐྱབས། །
    ༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཁྱེན། །
    རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱིས། །
    སྒོ་འཕར་ཡངས་པོར་རབ་ཏུ་ཕྱེ། །
    ཚན་རྩལ་འཕྲུལ་གྱི་རིག་གསར་སོགས། །
    ཐམས་ཅད་གསལ་ལེར་ཁྱེད་ཀྱིས་མཁྱེན། །
    འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི། །
    ནན་ཏན་སྒྲུབ་པའི་སྙིང་པོར་བསྟན། །
    མ་ནོར་ཡང་དག་ལྟ་བ་སྤེལ། །
    ཞི་བདེའི་དེད་དཔོན་ཀུན་གྱིས་བཀུར། །
    ཁྱེད་སྐུ་མཐོངདང་ཐོས་པ་དང་། །
    དྲན་རེག་ཙམ་གྱི་ཡིད་བདེ་འདྲེན། །
    སྐྱེ་བ་འདི་ནས་སངས་རྒྱས་བར། །
    འབྲལ་མེད་ཐུགས་རྗེའི་སྤྱན་གྱིས་གཟིགས། །
    འཛམ་གླིང་ཡངས་པའི་འཇིག་རྟེན་སྤྱི། །
    སྒོས་སུ་གངས་ལྗོངས་ཁ་བ་རི། །
    མགོན་དང་སྐྱབས་སུ་བསྐལ་བརྒྱར་རུ། །
    བརྟན་པར་བཞུགས་ཤིག་གངས་ཅན་མགོན། །
    ཆུ་སྐྱེས་འདབ་མས།