རྨ་ཆུའི་གངས་ལྗོངས་ཁུ་བྱུག་རྟགས་མའི་བྱ་དགའི་དགོང་ཚོགས། དང་པོ། 2024

Поділитися
Вставка
  • Опубліковано 8 січ 2025

КОМЕНТАРІ • 14

  • @AMonk-gh4up
    @AMonk-gh4up 4 місяці тому +1

    👍👍👍✌️

  • @rangshegelek9452
    @rangshegelek9452 4 місяці тому +2

    གླུ་སྙན་ཏག་ཏག་རེད། རྨ་ཆུ་ཚང་ཡར་ནས་ཡར་དུ་དར་བར་སྨོན།

  • @tenzinpalden2137
    @tenzinpalden2137 4 місяці тому +1

    སྐད་ཡིག་བེད་མེད་དུ་བཏང་ནས་སྐད་ཙམ་ཞིག་ལ་བརྟེན་པ་འདི་ཡུན་རིང་རྒྱུ་མ་རེད། ང་ཚོའི་ལས་དབང་།

    • @lotsul3007
      @lotsul3007  4 місяці тому +1

      སྐད་ཡིག་སྐད་དང་འགྲོགས་ནས་ཡོད་པ་རེད། སྐད་ཡིག་བེད་མེད་དུ་བཏང་ན་ང་རོ་ཙམ་ལས་མེད་དགོས་པ་ལ། དབྱངས་རྟའི་ང་རོ་སྙན་པོ་ཞིག་གི་ལམ་ནས་ཁོར་ཡུག་གོམས་སྲོལ་སོགས་དང་འབྲེལ་བའི་ཤེས་བྱ་མང་པོ་ཞིག་དང་གོ་རྟོགས་མང་པོ་ཞིག་སྤེལ་བཞིན་ཡོད་པ་རེད། དེར་བརྟེན་བདུད་བྷེ་སོགས་ཀྱིས་གཙོས་མང་པོ་ཞིག་གི་གླུ་ཚིག་གིས་སློབ་གྲྭ་དང་དཔེ་ཀློག་ལ་ཁ་ཐག་རིང་བའི་རོང་འབྲོག་མང་ཚོགས་མང་པོ་ལ་བསམ་བློའི་རྒྱགས་བྲོ་བར་མེད་དུ་བསྩལ་དང་སྩོལ་བཞིན་པ་རེད། དེ་འདྲ་ལ་སྐད་ཡིག་བེད་མེད་དུ་བཏང་ཞེས་ཟེར་ག་ལ་འོས།

    • @lotsul3007
      @lotsul3007  4 місяці тому +1

      མ་ཟད་ཁ་བྱང་སྦྱོར་སྟངས་ཙམ་ནི་གནས་སའི་རྒྱལ་ཁབ་དང་བསྟུན་ནས་མ་སོང་ན་བོད་ཆས་གཙང་མ་གྱོན་བོད་སྐད་གཙང་མ་ཞིག རྡུང་ལེན་རིག་གནས་སོགས་ཀྱི་འཁྲབ་སྟོན་གྱི་ས་ལག་མཐིལ་ཙམ་ཡང་མི་རག་པའི་གནས་སུ་ལྷུང་ངེས་རེད། གནས་སྟངས་འགའ་རེ་ངེས་པར་དང་ལེན་བྱེད་ཐུབ་དགོས་པ་ཡིན། དེ་མིན་བསྟུན་མཁས་མེད་པའི་མཁྲེགས་འཛིན་གྱིས་ང་ཚོ་རང་གིས་རང་རྨེག་མེད་དུ་གཏོང་སྲིད་པ་རེད།

