སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ནང་ཆོས་དང་ཚན་རིག་སྐོར་གསུང་བཤད།

Поділитися
Вставка
  • Опубліковано 29 лис 2024
  • བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིསརྗར་མན་བོད་ཁང་དུ་ནང་ཆོས་དང་ཚན་རིག་སྐོར་གསུང་བཤད།
    རྗར་མེ་ནི་བོད་ཀྱི་ཁང་པའི་བརྙན་པར་མུ་འབྲེ­ལ "གླེང་མོལ" ལེའུ་ཚན་ནང་༧དཔལ་ལྡན་བཀའ་བློན་ཁྲི་ཟུར་སློ­བ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གདན་ཞུས་ལྟ­ར་ཞབས་སོར་བཀའ་དྲིན་ཆེ་བ་དང་སྦྲགས། རིན་པོ་ཆེ་མཆོག་ལ་བརྗོད་དོན་གཉིས་ཀྱི་སྐོར­་བཀའ་འདྲི་ཞུས་པ་ལགས། བརྗོད་གཞི་ཁག་དང་འབྲེལ་བའི་དྲི་བ་ཁག་གཤམ་ག­སལ་ལྟར་ཡིན།
    ལེའུ་དང་པོ། ནང་ཆོས་དང་ཚན་རིག
    ༡༽ ནང་པ་སངས་རྒྱས་པས་རང་བྱུང་ཚན་རིག་ལ་བརྟེན་­དགོས་སམ།
    ༢༽ རང་བྱུང་ཚན་རིག་པས་ནང་པ་སངས་རྒྱས་པར་བརྟེན­་དགོས་སམ།
    ༣༽ ནང་པའི་ལྟ་གྲུབ་ལས་དོད་པའི་རྣམ་ཤེས་དེ་ནམ་­ཞིག་རང་བྱུང་ཚན་རིག་པས་ཁས་ལེན་བྱ་སྲིད་དམ།
    ༤༽རིན་པོ་ཆེ་མཆོག་གིས་༢༠༠༣ ལོར་ཚན་རིག་དེ་རྨོངས་དད་རེད་གསུངས་པ་བཞིན ད་ཆ་དགོངས་ཚུལ་དེ་ཡང་དེ་རང་ཡིན་ནམ། དེའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་གསུང་པར་ཞུ།
    ལེའུ་གཉིས་པ། ཤར་ནུབ་ཀྱི་ལྟ་གྲུབ་སྐོར།
    ༥༽ ནུབ་ཕྱོགས་ཀྱི་ལྟ་གྲུབ་དང་། ཤར་ཕྱོགས་ཀྱི་ལྟ་གྲུབ་བར་ལ་རྩ་བའི་ཁྱད་པར་­གང་ཡོད་མེད།
    ༦༽ འདྲ་བའི་ཆ་དང་མི་འདྲ་བའི་ཆ་ཡོད་མེད།
    གོང་འཁོད་དྲི་བ་རྣམས་ལ་སློབ་དཔོན་ཟམ་གདོང་­རིན་པོ་ཆེ་མཆོག་གིས་དྲི་ལན་གཏིང་ཟབ་ལ་ཞལ་ག­སལ་སྐྱོན་འདུག་པས་རྒྱ་ཆེའི་ཐུགས་སྣང་ཅན་པ་­རྣམ་པས་གསན་གཟིགས་ཡོད་པར་ཞུའོ།

КОМЕНТАРІ • 15