(བདུད་འཇོམས་རིན་པོ་ཆེ།) བར་དོ་དྲུག་གི་ཁྲིད། The six bardos part 1/3
Вставка
- Опубліковано 9 лют 2025
- བར་དོ་རྣམ་པ་དྲུག་ནི།
སྐྱེ་གནས་བར་དོ། སྐྱེ་ནས་དབུགས་མ་ཆད་པར་ལ་སྐྱེ་གནས་བར་དོ་ཟེར། ཕྱི་རྒྱང་ལེ་ལོ་བྱས་ན་རང་ཉིད་ལ་གྱོང་རག་པ་ལས་གཞན་སུ་ལའང་གྱོང་རག་གི་མ་རེད།
རྨི་ལམ་བར་དོ། འགོ་གཉིད་ཁུག་ནས་གཉིད་མ་སད་པར་གཉིད་ཀྱི་བར་དོ་ཟེར། དབང་པོ་ལྔའི་བྱེད་ལས་གནས་སྐབས་མི་མངོན་པར་བྱས་ནས་སེམས་ཀུན་གཞི་ལ་བདུ་བསྡད་ཡོད་པ་དེ་རེད།
བསམ་གཏན་གྱི་བར་དོ། སེམས་མཉམ་པར་བཞག་པ་ནས་མཉམ་བཞག་དེ་ལས་སྡང་བར་ལ་བསམ་གཏན་གྱི་བར་དོ་ཟེར།
སྡུག་བསྔལ་གྱི་བར་དོ། ནད་ཀྱི་ཤིན་ཏུ་མནར་ནས་མ་ཤི་སྔོན་གྱི་སེམས་དང་ལས་ཀ་དེ་ལ་སྡུག་བསྔལ་གྱི་བར་དོ་ཟེར། འཇིག་རྟེན་ནང་དོན་ཆེན་པོའི་ལས་ཀ་མང་པོ་བྱེད་རྒྱུ་ཡོད་ལ། དེའི་དོན་དག་ཆེ་ཤོས་ཤི་ཡ་རེད།
ཤི་ཁ་བར་དོ། ལུས་སེམས་རྟེན་བརྟེན་པའི་འབྲེལ་བ་བྲལ་བ་ལ་ཤི་ཁའི་བར་དོ་ཟེར། ཕྱི་དབུགས་ནང་དབུགས་ཆད། ནང་དབུགས་ཆད་ནས་རྣམ་ཤེས་ལུས་ནས་འཐོན་པ་ལ་འཆི་བ་ཟེར། ཤི་དུས་བསྒྲུབ་དགོས་པའི་ལས་ཀ།
བར་དོ་དྲུག་ནི།
1 ) སྐྱེ་གནས་བར་དོ།
2 ) རྨི་ལམ་བར་དོ།
3 ) བསམ་གཏན་བར་དོ།
4 ) སྡུག་བསྔལ་བར་དོ།
5 ) ཤི་ཁ་བར་དོ།
6 ) སྲིད་པ་བར་དོ།
The six bardos,
1) སྐྱེ་གནས་ཀྱི་བར་དོ the bardo of the place of birth
2) རྨི་ལམ་གྱི་བར་དོ of dream,
3) བསམ་གཏན་གྱི་བར་དོ of meditation,
4) འཆི་ཁའི་བར་དོ of the moment of death,
5) ཆོས་ཉིད་ཀྱི་བར་དོ of dharmata,
6) སྲིད་པའི་བར་དོ of becoming.
Thank you waching this videos.