བདུད་བྷེ། - མ་མོའི་སྐྱོ་གླུ། Dubhe Tibetan Song

Поділитися
Вставка
  • Опубліковано 12 вер 2024
  • གླུ་ཚིག lyrics
    མོ་ཚེ་སྟོད་དབང་བོ་དར་ནས། །
    ཁ་མ་རྒས་གཞོན་པའི་དུས་ན། །
    ལུག་གཡང་དཀར་སྟོང་གི་རྩེ་འཛིན། །
    བལ་ཁ་ཆུ་རླུང་གིས་བསྐྱོད་ནས། །
    རྒྱུད་འཕེལ་ཐོག་གཞུག་ལ་ཁྲིད་ནས། །
    ཁ་འབའ་སྒྲ་གྱི་ལེར་འགྲོ་དུས། །
    རྩྭ་ཡར་སྐྱེས་རྩེ་ནས་ཟོས་ནས། །
    ཆུ་མར་འབབ་རྐེད་ནས་འཐུང་དུས། །
    མོའི་སྣང་བ་དགུང་གི་མཐོ་རེད། །
    ལས་སྐྱིད་སྡུག་སེམས་ལ་མི་ཤར། །
    མོའི་ཚེ་སྟོད་འཇལ་གི་ཚེ་སྨད། །
    སྡུག་འཛད་མེད་འཇིག་རྟེན་ཁམས་ནས། །
    གྲོགས་མེད་ལ་ཁེར་འགྲོ་ཡས་ནི། །
    མིག་མེད་ལ་རྡོག་སྒྲ་ཉན་ནི། །
    ལས་མི་རྟག་རྣམ་སྨིན་ཤར་ནས། །
    འགྲོ་གོམ་པ་སྨྱོན་པའི་སྤོ་སྤོ། །
    ལུག་བདག་མེད་ལྡོམ་ནས་འགྲོ་དུས། །
    བདག་བྱེད་ནས་རྫི་བོ་ཞིག་མ་དགོས། །
    སྙིང་རྗེ་ནས་མི་གཅིག་མེད་གི །
    ཁྱོད་དགའ་སྐོར་དགའ་ལྡན་ནགས་རེད། །
    ནགས་རྒྱ་རྫོང་རྒྱས་གི་ངོགས་ན། །
    སྟག་དམར་ཡག་སྟག་སྐོར་ཀུ་གདུ། །
    སྟག་དམར་ཅན་གྱི་རྒྱུད་རེད། །
    ཕྱུགས་འཚོ་ཤོག་ཞིག་གི་དཔོན་རེད། །
    ཕྱུགས་ནོར་ལ་བདག་སྐྱོང་བྱེད་དགོས། །
    སྟོན་བདུན་པའི་ཤིང་ལོ་འཐོར་ནས། །
    སྟོད་ཤྭ་བོའི་ལ་རྭ་མགོ་སྐམ་མས། །
    རྩྭ་འཇག་མའི་ཤུགས་གླུ་ལེན་དུས། །
    ཆུ་གཙང་བོ་འགྲམ་དར་ཆགས་གི །
    ཙག་བསེར་བུ་རླུང་ཁ་བཙན་གི །
    རྡོ་གོར་མོའི་དཀྱིལ་ནས་འགད་དུས། །
    བྱ་མི་འདུག་མོན་གི་ཡུལ་ལ། །
    བྱ་ཁྱུང་ཆེན་དབུས་ལ་འཕུར་གི །
    སྟོད་དབུས་གཙང་ཕྱིར་བསྐོར་རྒྱག་དུས། །
    ཡུལ་མདོ་སྨད་འཛམ་པོའི་གླིང་གི །
    མཚོ་ལྗང་ལོ་སེམས་ལ་བཟུང་ནས། །
    དགུང་སྔོན་པོར་ནམ་འཕངས་སྟོད་དུས། །
    མཚོ་མ་བརྗེད་ཕྱིར་ལ་ལོག་སོང་། །
    བྱ་ཁར་རྩང་ཐོན་གི་དེ་རིང་། །
    ངང་བྱ་དམར་མཚོ་ཁ་འཚོགས་དུས། །
    སྔོ་རྩྭའི་དམར་ཚུར་ལ་འཁྲུངས་དུས། །
    ལུས་ཤ་ཁྲག་དར་མཚོན་རྒྱས་གི །
    ཤ་དམར་བོ་ཚོན་སྟོབས་ཆེ་ནས། །
    གློ་གྲི་ཆུང་ཤིག་བརྡར་ཡེད་གི །
    ཤ་ཟ་འདོད་ཉི་ཟླ་འགུལ་གི །
    མོ་མཁོ་བའི་དུས་ལ་ཐོན་ཐ། །
    མོ་ཚེ་རབས་སྔོན་མའི་ལས་གི །
    འདི་ཚེ་དང་སྲོག་གི་ཁྲལ་རེད།
    བལ་པགས་པ་ཚ་རུའི་ཁྲལ་རེད། །
    འཇལ་དགོས་ནོ་སྔོན་གྱི་ལས་རེད། །
    ལས་ཐད་ཀྱི་བཟློག་ཐབས་མེད་གི །
    ངའི་ཤ་ཁྲག་ཟོས་གི་རྗེས་ནས། །
    ཁ་མ་ཎི་ཅིག་ལ་གཅིག་རེམས། །
    འདི་ཚེ་དང་སྲོག་གི་རིན་རེད། །
    འདི་ཤ་དང་ཚིལ་གྱི་རིན་རེད། །
    བལ་པགས་པ་ཚ་རུའི་རིན་རེད། །
    ཁ་མ་ཎི་ཅིག་ལ་གཅིག་རེམས། །

КОМЕНТАРІ • 1