དབུས་པ་གྲོད་པོ་ཆེའི་རྣམ་ཐར།👇 ཚན་པ་༡༽ གསུང་མཁན་དགེ་རྒན་གུར་མགོན་སྐྱབས།

Поділитися
Вставка
  • Опубліковано 7 лип 2024
  • དབུས་པ་གྲོད་པོ་ཆེ་ནི། བླ་ཆེན་འབྲོག་མིའི་སློབ་མ་གྲུབ་ཐོབ་ཕོ་གསུམ་ལས་གཅིག འཕན་ཡུལ་ནས་ཡ་བོ་བཀྲ་ཤིས་སེང་གེ་ཟེར་བ། མི་ཡ་མེད་བརྒྱ་ཕྲག་མང་པོའི་འགོ་པ་བྱས་ནས་ཨར་ཇག་རྐུ་འཕྲོག་ཁོ་ནར་བྱེད་པའི་རྩལ་པོ་ཆེ་བློ་རྔམས་ཅན་ཞིག་ཡིན་པ་ལ། སྐབས་ཤིག་ཁོ་རང་གི་སྲིང་མོ་ལོ་ཉི་ཤུ་ལོན་པ་ཞིག་ཡོད་པ་དེ་དང་འདུས་པས་དེ་སྦྲུམ་པར་གྱུར། དེར་རང་གི་ཀུན་སྤྱོད་ཐམས་ཅད་ལ་ཡིད་ཕྱུང་ནས། ཁོང་རང་ལ་བག་མ་བཟང་མོ་གཅིག་ཡོད་པ་བཅོམ་པའི་གཡུ་ལྕག་གནང་ཆེན་ཞིག་ཡོད་པ་སོགས་ནོར་འདྲ་ཁྱེར་ནས་བུད་ཕྱིན་པས་ཆུ་ཤུལ་གྱི་འཁྲིས་ཀྱི་དགོན་ཆུང་ཞིག་ཏུ་སླེབས། དེར་ཡོད་སྒོམ་ཆེན་པ་ན་རེ། ཁྱོད་དམུ་རྒོད་མི་བྱེད་དགུ་བྱེད་ཅིག་ཡིན་ཤས་སུ་འདུག།ཁྱོད་ཀྱི་བྱེད་ལུགས་དེས་འགྲོ་ས་དམྱལ་བ་མིན་པ་མེད། དེ་བས་ཁྱོད་རང་མང་མཁར་མུ་གུ་ལུང་བྱ་བ་ན་རྗེ་འབྲོག་མི་བྱ་བའི་མི་ལས་སངས་རྒྱས་ཆོས་ཤེས་པ་གཅིག་ཡོད་འདུག་པས་དེའི་རྩར་ཕྱིན་པ་དྲག་གམ་ཟེར་བ་ན། བླ་ཆེན་གྱི་མཚན་ཐོས་པས་རེ་ཞིག་བརྒྱལ། དེ་སངས་ནས་འཁོར་གསུམ་སོགས་ཁྱེར་ཏེ་བྱོན་པས་སིམ་མ་ལ་ཁར་ལ། སྟོད་པའི་ཚོང་པ་མང་པོ་ལོག་འགྲོ་བ་དང་ཕྲད་ནས་བསྡོངས་ཏེ་བྱོན། རིམ་གྱིས་མུ་གུ་ལུང་དུ་སླེབས། གཡུ་སྤྱད་ནོར་སོགས་མང་པོ་ཕུལ། གདམས་ངག་ཀྱང་ཅི་རིགས་པ་གནང་། ཡུམ་ལ་ཁོང་ལ་ལྟོ་དུས་གསུམ་ལ་རྩམ་པ་བྲེ་དོ་རེ། ཤ་གཟུག་རེ། ཆང་བྲེ་གང་རེ་རྣམས་བྱིན་གསུངས། ལན་ཅིག་བླ་ཆེན་ལ་ཚོགས་འཁོར་ཞུ་བ་ཞིག་གིས་