Tibetan song 2019 | འཁྲུངས་སྐར་བཀྲ་ཤིས་བདེ་ལེགས། | Tsering Gyurme | Official MV

Поділитися
Вставка
  • Опубліковано 5 гру 2019
  • Song | འཁྲུངས་སྐར་བཀྲ་ཤིས་བདེ་ལེགས། | Birthday Celebration
    Singer | Tsering Gyurme
    Lyric | Lopon Gyurme
    Producer | MK
    Camera & Editor | tAklHa
    Music | Alfa Studio
    འཁྲུངས་སྐར་བཀྲ་ཤིས་བདེ་ལེགས།
    Birthday Celebration
    དེ་རིང་ཉི་མ་ཡག་སོང་།།
    The day is good today.
    དེ་རིང་དུས་ཚོད་བཟང་སོང་།།
    The time is auspicious today.
    ཡང་སྲིད་རིན་པོ་ཆེ་ཡི།།
    Yangsi Rinpoche,
    འཁྲུངས་སྐར་རྟེན་འབྲེལ་བསུ་འོ།།
    We celebrate your birthday.
    ༸གྲུབ་དབང་བླ་མའི་ཐུགས་བསྐྱེད།།
    The compassion of Your Holiness Drubwang Lama,
    ༸བྱ་བྲལ་བླ་མའི་ཐུགས་རྟགས།།
    The prophecy of His Holiness Jadral Rinpoche,
    སློབ་འབངས་ཡོངས་ཀྱི་སྨོན་ལམ།།
    And the aspirations of your disciples,
    རྟེན་འབྲེལ་གཅིག་ལ་འཛོམས་སོང་།།
    All these causes have gathered together.
    རྟེན་འབྲེལ་གཅིག་ལ་འཛོམས་པས།།
    Since the causes have all gathered together,
    གངས་ལྗོངས་ལྷོ་ཁའི་ཡུལ་ནས།།
    From the southern part of the Land of Snow (Tibet),
    མཚན་དཔེའི་གཟི་མདངས་འབར་བའི།།
    The one who is majestic with major and minor marks (of buddhas),
    ༸གྲུབ་དབང་ཡང་སྲིད་འཁྲུངས་སོང་།།
    The incarnation of Drubwang Rinpoche was born.
    དེ་རིང་ཉི་མ་ཡག་སོང་།།
    The day is good today.
    དེ་རིང་དུས་ཚོད་བཟང་སོང་།།
    The time is auspicious today.
    ཡང་སྲིད་རིན་པོ་ཆེ་ཡི།།
    Yangsi Rinpoche,
    འཁྲུངས་སྐར་རྟེན་འབྲེལ་བསུ་འོ།།
    We celebrate your birthday.
    བརྒྱ་ཕྲག་རླངས་འཁོར་བསུ་མ།།
    Hundreds of vehicles,
    གྱི་ལིང་རྟ་ཕོའི་ཚེར་སྐད།།
    Neighs of strong stallions,
    ལྷ་སྡེ་མི་མང་ཁྲི་ཕྲག །
    And ten-thousands of sangha members and lay people,
    མདུན་བསུ་ཕྱག་རྒྱ་ཧྲུག་ཧྲུག །
    Are gesturing for your reception.
    ཁ་བཏགས་འཇའ་གུར་གསེང་ནས།།
    With the appearance of ceremonial scarf-like rainbow in the sky,
    ཞབས་ཆུང་གདན་སར་བཏེགས་སོང་།།
    Your small feet took steps in the monastery.
    གོང་མའི་གསེར་ཁྲིའི་སྒང་ནས།།
    And from the golden throne of your previous incarnation,
    ཞལ་འཛུམ་ཀུན་ལ་ངོམ་སོང་།།
    You proudly showed your smile to all the people.
    དེ་རིང་ཉི་མ་ཡག་སོང་།།
    The day is good today.
    དེ་རིང་དུས་ཚོད་བཟང་སོང་།།
    The time is auspicious today.
    ཡང་སྲིད་རིན་པོ་ཆེ་ཡི།།
    Yangsi Rinpoche,
    འཁྲུངས་སྐར་རྟེན་འབྲེལ་བསུ་འོ།།
    We celebrate your birthday.
    རྟེན་འབྲེལ་སྲུང་བརྩི་ཞུ་མཁན།།
    Celebrating this auspicious day
    གོང་མའི་སློབ་ཚོགས་འབུམ་ཕྲག །
    Are your disciples in hundred-thousands.
    འཛམ་གླིང་ག་ས་ག་ལ།།
    Every place on this Earth,
    དགའ་བདེའི་དཔལ་ལ་རོལ་སོང་།།
    Is filled with love and happiness.
    གནམ་ནས་སྦྲང་ཆར་སིམ་སིམ།།
    Drizzling from the sky,
    ས་གཞིར་མེ་ཏོག་ཤིག་ཤིག །
    The land is covered by flowers.
    དཔལ་ཡུལ་བཤད་སྒྲུབ་སྡེ་ལ།།
    And for the teachings and meditation practices of the Palyul tradition,
    བཀྲ་ཤིས་ལོ་ཡག་ཤར་སོང་།།
    The auspicious year has begun.
    ཐུགས་རྗེ་ཆེ་ཞུ།
    Thanks to:
    ཚེ་རིང་འགྱུར་མེད།
    Tsering Gyurme
    སྟག་ལྷ།
    Taklha
    སློབ་དཔོན་འགྱུར་མེད།
    Lopon Gyurme
    ཕུན་ཚོགས་སྟོབས་འགྱུར།
    Phuntsho Tobjur
    བོད་གཞུང་ཟློས་གར་ཚོགས་པ།
    Tibetan Institute of Performing Arts
    (TIPA)
    གཞས་པ་ཚེ་རིང་འགྱུར་མེད་ལགས་ཀྱི་འཁྲབ་ཆས་ཆ་རྐྱེན་སྦྱོར་གནང་མཁན་ནོར་རྒྱས་ལག་ཤེས་བཟོ་ཚོང་ཁང་།
    Norgay Handicraft for providing costumes to Tsering Gyurme (singer).
    www.pbc.com.tw

КОМЕНТАРІ •