བྱང་གཞས། སྟག་ལུང་ཅེ་ཅེ་པདྨ། Jangshe: Taklung Cheche Pema.

Поділитися
Вставка
  • Опубліковано 12 вер 2024
  • ད་རེས་འདི་ནས་ཁོ་བོས་གཙང་སྟོད་ཁུལ་དུ་དར་ཁྱབ་ཤིན་ཏུ་ཆེ་བའི་སྒྲ་སྙན་ཞབས་བྲོ་༼སྟག་ལུང་ཅེ་ཅེ་པདྨ་༽ཞེས་པ་འདི་འགོད་སྤེལ་ཞུ་རྒྱུ་ཡིན། གཞས་འདི་ནི་ངག་ནས་ལེན་དུས་ཅུང་དལ་ལ་ཞབས་བྲོའི་སྟངས་སྟབས་བདེ་བ། དམིགས་བསལ་གཞས་ཀྱི་གདངས་དང་སྒྲ་སྙན་གྱི་སྒྲ་གཉིས་ཧ་ཅང་འགྲིགས་ཆགས་པ་ཞིག་ཡིན་པས། ཉན་ན་སྙན་ཅོག་བདེ་བ། གཟིགས་ན་སྤྱན་ལ་བདེ་བ། འཁྲབ་ན་སུས་ཀྱང་ཤེས་པ་ཞིག་ཡིན་ཙ་ན་རྒྱ་ཆེའི་ཐུགས་སྣང་ཅན་ཚོས་དོ་ཁུར་གནང་བར་དགའ་བསུ་ཞུ། །
    འོག་ཏུ་གཞས་ཀྱི་ཚིག་རེ་འགའ་ཞིག་ཡུལ་སྐད་ཀྱི་འགྲོས་ཆེ་བས། གུག་ཆེན་ནང་དེའི་དོན་དང་། དེ་བཞིན་ཡུལ་མིང་དང་དགོན་མིང་ཡང་གུག་ཆེན་ནང་བཀོད་ཡོད་པས། ཐུགས་སྣང་མཛོད།
    སྟག་ལུང་ཅེ་ཅེ་པདྨ།
    སྟག་ལུང་ཅེ་ཅེ་པདྨ། །
    (སོའོ་) ཁྲུང་ལ་ཡས་ཀ་༼ཡས་སྒྲོན་༽ བསྐྱོན་དང་། །
    བི་ཚའི་ (གཞོན་པ་) བསྟན་འཛིན་རྒྱལ་ལགས། །
    གསུམ་འབྲེལ་མཉེས་ཏག་གནང་དང་། །
    ཤ་ཟུར་ ༼ཤ་ལ་ཟུག་༽ བསམས་ནས་མ་ཡོང་། །
    (སོའོ་) མཛེས་པ་ ༼མཛེས་པ་དགོན་༽ བསམས་ནས་ཡོང་ཡོད། །
    མཛེས་པའི་སངས་རྒྱས་ཁོང་གི །
    བྱབས་ཁྲུས་བསམས་ནས་ཡོང་ཡོད། །
    ཡར་ལ་མཇལ་དར་ཕུལ་ནས། །
    (སོའོ་) མར་ལ་མཇལ་མདུད་གནང་བྱུང་། །
    ཚེ་ལོ་བརྒྱ་ཕྲག་ཐུབ་པའི། །
    ཚེ་དབང་ཚེ་མདུད་གནང་བྱུང་། །

КОМЕНТАРІ • 19

  • @yeshigyaltsen7329
    @yeshigyaltsen7329 27 днів тому +2

    སྟག་ལུང་མ་རེད་རྟ་ལུང་རེ་རྟ་ལུང་ཞེས་པ་མང་མཁར་ཡུལ་ལུང་གི་གྲོང་སྡེ་ཞིག་གི་མིང་རེད་དེ་དང་ཤར་ཟུར་དང་མཛེས་པ་སོགས་ཐག་ཉེ་བོ་ཡོད་

  • @NgawangSoedron
    @NgawangSoedron 20 днів тому

    Wooow❤

  • @ndolkar3669
    @ndolkar3669 25 днів тому

    དཔེ་ཡག་པོ་འདུག👍👍👍👍

  • @GyatsoGyatso-sv9er
    @GyatsoGyatso-sv9er 19 днів тому

    Very nice.

  • @karmayangchen7281
    @karmayangchen7281 27 днів тому

    👍👍👍

  • @kunchokdolma9530
    @kunchokdolma9530 27 днів тому

    🎉🎉🎉🎉

  • @tsering906
    @tsering906 27 днів тому +1

    བི་ཚ་མ་རེད བུ་ཚ་རེད བུ་ཆུང་ཚ་བོ་ཞེས་པའི་བསྡུས་མིང་རེད།

  • @DawaTashi-v3j
    @DawaTashi-v3j 27 днів тому +1

    ཧ་ལས་པ་རེད་འདུག་་་སྒྱུ་རྩལ་གྱི་ཕ་ས་རང་རེད་འདུག

  • @tseringsangmo-go3yw
    @tseringsangmo-go3yw 27 днів тому

    Wow

  • @tseringrichoe363
    @tseringrichoe363 27 днів тому

    🎉

  • @thuptenrinchen843
    @thuptenrinchen843 27 днів тому

    ཕ་ཡུལ་དྲན་བཅུག་སོང་།❤

  • @sangyalnyima3051
    @sangyalnyima3051 27 днів тому

    དཔེ་ཡག་འདུག་

  • @ngawangtendon7458
    @ngawangtendon7458 27 днів тому

    ❤👍👌

  • @TashiPhuntsok-s7z
    @TashiPhuntsok-s7z 19 днів тому

    Genuine traditional tsangtoe Dance

  • @bhuchungla3474
    @bhuchungla3474 27 днів тому

    དཔེ་ཡག་པོ།

  • @yeshigyaltsen7329
    @yeshigyaltsen7329 27 днів тому

    དཔེ་ཡག་པོ་འདུག་མནའ་ཉམས་ལྡན་ལ་སྒྲ་སྙན་ཡག་པ་

  • @Choe-don-2888
    @Choe-don-2888 27 днів тому

    👌👌👌

  • @kunsangdolma3803
    @kunsangdolma3803 25 днів тому

    👍👍👍👍

  • @TseringWangmo-w7n
    @TseringWangmo-w7n 27 днів тому