བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་པ། ཉིན་ ༡ ཚོགས་དུས་ ༡

Поділитися
Вставка
  • Опубліковано 29 лис 2024
  • བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་པ། ཉིན་ ༡ ཚོགས་དུས་ ༡
    ཕྱི་ལོ་ ༢༠༢༤ ཟླ་ ༡༡་ ཚེས་ ༩ ནས་ ༡༡ བར།
    ཚོགས་ཡུལ། ཝཱར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་།
    གཙོ་སྐྱོང་བ། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་འབུམ་རམས་པའི་སློབ་མ་མཁན་པོ་ངག་དབང་ཚུལ་ཁྲིམས།
    ལྦཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པའི་སློབ་མ་དང་ལོ་རྒྱུས་དགེ་རྒན་འཇམ་དབྱངས་དོན་གྲུབ།
    བརྗོད་གཞི། རཱ་བཤད་དོན་རྐྱེན་ལས་འཕྲིས་ཏེ་སྲིད་བཤད་སྒྲ་དབང་ཕྱུག་རྒྱལ་པོས་བལ་ཡུལ་གྱི་བློན་ཆེན་འཇང་སྦ་ཐུར་ལ་དམག་རོགས་ཞུས་པའི་སྐོར།
    ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཞོན་པ་ཡེ་ཤེས་བསམ་གྲུབ།
    བརྗོད་གཞི། གཞུང་ས་དགའ་སྡན་ཕོ་བྲང་ཆེན་པོའི་བཀའ་བློན་གནང་མྱོང་བའི་མདོ་མཁར་ཁྱིམ་རྒྱུད་ཀྱི་མི་སྣ་ཁག་ཅིག་གི་ལོ་རྒྱུས་འཚོལ་ཞིབ།
    ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནས་བོད་ཀྱི་རྩིམ་རིག་ཐོག་གཙུག་ལག་རབ་འབྱམས་པ་བསླབ་པ་མཐར་སོན་པ་རྟའུ་བསྟན་འཛིན་རྣམ་རྒྱལ།
    བརྗོད་གཞི། ༡༩༣༡་ལོའི་བཀའ་ཤོག་ལས་ཡུན་ཧྲན་ལ་ལྟ་བ།

КОМЕНТАРІ •