རྩམ་པ་ཁལ་གཅིག་གི་ཤོས། ཤ་ཕྱེད་གཅིག། ཆང་བུམ་གཅིག་རྣམས་སྐུ་སྐལ་ལ་འདུག་པས། ཁོང་ལ་ཚང་མ་གནང་བ་ཚོགས་གྲལ་དེ་ཉིད་དུ་ཡུད་ཀྱིས་བཞེས་པས། བླ་ཆེན་གྱི་ཞལ་ནས་སྔར་གྱི་དེས་ཁོང་འགྲངས་པའི་ཚད་མིན་པར་འདུག་པས། དེ་དག་སུམ་ལྡན་དུ་བྱིན་གསུངས། ཡང་རེ་ཞིག་གི་ཚེ་བླ་ཆེན་མང་མཁར་མདའ་ཕྱོགས་སུ་ཆོས་འཁོར་ཞིག་ལ་སྤྱན་འདྲེན་བྱུང་བ་ན། དེ་རིང་ཁྱོད་རང་ཡང་སྐྱོ་བསངས་ལ་འགྲོ། འཁོར་གསུམ་སོགས་རྒྱན་ཆ་རྣམས་ཐོགས་ཤིག་གསུངས་ནས་ཕྱག་ཕྱིར་ཁྲིད། དེར་འདུས་པའི་གཞོན་པ་རྣམས་དང་རྩལ་འགྲན་བྱས་པས། ཁོང་གིས་མདའ་སྦོམ་པོ་འཕངས་པ་ལ། གཞན་ཚོའི་རྒྱང་མདའ་རྒྱགས་ཐེངས་ལྔ་ལྔས་སྙོགས་པ་སོགས་དང་། ཡང་ཐག་པ་བཟང་པོ་ཉི་ཤུ་རྩ་ལྔའི་རྩེ་མོ་ཁོང་གིས་བཟུང་། ཐག་པ་རེ་རེ་ལ་གཞོན་པ་ཉི་ཤུ་རྩ་ལྔས་འཇུས་ཏེ་གྱད་འགྲན་པས། ཁོང་གིས་འཐེན་ཐེངས་གཅིག་ལ་གཞོན་པ་དེ་དག་གི་ལག་ནས་ཐག་པ་འཕྲོགས་ཏེ་ནམ་མཁའ་ལ་བསྐོར་ཞིང་། མང་མཁར་གྲགས་པའི་གྱད་ཆེ་ཡིན། །བླ་ཆེན་འདེགས་པའི་ཀ་ཆེན་ཡིན། །མཛེས་ལྡན་འོད་ཆགས་གཅེས་ཕྲུག་ཡིན། །སྒོམ་ཆེན་རྣམས་ཀྱི་བསྟན་སྲུང་ཡིན། །ཟེར་གླུ་ལེན་པ་སོགས་མཛད་པས་མི་ཐམས་ཅད་ཧ་ལས། བླ་ཆེན་གྱིས་གྱད་བྲན་དུ་བཀོལ་འདུག་ཟེར་ཁྲོམ་ཐོག་ཆོད། རྣམ་འགྱུར་དེ་དག་འཁྲུལ་འཁོར་ལྟར་བུར་སོང་ནས་རྩ་མདུད་མང་པོ་གྲོལ་ཏེ་ཏིང་ངེ་འཛིན་ལ་བོགས་ཆེན་པོ་ཐོན། ཡ་གིར་སླེབས་མ་ཐག་རྫུ་འཕྲུལ་དང་མངོན་ཤེས་དུ་མ་ཐོབ་པས་དཔལ་གྱི་རི་ལ་འཕུར་ནས་སོང་། ད་ལྟའང་ལུས་མ་སྤངས་པར་བཞུགས་པ་ཡིན་གསུངས་སོ། ། ཞེས་མཁྱེན་བརྩེ་དབང་ཕྱུག་གི་ལམ་འབྲས་ཁོག་ཕུབ་ཀྱི་རྣམ་བཤད་ལས་སོ། །

КОМЕНТАРІ •