རིན་ཆེན་སྒྲོལ་མ 仁青卓玛 RenQingZhuoMa
Вставка
- Опубліковано 9 кві 2024
- ༼ ཁྲམ་པ།༽
གངས་དཔལ་གྱིས་ཚིག་བརྩམས།
རིན་ཆེན་སྒྲོལ་མས་དབྱངས་བརྩམས།
རིན་ཆེན་སྒྲོལ་མས་གཞས་བླངས།
རི་མཐོན་པོ་ཡོད་ན་དམའ་དམའ་བྱོས།
ང་བྱ་རྒྱལ་ཁྱུང་ཆེན་འཕུར་རྒྱུ་ཡིན།
ནང་མིང་སྲིང་ཡོད་ན་ཁ་ཁ་བྱོས།
ངས་སྲིད་པའི་གླུ་རྒན་ལེན་རྒྱུ་ཡིན།
---------དམངས་ཁྲོད།
༡
དང་པོར་རིག་མྱོང་གསུང་བྱུང་། །
བར་དུ་དགའ་མྱོང་གསུང་བྱུང་། །
གཏན་གྱི་འདུན་མ་བཞག་ན། །
ཁྲེལ་མེད་ལས་ལ་བརྐོས་ཡོང་། །
དྲན་གི་གསུང་བ་རྫུན་རེད། །
དུངས་ཀི་གསུང་བ་གཤོབ་རེད། །
ཞག་གསུམ་འགྲོགས་པའི་རྗེས་ལ། །
བུ་མོར་མྱི་ཁ་བཏང་ཡོང་། །
ཉི་འོད་སྤྲིན་གྱིས་བཀག་ན་བཀག་ང་སང་ཉིན་འཆར་ནི་རེད།
དགུན་ལ་བུ་ཡུག་འཚུབ་ན་འཚུབ་ང་དབྱར་གཞུང་ཚེས་ནི་རེད།
རྨ་བྱ་དུག་འཐུང་ཟེར་ན་ཟེར་ངའི་རང་ལུས་ཕྱོར་ནི་རེད།
༢
དཔོན་གྱི་གོ་གནས་མཐོ་ཟེར། །
བོས་ན་མྱིང་ཡོད་གསུང་བྱུང་། །
གཞུང་ཞབས་ལས་བྱེད་ཡིན་ཟེར། །
བགོས་ན་སྐལ་ཡོད་གསུང་བྱུང་། །
ཐོག་ཁང་གཞི་རྒྱ་ཆེ་ཟེར། །
རླངས་འཁོར་རྫིག་པོ་ཡིན་ཟེར། །
བསོགས་དངུལ་སྒམ་ན་ཡོད་ཟེར། །
ནོམ་པ་མཛོད་ན་ཡོད་ཟེར། །
དབང་ཆེན་དཔོན་པོ་ཡིན་དགོས་མེད་ང་སྙན་མོའི་ཚིག་དགོས་ཀྱི།
སྐུ་དྲག་ཕྱུག་བདག་ཡིན་དགོས་མེད་ང་གཅེས་པའི་སེམས་དགོས་ཀྱི།
མིང་ཆེན་གྲགས་སྐར་ཡིན་དགོས་མེད་ང་བྱམས་པའི་ངག་དགོས་ཀྱི།
༣
ཁ་ཡག་སྡེ་ཆེན་ཁྲམ་པ། །
མི་གཤིས་རི་མགོའི་སྨུག་རེད།
སེམས་པ་གྲམ་པའི་རྡོ་རེད། །
ཡིད་ཆེས་གྱང་ཁའི་རྩྭ་རེད། །
དོན་ཆེན་ཚིག་རྒྱ་དམ་པའི། །
ལས་འཕྲོའི་དབུ་མནའ་ཞོག་དང་།།
འདང་བརྩེ་སྲོག་གིས་འཚོ་ན། །
བུ་མོའི་སེམས་པ་བྱིན་ཆོག།
བཀལ་འཁེལ་འཐག་གསུམ་ང་ཡིས་བྱེད་ངས་ལྕི་འཕུད་ཐང་ལས་བྱེད།
ཁྱིམ་ལས་ཙག་ཙིག་ང་ཡིས་སྒྲུབ་ངས་ལས་ཀྱི་བུ་ཆུང་གསོ།
འོ་བཤུག་ཞོ་སྙོལ་ང་ཡིས་བྱེད་ངས་དགོང་འཕྱི་སྔ་ལངས་བྱེད།
渣男
ཁྲམ་པ།
གངས་དཔལ་གྱིས་ཚིག་བརྩམས།
作词:岗华
རིན་ཆེན་སྒྲོལ་མས་དབྱངས་བརྩམས།
作曲:仁青卓玛
རིན་ཆེན་སྒྲོལ་མས་གཞས་བླངས།
演唱: 仁青卓玛
ཚིག་བསྒྱུར་མཁན། སྤུར་སྲས།
歌词翻译:贝尔斯
དབྱངས་རོལ་བློ་འདོན་པ།
音乐顾问:钱铃戈
སྒྱུ་རྩལ་བློ་འདོན་པ།
艺术顾问:涂文安
དམངས་ཁྲོད་དབྱངས་རྟའི་བློ་འདོན་པ། མགར་བསམ་འགྲུབ་ཚེ་རིང་།
民间音乐顾问:三智才让
རོལ་མོ་སྒྲིག་སྦྱོར་བ།
编曲制作: 王东、GunzALaTomma、Krys Stencel、
སྒྲ་ལེན་ཞིབ་སྦྱོར་བ།
录音&混音:Jason Miro @UM Studio
རིན་ཆེན་སྒྲོལ་མའི་དྲི་ཟའི་དབྱངས་སྙན་ལས་ཤག་ནས་འགྲེམས་སྤེལ་བྱས།
出品单位:天籁原音仁青卓玛原创音乐工作室
She is real superstar
སྙན་བྱུང་ཕ་ཡུལ་མང་རྫོང་གཡང་གི་ཕྱུག་མོ་དེའི་དྲན་བྱུང་།❤️❤️❤️🍀🍀🍀🌿🌿🌿🕊🕊🕊🙏🙏🙏
Don't, take my heart ❤️❤️ Please, 🙏🏻🙏🏻💗💗
Beautiful voice. ❤❤
སྐད་དེའི་སྙན་བྱུང་ཕ་ཡུལ་དྲན་སོང་།
གླུ་ཡག་པོ་འདུག
🌻🌻🏵✅✅