New Tibetan Song 2021 | Ama la | Yangtso | ཨ་མ་ལགས |

Поділитися
Вставка
  • Опубліковано 12 вер 2024
  • ༼ཨ་མ་ལགས༽
    ༡༽ཁ་བ་ཅན་ནས་ཡོང་བའི་བུ་མོ་ངའི།།
    དམར་ཆུང་སེམས་ལ་བཅངས་བའི་རེ་བ་ཡོད།།
    གངས་རིའི་ལྗོངས་སུ་བཞུཊ་པའི་དྲིན་ཆེན་མ།།
    ལན་གཅིག་ཐུག་ན་ང་ཡི་བསམ་དོན་འགྲུབ།།
    ཨ་མ་ལགས། ཨ་མ།
    ང་ཡི་འཇིག་རྟེན་ཡིན།
    བུ་མོ་ལ། བུ་མོ།
    ཁ་བའི་བུ་མོ་ང་།
    མ་བུ་འཛོམས་པའི་བསྐལ་བཟང་བྱུང་ན།།
    དེ་ལས་ལྷག་པའི་བདེ་སྐྱིད་ག་ལ་ཡོད།།
    ཨ་མ་ལགས། ཨ་མ།
    ང་ཡི་འཇིག་རྟེན་མ།
    ཨ་མ་ལགས། ཨ་མ།
    ང་ཡི་ཡོད་ཚད་མ།
    ༢༽ མི་ཡུལ་འཁྱམ་པའི་ས་མཐའི་བུ་མོ་ངའི།།
    ཡུན་རིང་སེམས་ལ་ཉར་བའི་སྙིང་གཏམ་ཡོད།།
    ཨ་མའི་སྐུ་ཚེ་མི་འགྱུར་བརྟན་པས་ན།།
    ང་ཡི་མི་ཚེའི་སྙིང་པོ་དེ་རང་ཡིན།།
    ཨ་མ་ལགས། ཨ་མ།
    ང་ཡི་ཡོད་ཚད་མ།
    བུ་མོ་ལ། བུ་མོ།
    ཁ་བའི་བུ་མོ་ང་།
    ནམ་མཁའ་ཡར་ལ་གསོལ་བ་གཏབས་ནས་ཡོད།།
    ཁྱེད་ལ་དྲིན་ལན་འཇལ་རྒྱུ་ཡོང་བར་ཤོག།
    ཨ་མ་ལ། ཨ་མ།
    ང་ཡི་ཡོད་ཚད་མ།
    ཨ་མ་ལ། ཨ་མ།
    ང་ཡི་འཇིག་རྟེན་ཡིན།
    ཚིག གཞས་པ་བློ་བཟང་བདེ་ལེགས།
    གདངས། གཞས་པ་སོག་ཤོད་དར་རྒྱས།
    ལེན་མཁན། ཁ་བའི་བུ་མོ༼དབྱངས་མཚོ།༽
    Special thanks to …
    Singer-Lobsang delek la
    singer- Sogshod Dhargye la
    singer- khampa Sherab la
    Rawa Lobsang la
    acha Tsomo la
    cho Cho Tsering la
    tenzin Nyibum la
    Sonam choephel la
    kunga la

КОМЕНТАРІ • 7