  • @jamyangdorjee5300
    @jamyangdorjee5300 4 місяці тому

    འདིར་བལྟས་ན་རྒྱ་སྐད་རྒྱ་ཡིག་ཐོག་མ་གཏོགས་ལེན་མི་ཆོག་པའི་དུས་ལ་ཉེ་འདུག

  • @himalayanbeads5437
    @himalayanbeads5437 4 місяці тому +2

    བསམ་ཚུལ་གཅིག་ཡོད་པ་དེ་རང་སྐད་ལ་རྩིས་མེད་བཏང་ནས་སྦྱར་བྱང་ཡོད་ཚད་ལ་གཞན་སྐད་ཀྱིས་བཙན་འཛུལ་བྱས་ཏེ་བཙན་འཛུལ་ཐེངས་གཉིས་པའི་སྡིག་འོག་ལ་ལྷུང་འདུག

    • @lotsul3007
      @lotsul3007  4 місяці тому +3

      སུ་ལ་ཐབས་ཤེས་ཡོད་དམ། ཁྱོད་ལ་ཡོད་དམ། ང་ལ་ནི་མི་འདུག གཞན་སུ་ལ་ཐབས་ལམ་དེ་ཡོད་པ་རེད། མི་ཐོག་ལ་ཁ་ཆེ་བ་ནི་བསམ་བློ་པ་ཚོའི་འགྲོ་སྟངས་ག་ལ་ཡིན། དེར་བརྟེན་ང་ཚོས་དམར་གཞུང་གིས་སྲིད་ཇུས་འཛིན་སྟངས་སོགས་ཕར་བལྟས་ན། རྨ་ཆུ་བ་སོགས་གཙོས་པའི་གཞིགས་བཞུགས་བོད་མི་ཚོས་ཁ་བྱང་སོགས་དོན་དག་ཆུང་ཚེག་རིགས་བཀག་སྡོམ་བྱས་ཀྱང་། རྒྱ་ཆེ་ས་ནས་སྔར་ཡང་གློད་མྱོང་མེད་ལ་ད་རུང་ཡང་གློད་ཀྱིན་མེད། འདི་ལ་བསྟོད་པའི་མཐེ་བོང་བསྒྲེང་འོས་པ་རེད། གལ་སྲིད་གོང་རིམ་གྱི་བཀོད་ཁྱབ་དེ་ཙམ་ཡང་དང་ལེན་མ་བྱས་ན། དེ་ནས་རིག་གཞུང་འཁྲབ་སྟོན་བྱེད་སའི་ས་ཆ་ཙམ་ཡང་མི་རག་པའི་ཉེན་ཁ་འཕྲད་སྲིད། བསམ་ཤེས་་་་་ཟེར་བ་འདི་དང་་་་རྒྱུས་ལོན་་་་ཟེར་བ་དེ་ཧ་ཅང་གནས་འགག་ཅིག་ཆགས་ཡོད། ❤

    • @himalayanbeads5437
      @himalayanbeads5437 4 місяці тому +1

      @@lotsul3007 ཁྱོད་བརྙན་གྲོགས་པོ་ལགས། སྦྲག་བྱང་བོད་ཡིག་བཀག་སྡོམ་བྱས་པར་གོ་ཐོས་མ་བྱུང་། སྤྱིར་བོད་ལྭ་གྱོན། བོད་གླུ་བླང་། བོད་སྐད་བཀོལ་སྤྱོད་ཐོག་ནས་བལྟས་ན་རླབས་ཆེན་རེད། སྨོས་ཅི་དགོས། བོད་སྐད་ཡིག་དང་དེ་ལ་བརྟེན་པའི་རིག་གཞུང་དེ་གཅེས་ཉར་བྱེད་པར་བཀག་སྡོམ་བྱས་ན་ཏང་གི་རྩ་ཁྲིམས་དང་འགལ་བ་ཡིན་རྒྱུ་རེད། ཡིན་ཡང་ངའི་བསམ་ཚུལ་རེད། ཚོར་བ་རེད། དེ་ནི་ཕྱིར་བཏོན་པ་རེད། ཨོ། སྐྱབས་ཆེན་བདེ་གྲོལ་གྱིས་སྐབས་འདིར་དཔྱད་པ་བཏང་བའི་བརྙན་ཐུང་ཡོད་ན་ངོ་སྤྲོད་ཅིག་གནངས་རོགས། ད་བར་སྒྲོལ་སྐྱབས་ཀྱི་སྐད་ཆ་མ་གཏོགས་གོ་མ་སོང་། དེ་ཙམ་ཡིན།

