100th Birthday of Löpon Tenzin Namdak Rinpoche, Sang by Sonam Topden བརྒྱ་སྟོན་ལ་ཕུལ་བའི་མཆོད་དབྱངས།
Вставка
- Опубліковано 10 лют 2025
- བརྒྱ་སྟོན་ལ་ཕུལ་བའི་མཆོད་དབྱངས།
་་་་་་་་་་་་་ཚིག་རླུང་གྲོགས།
་་་་་་གཞས་པ་བསོད་ནམས་སྟོབས་ལྡན།
་་་་་་་་དབྱངས་བསོད་ནམས་སྟོབས་ལྡན།
ཞྭ་དཀར་རིང་ལུགས་འཛིན་པའི་ཡབ་ཆེན།།
ཚེ་ལོ་བརྒྱ་ཡི་རྒྱལ་མཚན་འཛིན་པའི།
ཚེ་ཡི་རིག་འཛིན་ཆེན་པོ་དངོས་བྱོན།།
རྒྱལ་བ་སྨན་རི་ཚང་གི་ཡོངས་འཛིན།།
སྐུ་ཚེ་ཧྲིལ་པོར་རྒྱལ་བསྟན་དོན་དུ།།
གཅེས་པའི་ཚེ་སྲོག་ཕངས་མེད་མཛད་ནས།།
རྒྱལ་གཤེན་བསྟན་པ་བླ་རུ་འདེགས་པའི།།
གསང་གསུམ་བོན་གྱི་མཛོད་འཛིན་ཆེན་མོ།།
ཁྱེད་བཞུགས་པས། ཞྭ་དཀར་ཚོ། དབུ་འཕང་མཐོ།
བླ་མ་ལགས། དགུང་གི་ཉི་མ། ཁྱེད་བཀའ་དྲིན་ཆེ།
ཞབས་ཀྱི་གོམ་པ་རེ་རེའི་རྗེས་ལ།།
གསེར་སྲང་སྟོང་ཕྲག་ལས་ཀྱང་ལྷག་པའི།།
རླབས་ཆེན་སྐུ་ཡི་མཛད་བཟང་རེ་རེ།།
གངས་རིའི་མདུན་རྒྱབ་ཀུན་ལ་བཞག་ཡོད།།
བོན་འབངས་ཡོངས་ཀྱི་དད་པའི་ལྷ་སྐལ།།
སྐྱབས་རྗེ་སྨྲ་དབང་ཡོངས་འཛིན་ཆེན་མོའི།།
དགུང་གྲངས་བརྒྱ་ཡི་བརྒྱ་སྟོན་ཚེས་སོང་།།
དད་ལྡན་ཀུན་ལ་དགའ་སྐྱིད་འཛོམས་སོང་།།
ཁྱེད་བཞུགས་པས། ཞྭ་དཀར་ཚོ། དབུ་འཕང་མཐོ།
བླ་མ་ལགས། དགུང་གི་ཉི་མ། ཁྱེད་བཀའ་དྲིན་ཆེ།