    • @lotsul3007
      @lotsul3007  4 місяці тому +1

      @@himalayanbeads5437 ལགས་སོ།

  • @tsunduegyatso1618
    @tsunduegyatso1618 4 місяці тому

    །ད་དངོས་གནས། ཀྲུང་ཀོ་རྨ་ཆུ་རང་རེད་གཤའ། བོད་པའི་དྲི་མ་ཁ་ཡ་ཅང་མི་འདུག

  • @snowlion3638
    @snowlion3638 4 місяці тому +1

    རྨ་ཆུ་རྒྱ་ཆུ་ལ་གྱུར་ཚར་འདུག སྦྱར་བྱང་རྒྱ་ཡིག་མ་གཏོག་བོད་ཡིག་ཕལ་ཆེར་མི་འདུག། ཁ་ནས་ལ་རྒྱའི་གླུ་དབྱངས་ཇི་ཙམ་བླངས་ཀྱང་དོན་ལ་མེད་ན་ཧ་ཅང་ཉེས་ཁ་ཆེ། སེམས་པ་སྐྱོ་བ་ལ།

    • @lotsul3007
      @lotsul3007  4 місяці тому +2

      གནས་བབ་ལ་བསམ་ཤེས་བྱེད་མ་ཐུབ་ན། ཚིག་དེ་འདྲ་བཤད་འདོད་སྐྱེས་སྲིད་པ་རེད། ཐུགས་ཁག་མི་འདུག རང་དབང་ལུང་པ་ནའང་ཁ་བྱང་ཙམ་དབྱིན་ཡིག་ཏུ་སྤྱོད་པ་ཤིན་ཏུ་མང་། བོད་ནང་དུ་ཅི་ཁག ངེས་པར་དུ་བསམ་ཤེས་བྱེད་ཐུབ་པ་ཞིག་རེད། གལ་སྲིད་གོང་རིམ་གྱི་བཀོད་ཁྱབ་ཆུང་ཙིག་འགའ་ཤས་ཤིག་དང་དུ་མ་བླངས་ན། བོད་ལྭ་གཙང་མ་རེ་གྱོན་ནས་བོད་ཀྱི་རྡུང་ལེན་རིག་གནས་འདི་འཁྲབ་སྟོན་བྱེད་སའི་ས་ལག་མཐིལ་ཙམ་ཡང་རག་དཀའ་ཚོད་རེད། དེར་བརྟེན་མཁྲེགས་འཛིན་ཁོ་ནས་ཅི་ཡང་མི་འཁྱོང་བ་ཡིད་ལ་ངེས་དགོས་པ་ཞིག་རེད་སྙམ། ❤

  • @tongnyidhontokrinpoche2122
    @tongnyidhontokrinpoche2122 4 місяці тому

    ལ་རྒྱའི་གནམ་ལྕགས་མདུང་། I am lagyai Namchak Dhung from amdo zachukhawa
    ཕྱི་ཡི་དགྲ་བོ་འདུལ་བའི་དཔའ་རྩལ་གནམ་ལྕགས་མདུང་ཡིན།།
    A skilled and brave hearted human who subdues the external foes, I am that Thunderbolt Spear.
    ནང་གི་ཉོན་མོངས་འདུལ་བའི་ཉམས་ལེན་གནམ་ལྕགས་མདུང་ཡིན།།
    The practice that subdues the inner afflictions, I am that Thunderbolt Spear.
    གནའ་དེང་ཤེས་བྱའི་གནས་ལ་བློ་རིག་གནམ་ལྕགས་མདུང་ཡིན།།
    Mentally aware of the topics of ancient knowledge, I am that Thunderbolt Spear.
    མདོར་ན་ང་ལ་འཚམ་པའི་མིང་དེ་གནམ་ལྕགས་མདུང་ཡིན།།
    In brief, a name that is suitable for me is Thunderbolt Spear.
    གནམ་ལྕགས་མདུང་གིས།
    By Namchak Dhung❤❤❤❤